Skip to main content Skip to search
25 Jan 2016
7 min 20 sec
Video Overview
Creators: 
Yeshi Wangchuk, Dorji Nima

Ngedup Lhamo from Kagtong village talks about cotton cultivation and taxation in the past. According to her, villagers used to cultivate cotton for thread, and were required to provide government taxes related to cotton production. The cotton taxes point to the fact that Zhemgang was once a top cotton producer in the country. Seldon says that women would stay alone at home for long periods of time while their husbands were away working to pay labor taxes. She also mentions the dye and cloth taxes they paid. She says that sometimes women would have stay up all night in order to finish weaving cloths that were required as taxes.

 

གཞལམ་སྒང་རྫོང་ཁག་ བཀཀ་སྟོང་གཡུས་ཚན་ལས་ ཨང་རྒས་ཅིག་གིས་ དང་ཕུགས་ ཀ་བལ་འཛུགས་སྐྱོང་གི་ ལཱ ཱ་ག་དེ་སྦེ་ར་འབད་དོ་ཡོདཔ་ཨིན་ནིའི་སྐོར་ལས་ བཤད་པའི་སྐབས་ མོ་གིས་འབད་བ་ཅིན་ གཡུས་ཁའི་མི་ཆ་མཉམ་གྱིས་ སྐུདཔ་གི་དོན་ལུ་ ཀ་བལ་གནམ་མེད་ས་མེད་ རྒྱ་ཆེ་ཏོག་ཏོ་སྦེ་ར་ འཛུགས་སྐྱོང་འབད་དོ་ཡོདཔ་མ་ཚད་ གཞུང་ལུ་ ཀ་བལ་གྱི་ཁྲལ་ཡང་བཏབ་ཡོདཔ་ལས་ གཞལམ་སྒང་གི་ མི་སེར་ཚུ་ རྒྱལ་ཁབ་ནང་ ཀ་བལ་སྟོན་མི་ དྲགས་ཤོས་ཅིག་ཨིན་པའི་ བརྡ་མཚོན་སྟོན་ཡོདཔ་ཨིན་པས། ཁྲལ་བཏབ་ལུགས་ཀྱི་སྐོར་ལས་ བཤདཔ་པའི་སྐབས་ མོ་གིས་ སླབ་མི་ནང་ རྨགཔ་ཚུ་ཕྱི་ཁར་ འུར་ལཱ་འབད་བ་འགྱོ་བའི་སྐབས་ ཨམ་སྲུ་ཕུད་རྡོག་ཅིག་སྦེ་ ཁྱིམ་ནང་ ཡུན་རིངམ་སྦེ་ ག་དེ་སྦེ་སྡོད་དགོ་ཟེར་ཨིན་པས། ད་རུང་ མོ་གིས་ ཨམ་སྲུ་ཚུ་ ཚོས་དང་ གོ་ལའི་ ཁྲལ་བཏབ་ནིའི་དོན་ལུ་ ཕྱི་རུ་ཞག་མ་ཉལ་བར་ ཐགས་འཐག་ནི་ ག་དེ་སྦེ་མཇུག་དགོ་པའི་སྐོར་ལས་ཡང་ སླབ་ཨིན་པས

 

Transcript search
No results found for this search
0 of 0
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཀ་བལ་ཨ་ནཱི་ ཧེ་མ་རང་རྩེ་རི་བརྫམ་ཏེ་ དེ་ལས་ ཀ་བལ་གྱི་སོན་བཏབ་ནི་ དེ་ལས་ ཀ་བལ་གྱི་ཞིང་གཡུར་མ་རྐྱབ་ནི་ ཚར་གཉིས་གཉིས་གཡུར་མ་རྐྱབ་དགོ་ཀ་བལ་གྱི་ཞིང་།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དེ་ལས་ ཀ་བལ་རྡོག་མ་བཏགསཔ་ད་ ཚར་གཅིག་གཡུར་མ་རྐྱབ་དགོ་པས་མེན་ན་ཞིང་ དེ་ལས་ གས་པའི་སྐབས་ ཚར་གཉིས་ཕོག་པས་ ཅག་པ་གི་མིལང་མ་ཟེར་ ཚར་གཅིག་བརྔ་དགོ་པས་ ཡོངས་རྫོགས་ཟེར་ ཚར་གཅིག་བརྔ་དགོ་པས།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དེ་ལས་ ང་བཅས་ར་ཁྲལ་དང་ ཡོག་ཚད་འདྲཝ་བཏོནམ་ད་ལུནི་ སྐམ་ཏེ་ སི་པར་(མཁརཝ་ཕྱི་སི་སི་) གི་བླུགས་ཏེ་ དེ་ལས་ ཀེརེ་ཏེག་པ་ནང་བཙུགས་དགོ་ དེ་ལས་ ཕུང་དགོ་ དེ་ལས་ ཕུང་ཞིན་ན་ ཕངས་ཀྱི་སྦེ་འཁལ་ཏེ་ དེ་ལས་ ཇིན་དང་གུ་དཀྱི་སྟེ་ དེ་ལས་ རྩི་བཏང་དགོ་ སྐུདཔ་དཀྱི་ཞིན་ན་རྩི་རྐྱབ་དགོ
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དེ་ལས་ བྱན་ཏེ་ འཐག་དགོ་ཏེ་ ནུབ་མོ་ཞག་གཅིག་ཉལ་ནི་རང་མི་ཐོབ་ ཨ་ནཱི་སྤྲོད་ཐགས་ལོ་ ངོ་ལང་སྒར་པ་ཚུ་འོང་དེས་མེན་ན་ ངོ་ལང་གི་ག་ཅི་ཨིན་ན་ཕོག་མས་ལོ་ཟེར་ གནམ་མེད་ས་མེད་འབད་འོང་དང་ཕུ་འདི་ ཁྱིམ་ནང་ག་ཡང་མེད་རུང་རྩིགཔ་ཟ་འོང་།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཁྱིམ་ནང་ང་བཅས་ཨམ་སྲུ་རྐྱངམ་ཅིག་སྡོད་འོང་ རྨགཔ་ཚུནི་ག་ཏེ་གུ་ཏེ་འགྱོ་སྡོད་འོང་ འུར་ལཱ་རྒྱུག་པར་འགྱོ་འོང་ཐག་རིང་སར་ ང་བཅས་ཁྱིམ་ནང་ ཨ་ལོ་གསར་སྐྱེས་ཡོད་རུང་མི་བཞག
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  འུར་ལཱ་ནང་ཐོན་དང་ཐོན་ དོ་འབག་སྟེ་ཐོན་ཟེར་ སླབ་འོང་ང་བཅས་ལུ་དང་ཕུ་ དེ་བཟུམ་ཅིག་སྡོད་ཡི་ དེ་བསྒང་ དེ་འབདཝ་ད་ དགའ་བ་དགའ་སྐྱོ་མེད་པར་ འགྱོ་དགོ་ཏེ་དོ་འབག་པར་ ཁྱིམ་ནང་ཨ་ལོ་ཆུང་ཀུ་བཞག་སྟེ།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དེ་བཟུམ་ཅིག་སྡོད་ཡི་དང་ཕུའི་དཔོན་ཡང་ཨ་ཙི་ཅིག་ ད་ལྟོ་འདི་བཀའ་དྲིན་རང་ཆེ་ཡི་ ང་བཅས་དལཝ་སྡོད་ནི་ཐོབ་མས་ (Speaker Laughs)
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ད་ཀ་བལ་རང་ཡང་གྱོན་ནི་ཐོབ་ག་ལགས?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  རང་ཡང་གྱོན་ནི།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ག་ར་ཡར་ཁྲལ་སྦེ་མི་ཕུལ་འོང་ལགས?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཁྲལ་ཕུལ་ཚར་ཏེ་ རང་གྱོན་ནི་ ཀ་བལ་ཤིར་གསུམ་གསུམ་གྱི་ མོ་གོ་འབུབ་རེ་ལངས་འོང་ དེ་ལས་ ཚོས་ལཱ་འགྱུར་ དམརཔོ་དབུར་ གནགཔོ་དབུར་ སང་རྒྱ་འོང་ ད་རུང་ སང་རྒྱ་སྒར་པ་ཟེར་འོང་།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  སང་རྒྱ་ཕུལ་ནི་ ཨ་ནཱི་སང་རྒྱ་རུལ་རུལཝ་བཟོ་དགོ་ རུལ་རུལཝ་བཟོ་སྟེ་ སྐུདཔ་བཙུགས་ཞིན་ན་ ཞག་གསུམ་གསུམ་བཞག་འོང་།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དེ་ལས་ གནགཔོ་བཟོ་འོང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  སང་རྒྱ་གི་འབད་བ་ཅིན་ཚོས་གཞི་ག་ཅི་བཟུམ་ཅིག་ཐོན་འོང་ག་ལགས?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  གནགཔོ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  གནགཔོ?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  གནགཔོ་ཐོན་འོང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དམརཔོ་འདི་ག་ཅི་གི་བཟོཝ་སྨོ?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དམརཔོ་འདི་ ང་བཅས་ར་ལའི་རྣམ་ཟེར་ འབག་འོང་ནི་སྡོད་ཅི་མེན་ན་རྒྱ་གར་ལས་ ལཱའི་རྣམ་དབུར་འོང་ དེ་ལས་ བཙོད་སྒར་པ་ཟེར་ཡང་འོང་ནི་སྡོད་ཅི་ བཙོད་ཡང་དབུར་འོང་།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  བཙོད་བཏོག་སྟེ་ བཙོ་ཞིན་ན་ ཨ་ནཱི་ཁར་སྐུདཔ་བཙུགས་ཏེ་ བཙོ་ནི་སྡོད་ཅི་ དེ་ལས་ པྲཱག་བཙོད་ཟེར་དགོ་པས་ དེ་ལས་ པྲཱག་བཙོད་བཙུགས་འོང་ པྲཱག་བཙོད་བཙགས་པའི་ཟེར་བཙགས་ཏེ།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  སྐུདཔ་ཁ་མི་ཕྱེ་ནིའི་དོན་ལུ་ པྲཱག་བཙོད་འདི་ ད་ལྟོ་ཡང་ཡོད་མེན་ན་ དང་ཕུ་གནམ་མེད་ས་མེད་དཀའཝ་སྤྱད་སྤྱདཔ་ཨིན་ཏེ་ དེ་ལས་ ནུབ་མོ་ཞག་གཅིག་ཀ་བལ་ཕུང་ ད་མེན་དཀྱི་དེ་ལས་འཁལ་ དཀྱི་ རྩི་འབད་ དེ་ལས་ བྱན་ཏེ་འཐག་དགོ་མེན་ན།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ནུབ་མོ་གཅིག་ཉལ་ནི་མི་ཐོབ་ ནོར་ཁལ་སྦེ་ཡོད་རུང་ ཡོག་ཚད་བྱང་རེ་རེ་ཤོར་འོང་འཐག་སྟེ་ ཀ་བལ་གྱི་སྐུདཔ་བཏོན་ཏེ་འཐག་སྟེ་ དཀའཝ་རང་སྤྱད་ནི་སྡོད་ཅི་ མ་ཐོབ་པ་ཅིན་ད་ལྟོ་རང་འབག་ཤོག་ཟེར།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  འ་ནེམ་ཅིག་ཁར་འབག་ཤོག་ འ་ནི་སྦེ་འབག་ཤོག་ཟེར་ སླབ་ནི་སྡོད་ཅི།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དཔྱ་ག་དེམ་ཅིག་གི་བརྩི་ཁྲལ་ཕུལ་དགོ་ག་ལགས? ཀ་བལ་འབད་བ་ཅིན་ད་དཔྱ་འབད་བ་ཅིན།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཀ་བལ་ངོ་ལང་ ཀ་བལ་དོ་རེ་རེ་ཕུལ་དགོཔ་སྡོད་ཅི་ལགས་ སྤྲོད་ཐགས་བྱང་ཐང་རེ་རེ་ དེ་ལས་ བ་ཅན་མ་ལོ་ཟེར་ བ་ཅན་མ་འཐག་ནི་སྡོད་ཅི་རོགས་ ཨ་ནཱི་བ་ཅན་མ་འདི་ ཁྲལ་པ་ཚུ་གིས་འཐག་ནི་སྡོད་ཅི།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དེ་ལས་ སྤྲོད་ཐགས་ང་བཅས་མཁོ་ཆེ་ཚུ་ ཁྲལ་འཐག་འོང་ ཁྲལ་རིངམོ་དང་སྦོམ་སྦེ་འཐག་ནི་སྡོད་ཅི་ མཐའམ་གཡས་པ་ལས་དམརཔོ་སྦེ་བྱན་ཏེ་ དེ་སྦེ་འཐག་ནི་སྡོད་ཅི་ ཁྲ་གསུམ་པ་འཐག་ནི་སྡོད་ཅི་ ཁོང་གི་འཐག་ནི་སྡོད་ཅི་འདི་དེ།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  སྤྲོད་ཐགས་ཁྲ་གསུམ་པ་མཐའམ་གཡས་པ་ལས་ དམརཔོ་སྒོར་ཏེ་འཐག་ནི་སྡོད་ཅི།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ད་བསྐྱེལ་བར་འདི་ ད་སྐྱེལ་བར་ཡང་ཡར་རང་འབག་དགོ་ག་ ག་དེ་སྦེ་སྨོ?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  སྐྱེལ་བར་འབག་དགོ་ཡར་རང་ ཁོང་(མོ་རའི་རྨགཔ་ལུ་མཛུབ་མོ་དཔག་སྟེ་) གིས་ཡང་འབག་ཡི་ཏེ་ཧ་ལམ་ ཁོང་ཕོ་སྐྱེས་ཚུ་ ཁྱིམ་ནང་སྡོད་ནི་རང་མི་ཐོབ་ ཡར་འགྱོ་དགོ་གཞལམ་སྒང་ལུ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དེ་ལས་ གཞན་ད་རུང་ད་ ཀ་བལ་མེན་པའི་ཁྲལ་གཞན་ག་ཅི་དང་ག་ཅི་ར་ ཕུལ་དགོ་ག་ལགས་དང་ཕུ?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཀ་བལ་ དེ་ལས་ ཀ་བལ་གྱི་སྤྲོད་ཐགས་དང་ བ་ཅན་མ་ ཁྲལ་ངོ་ལང་ཀ་བལ་ ཀ་བལ་ངོ་མ་རང་ཕུལ་དགོ་ནི་སྡོད་ཅི།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  སྤྲོད་ཐགས་ཟེར་ ག་ཅི་བཟུམ་ཅི་ཨིན་ན་ལགས?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཨིན་ཨ་ནཱི་ཁྲ་གསུམ་པ་འཐག་ནི་སྡོད་ཅི་ སྤྲོད་ཐགས་ཟེར་ ཁྲ་གསུམ་པ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  སྐུདཔ་འབད་བ་ཅིན་ག་ཅི་བཟུམ་ཅི་སྨོ?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  སྐུདཔ་འདི་ང་བཅས་རའི་ ཀ་བལ་གྱི་སྐུདཔ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཀ་བལ་གྱི་སྐུདཔ་རང་?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཀ་བལ་གྱི་སྐུདཔ་བཏོན་ཏེ་རང་འཐག་འོང།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  འེང་་་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དེ་ལས་ད་རུང་ཡོད་ག་ལགས་ ཀ་བལ་གྱི་སྐོར་ལས་ལོ་རྒྱུས་འདྲཝ?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  མོ་གོ་འཐག་པ་ཅིན་ ཚིར་གསུམ་གསུམ་ལང་ནི་སྡོད་ཅི་ ཕོ་གོ་འཐག་པ་ཅིན་ ཚིར་བཞི་བཞི་ལང་ནི་སྡོད་ཅི་དང་ཕུ་ཀ་བལ།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཚིར་ཟེར་ག་དེ་སྦེ་བརྩི་ནི་སྨོ?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ང་བཅས་ར་འཇལ་ནི་སྡོད་ཅི་མེན་ན་ ཚིར་ཟེར་སྡོད་ཅི་ དེ་སྦེ་འཇལ་ནི་ དེ་སྦེ་འཇལ་ཏེ་འཐག་ནི་སྡོད་ཅི།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དེ་ལས་ འབུ་ཚང་འཐེན་པ་ཅིན་ འབུ་ཚང་(ཀ་བོ་)རེ་རེ་གི་ གོ་རེ་རེ་ལངས་ ཨ་ནཱི་གཡུ་ཐགས་མ་འཐག་འོང་ དཀར་རྐྱང་འབུ་ཚང་འཐེན་ཏེ་ དཀར་རྐྱང་གཡུ་ཐགས་མ། གཡུ་ཐགས་མ་འཐག་འོང་ རོགས་འབུབ་གསོ་མི་ཚུ་གིས་ ང་བཅས་ཀྱིས་འདི་ འབུབ་ཡང་མ་གསོ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  འབུ་རས་ཡང་ ཡར་ཕུལ་དགོ་ག་ལགས་? ཕུལ་མ་དགོཔ་འོང་འདི་དེ།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  འབུ་རས་འདི་མ་ཕུལ། འབུ་རས་འདི་རོགས།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  རང་གྱོན་ནི་ཨིན་ན?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཕར་ལས་ ཤར་ཕྱོགསཔ་ཚུ་གིས་ འབག་ནི་སྡོད་ཅི་ཉོ་སྟེ་ རོགས་ཕར་ལས་ཐོན་འོང་སྦ་ བཀྲིས་སྒང་པ་ཚུ་གིས་ཉོ་བར་ འབུ་རས་འཚོལ་མི་ ཀ་བལ་འཚོལ་མི་ ཕར་ལས་ཐོན་འོང་ དེ་བསྒང་འབུ་རས་ཁོང་གིས་འབག་འོང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ལགས་སོ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཀ་བལ་གྱོནམ་ད་ག་དེ་སྦེ་ བདེ་ཏོག་ཏོ་འདུག་ག་ལགས? བདེ་ཏོག་ཏོ་འོང་ག་ལགས? གྱོན་ཡི་ག་ལགས་ནཱ་ཨ་མ་ཁྱོད་ར་གིས་ཡང་།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  གྱོན་ཡི་ (speaker laughs) གྱོན་ཡི་ལགས་ ཀམ་ཐགས་མ་ཡང་ ཚོས་ལཱ་འགྱུར་ཏེ་ ཚོས་ལཱ་འགྱུར་ཏེ་གྱོན་ཡི་ མོན་ཐགས་མ་གྱོན་ཡི་ དེ་ལས་ གསེར་ཁྲ་གྱོན་ཡི།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཚེ་ག་དེ་སྦེ་འདུག་ག་ལགས་ཚེ་ཀ་བལ་གྱི།
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  ཀ་བལ་གྱི་ཚེ་འོང་ལགས་ ལེ་ཤ་ཐུབ་ལགས་ཀ་བལ་གྱི་འདི། ཐག་ཐག་འོང་ སྐུདཔ་འབདན་ཆུང་ཀུ་སྦེ་འཁལ་དགོ
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  འེང་་་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨ་ནེམ་ཅིག་ཨིན་པས་སྨོ་ལགས?
 • དངོས་གྲུབ་ལྷ་མོ་ Ngidup Lhamo
  དཔྱད་རིག་རང་མི་བཏང་པས་ དཔྱད་རིག་མ་འོང་ (speaker laughs)་་་་ བརྗེད་སོང་ནུག་ད་མེད།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ལགས་སོ།