Skip to main content Skip to search
25 Aug 2018
40 min 8 sec
Video Overview
Creators: 
Yeshi Wangchuk

Ngawang Samten of Wangdi Choling Village, located in Chamkhar Thromde (municipality) in Bumthang district, shares tales about the taxation system during the old days. He compares the difference between then and now to the difference between the earth and the sky, it is that drastic. During the old days people suffered much. One had only their feet to rely on for transport and even the leaders and kings could only ride on horseback, they did not have cars like in modern times. When the people saw kings riding their horses, they came outside and made smoke offerings. In return the king gave them a baytram (unit of currency). In those times a baytram could purchase twenty dre (a measurement equal to two kilograms rice) and was worth twenty eggs or ten big pieces of cheese. The people had to pay taxes on various products and services, including meat, wood, grass, labor, coal and grain.

 

༉  བུམ་ཐང་རྫོང་ཁག་ ལྕམ་མཁར་ཁྲོམ་སྡེ་ དབང་འདུས་ཆོས་གླིང་གཡུས་ཚན་ལས་བསམ་གཏན་གྱིས་ དང་ཕུ་ཁྲལ་ཕོག་ཐངས་ཀྱི་ལམ་ལུགས་སྐོར་ལས་བཤད་པའི་སྐབས་ ཁོ་གིས་འབད་བ་ཅིན་ དང་ཕུ་དང་ད་རེས་ཀྱི་བར་ནའི་ཁྱད་པར་འདི་ ས་དང་གནམ་བཟུམ་སྦེ་ཡར་སོང་ཡི་ ཟེར་ཨིན་མས།  དེ་བསྒང་གི་མི་སེར་ཚུ་ གནམ་མེད་ས་མེད་དཀའཝ་ཆེ་དྲག་ཨིནམ་ད་ ག་ཏེ་འགྱོ་རུང་རྐང་སྟོང་སྦེ་འགྱོཝ་མ་ཚད་ དཔོན་འདི་ཚུ་ཡང་རྟ་གུ་ཆིབས་ཏེ་འབྱོན་དགོཔ་ལས་ ད་རེས་ནངས་པར་བཟུམ་སྦེ་ སྣུམ་འཁོར་ཟེརཝ་མ་པ་ལས་མེད། དཔོན་རྟ་གུ་ཆིབས་འབྱོན་པའི་བསྒང་ལས་ ཁྱིམ་གྱི་ཕྱི་ཁར་ཐོན་ཏེ་བསང་བཏང་དགོ་ ཟེར་ཨིན་མས། དེ་བསྒང་དཔོན་གྱིས་ དེ་ཁའི་མི་ལྔ་དེ་ཅིག་ལུ་ བལ་ཀྲམ་ཟེར་ ཏི་རུ་གནང་ནི་ཡོདཔ་ད་ བལ་ཀྲམ་གཅིག་གིས་ཆུམ་ཁལ་རེ་དང་ སྒོང་རྡོག་ཕུད་རྡོག་ཁལ་གཅིག་ དེ་ལས་དར་ཚིལ་སྒོང་ཁལ་རེ་ཐོབ་ནི་ཡོདཔ་ཨིན་མས། མི་ཚུ་གིས་ ཤའི་ཁྲལ་དང་ཤིང་གི་ཁྲལ་ རྩྭའི་ཁྲལ་དང་བུང་ཁྲལ་ དེ་ལས་རྡོ་སོལ་གྱི་ཁྲལ་དང་འབྲུའི་ཁྲལ་ཟེར་ ཁྲལ་ལེ་ཤ་ཅིག་ར་བཏབ་དགོཔ་ཡོད་པའི་སྐོར་ལས་བཤདཔ་ཨིན་མས།

Transcript search
No results found for this search
0 of 0
 • ངག་དབང་བསམ་གཏན་ Ngawang Samten
  དང་ཕུ་དང་ད་རེས་ཀྱི་བར་ན་ གནམ་དང་ལག་མཐིལ་གྱི་ཁྱད་པར་ཡར་སོང་ཡི་ལགས། དང་ཕུ་འབད་བ་ཅིན་ དཔོན་འདི་ཚུ་ག་ཏེ་བྱོན་རུང་ ཆིབས་གུ་ཆིབས་ཏེ་བྱོན་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ཆིབས་གུ་བྱོནམ་ད་ དཔོན་བྱོན་དོ་ཟེརཝ་ད་ མི་གནགཔོ་(མི་སེར་)ཚུ་ ཁོང་རའི་ལམ་བདའ་སྟེ་ བསང་བཏང་པར་ཐོན་འོང་། བསང་བཏང་མི་ཐོནམ་ད་ ཕྱག་ཞུ་མི་ཚུ་ལུ་དྲི་བ་ཅིག་གསུང་ནི་ཡོད།
 • ངག་དབང་བསམ་གཏན་ Ngawang Samten
  ག་ཅི་སྦེ་ བསང་བཏང་པར་ཐོན་ཡི་གོ ག་དེ་སྦེ་སྨོ? གསོལ་འདེབས་ཞུ་ནི་ཡོདཔ་ཨིན་ན? ཟེརཝ་ད་ གསོལ་འདེབས་ཞུ་ནི་ ག་ནི་ཡང་མེད་ དཔོན་བྱོནམ་མས་ཟེར་ ཞལ་མཇལ་ནིའི་དོན་ལུ་ བསང་བཏང་པར་ཐོན་ཡི་ཟེར་ཞུཝ་ད་
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་དཔོན་གྱིས་ ཏི་རུ་བྱིན་ཤིག་ཟེར་ གསུངས་པའི་སྐབས་ལུ་ དེ་བསྒང་ཏི་རུ་ཟེར་ ཏི་རུ་མེན་པས་ མི་ ༥ འབདཝ་ད་ བོད་ཀྲམ་དཀརཔོ་རེ་རེ་གནངམ་མས། བོད་ཀྲམ་དཀརཔོ་རེ་རེ་ཐོབ་ད་ གསོལ་རས་ཐོབ་པའི་དབང་དུ་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཏི་རུ་བོད་ཀྲམ་དཀརཔོ་དེ་གིས་ དའི་་་་་ཆུམ་ཉོ་བ་ཅིན་ ཆུམ་ཁལ་(༢༠) རེ་ཐོབ་པས་ བོད་ཀྲམ་དཀརཔོ་གཅིགཔོ་གིས་ ཆུམ་ཅང་བྲེ་ཟེར་ སྦོམ་ཅིག་ཡོད་ ད་ལྟོ་འབད་བ་ཅིན་ འཇལ་ཚད་ཁར་ལོ་ཟེར་མི་བཟུམ་ཅིག
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་དེ་གིས་ ཆུམ་བྲེ་ཁལ་རེ་ཐོབ་ལགས། དེ་འབད་ནི་དེ་གིས་ དཔོན་ག་ཏེ་བྱོནམ་ཅིག་ བསང་བཏང་མི་དེ་སྦེ་ཐོན་འོང་། ད་དཔོན་འདི་ཚུ་བྱོན་རུང་ སྣུམ་འཁོར་ནང་འབད་ནི་དེ་གིས་ མཇལ་ཡང་མི་ཚུགས་པས།
 • ངག་དབང་བསམ་གཏན་ Ngawang Samten
  ཧེ་མ་འབད་བ་ཅིན་ དེ་སྦེ་ཡོད། དེ་ལས་ ཉོ་ཚོང་འདི་ཚུ་རྐྱབ་རུང་ བོད་ཀྲམ་དཀརཔོ་གཅིག་བྱིན་པ་ཅིན་ སྒོང་རྡོག་ཕུད་རྡོག་ ༢༠ བྱིན་འོང་། དར་ཚིལ་འབད་བ་ཅིན་ སྒོར་སྦོམ་འབད་མི་ ༡༠ རེ་ཐོབ། ཕོག་༼མར་གྱི་ཚད་འཇལ་ལུགས་ཅིག་༽འབད་བ་ཅིན་ ༢ དེ་རེ་ཐོབ་པས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་སྦེ་ཉོ་སྟེ་ དེ་བསྒང་ཉོ་ཚོང་རྐྱབ་རུང་ཁེ་བས། ཏི་རུ་ཡང་ དཀོན་མི་དཀོན་ཨིན་པས་ལགས། ཀུར་སྟོད་ཀྱི་མི་ཚུ་ ས་ཁྲལ་བཏབ་མ་ཚུགས་པར་ མི་ཚུ་ ཆུམ་འབག་སྟེ་ ནཱ་འོངམ་ད་ ཏི་རུ་གཉིས་རྩེགམ་གཅིག་ཐོབ་པས་ལགས།
 • ངག་དབང་བསམ་གཏན་ Ngawang Samten
  ཆུམ་དོ་གཅིག་གིས་ འ་ནཱི་ ཏི་རུ་གཅིག་ཐོབ་ད་ དགའ་སྟེ་འབད་མི་ཚུགས་པས་ཏེ་ ཀུར་སྟོདཔ་འདི་ཚུ། སྒལ་ཏོ་ཁར་འབག་སྟེ་ དྭངས་ལིང་ལ་བརྒལ་ཏེ་འབག་འོང་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ལ་ཁ་ལས་ཕར་ ལ་ལུ་ཅིག་ཆུམ་འབག་སྟེ་ རོ་ཏོང་ལ་ཁ་ལས་ཕར་དང་ རྭཝ་ཆགས་ས་ཚུ་ནང་ལྷོདཔ་ད་ ཟམ་རྐྱབ་སྟེ་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  འདི་ཁ་ལས་འགྱོཝ་ད་ ཏོག་མ་ (འཁརཝ་) རྐྱབ་སྟེ་ ཁུར་ཆ་རྒྱབ་ཁར་འབག་སྦེ་ངལ་འཚོཝ་ད་ རྐངམ་མར་འཁྱེག་ནང་སྦྱར་ཏེ་འགྱོ། དེ་ལས་ རྐངམ་མར་སྦྱར་འགྱོཝ་ད་ གདོང་ཁར་རྦབ་རིལ་འགྱོ་བ་ལུ། རྐངམ་ཕྲང་ཏང་ཏ་འགྱོ།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱབ་ཁར་རྦབ་རིལ་འགྱོ་བ་ལུ། རྒྱབ་ཁ་ལས་འཁརཝ་ཏོག་རྐྱབ་སྦེ་ དེ་སྦེ་ར་ མི་ལེ་ཤ་ཅིག་ཤི་ཤི་འོང་ཧེ་མ་ རོ་ཏོང་ལ་ཁར།
 • ངག་དབང་བསམ་གཏན་ Ngawang Samten
  མི་ ༧ ཤི་ནུག མི ༥ ཤི་ནུག མི་ ༣ ཤི་ནུག་ལོ་ཟེར། རྟག་བུ་རང་ རྣ་རྒྱུན་དེ་སྦེ་གོ་ནི་ཡོད། ཕར་ལས་ཆུམ་བཙོང་པར་འབག་འོང་དོཝ་མས་ཏེ་ཚུར། དེ་ལས་ ཀུར་སྟོདཔ་འ་ནཱི་སྦེ་ཤི་དོཝ་མས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ནཱ་སྟང་པ་བུམ་ཐང་པ་འདི་ཚུ་ ནཱ་ལས་ཀུར་སྟོད་ལུ་ ཆུམ་དང་ཨེ་མ་བཏོན་པ་སོང་སྟེ་ དེ་སྦེ་འབག་འོངམ་ད་ ཟླཝ་ ༩ པ་དང་ ༡༠ པའི་ནང་ལུ་འདི་ འཁྱེག་ཀྱི་ནང་ན་མི་ཚུ་དེ་སྦེ་ཤི་ནི་ཡོད།
 • ངག་དབང་བསམ་གཏན་ Ngawang Samten
  དེ་སྦེ་ཤིཝ་མས་ཏེ་ལགས་ དང་ཕུ། ད་ལྟོ་འབད་བ་ཅིན་ ཛའི་་་་་ཞབས་བཀའ་དྲིན་ཆེ་སྟེ་ ག་ཏེ་གུ་ཏེ་མེད་པར་ ཐདམ་ཐད་ཁ་ལས་ཕར་ སྣུམ་འཁོར་ལམ་བཏོན་ཏེ་ རྒྱབ་ཁར་ཁུར་ཆ་འབག་མ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཟླཝ་དང་ ཞག་བདུན་ཕྲག་རེ་རེ་འགྱོ་དགོ་སའི་ལམ་ཁར་ སྣུམ་འཁོར་གྱིས་ཉིནམ་གཅིག་ནང་སྐྱེལ་བྱིནམ་མས། གནམ་མེད་ས་མེད་ ཏེ་ཧེ་མ་དང་ད་རེས་ཀྱི་བར་ན་འདི་ གནམ་དང་ལག་མཐིལ་གྱི་ཁྱད་པར་བྱུང་ཡི།
 • ངག་དབང་བསམ་གཏན་ Ngawang Samten
  ད་རེས་འདི་ འ་ནཱིམ་ཅིག་འབདཝ་ད་འདི་ སངས་རྒྱས་ཀྱི་སྤྲུལ་པ་བཟུམ་ཅིག་ཨིན་པས་ཏེ་དཔོན་འདི་ དང་ཕུ་གི་དཔོན་འདི་ཚུ་བཞུགས་པའི་སྐབས་ལུ་འདི་
 • ངག་དབང་བསམ་གཏན་ Ngawang Samten
  སྐུ་[ཞུ་?] འུ་ལག་ ཀུན་དགའ་རབ་བརྟན་ལུ་བཞུགས་པ་ཅིན་ ཀུན་དགའ་རབ་བརྟན་ལུ་ ནཱ་གི་ཁྲལ་པ་ གྲྭ་པ་ ཟ་པ་སྦེ་ སྟབས་ཅིག་ཁར་ འུ་ལག་རྒྱབ་ཁར་འབག་སྟེ་ འུ་ལག་སྐྱེལ་བར་ ལ་བརྒལ་ཏེ་འགྱོ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ནཱ་ལས་འགྱོཝ་ད་ འུ་ལག་ཐལ་ས་ཟེར་ ཡར་ཕཱེཝ་ངག་པ་ཟེར་ས་ལུ་ལུས་འོང་ ཕཱེཝ་ངག་པ་ལས་འགྱོཝ་ད་ རྒྱ་ས་ལུ་མི་ལྷོད། བསམ་གཏན་ལའི་ཧོག་པ་ཟེར་ས་ལུ་ལུསཔ་མས། བསམ་གཏན་ལའི་ཧོག་པ་ལས་འགྱོཝ་ད་ ཡར་ལ་བརྒལཝ་ཅིག་ མོ་ནོ་ལོང་ཟེར་ས་ལས་ཕར་ལུས་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  ཞག་གསུམ་གསུམ་ བཞི་བཞི་འབདཝ་ད་ མར་ཀུན་དགའ་རབ་བརྟན་དང་ བསམ་ཆོས་གླིང་ལུ་ལྷོད་འོང་། དེ་ལས་ མར་ལྷོད་ཞིནམ་ལས་ འུ་ལག་ ཕར་བརྩིས་སྤྲོད། དེ་ལས་ རྩིས་སྤྲོད་ཞིནམ་ལས་ ཏེ་འ་མར་ལས་ད་རུང་ རྒྱབ་ལོག་ཟེར་ ཡར་འུ་ལག་སྐྱེལ་འོང་ཏེ་ མར་ལྟ་ཡང་ འུ་ལག་འབག་སྟེ་སྐྱེལ་ ཡར་ལྟ་ཡང་འུ་ལག་འབག་སྟེ་འོང་དགོ
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  འུ་ལག་འདི་ ག་ཅི་དང་ག་ཅི་ར་འོང་དགོ་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  མར་ལས་འབད་བ་ཅིན་ ཆཱན་(བུམ་ཐང་པའི་ཁ་ནང་)དོ་ ཆུམ་དོ་འོང་བ་ ཆཱན་ ཆུམ་ གེ་ཟ་འདི་ཚུ་ད་རུང་ ཡར་འུ་ལག་འབག་སྟེ་ ནཱ་རྫོང་ནང་བླུགས་དགོ་བ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འདི་ཚུ་མར་ལས་སྐྱེལ་དགོ དེ་ལས་ ནཱ་ལས་ད་རུང་ སྐུ་ཞུ་འུ་ལག་འདི་ཡོད། ཏེ་སྒརཔ་འདི་ཚུ་གི་ཅ་ལ་རག་རོག་གི་འུ་ལག་སྐྱེལ་དགོ ཐགས་མེས་ཟེར་ ཐགས་འཐག་མི་ཚུ་ལུ་ཡང་ འུ་ལག་ཐོབ། ཨ་ལོའི་ཨམ་འདི་ཚུ་ འུ་ལག་པ་གཉིས་གཉིས་རེ་ཐོབ།
 • ངག་དབང་བསམ་གཏན་ Ngawang Samten
  འུར་ལཱཔ་གཉིས་ དེ་ལས་ རྐྱང་རྐྱང་ ཨ་ལོ་མེད་མི་ཚུ་ འུར་ལཱཔ་རེ་རེ་ཐོབ། དེ་ལས་ ཐབ་ཚངཔ་འདི་ཚུ་ གསོལ་ཐབ་ནང་གི་འུ་ལག་ཕོག གསོལ་དཔོན་འདི་ཚུ།
 • ངག་དབང་བསམ་གཏན་ Ngawang Samten
  དམངས་ཐབ་ནང་གི་ དམངས་ཀྱི་གཡོག་རྐྱབ་མི་ ཐབ་ཚངཔ་གིས་ དམངས་ཀྱི་འུ་ལག་ཐབ་ཆ་འདི་ཚུ་གེ་ར་བསྡམ་དགོ་ ཏེ་ནཱ་ལས་འགྱོཝ་ད་ སྐུ་ཞག་ཕར་སྤང་ཟམ་སྦུང་ཟམ་ཟེར་ས་ལུ་བཞུགས་འོང་བ།
 • ངག་དབང་བསམ་གཏན་ Ngawang Samten
  ཨ་ཕི་ནཱ་ རྒྱ་ས་པ་འདི་ཚུ་ [ཚེབ་བྱ་སྒོར་?] ཏེ་གནམ་མེད་ས་མེད་གླིང་བཅད་དེ་ འོག་ལུ་སྟོང་ཕུག་གི་འདབ་མ་ཐིང་སྟེ་ དེ་ལས་ རྩྭ་སྐྱེལ་དགོ་ ཆིབས་བཏགས་ནི་གི་ཕུརཔ་ འདི་ཚུ་ཀྲིག་ཀྲི་བརྡབ་ཆོག་ཆོ་བཟོ་དགོ་རྒྱ་ས་དོམ་མཁར་པ་འདི་ཚུ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཨ་ཕར་ལས་འགྱོཝ་ད་ མར་ཟངས་ལ་སྤང་ལུ་ཨིནམ་བ། ཟངས་ལ་སྤང་ལུ་ བཞུགས་སར་ མར་ལས་ཀུན་དགའ་རབ་བརྟན་པ་དང་ བསམ་ཆོས་གླིང་པ་འདི་ཚུ་གིས་ད་རུང་ ཨ་མི་ནང་ བཅའ་སྒྲིག་རྐྱབ་སྟེ་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  [ཚེབ་བྱ་སྒོར་ཏེ་?] སྐུ་ཞག་རེ་རེ་མ་གཏོགས་བཞུགས་ནི་མེད། དེ་ལས་ བསམ་ཆོས་གླིང་ལུ་བྱོན་པ་ཅིན་ ཕྲང་སྟེ་བསམ་ཆོས་གླིང་ལུ་བྱོན་འོང་། བསམ་ཆོས་གླིང་མ་བྱོན་པ་ཅིན་ ཏེ་ཕར་ཀུན་དགའ་རབ་བརྟན་ལུ་བྱོན་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཀུན་དགའ་རབ་བརྟན་ཕེབས་ཞིནམ་ལས་ ཏེ་འུར་ལཱཔ་ཚུ་ལུ་ རེད་གནང་པ་ཅིན་བྲེ་ ༥ རེ་གནང་འོང་། ད་ཡར་ལྟ་ཡང་ འུ་ལག་ཕོགཔ་མས་ མར་ལྟ་ཡང་ འུ་ལག་འབག་འོང་འོངམ་གི་ལྟོ་རྒྱགས་ཨིན་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  རེད་བྲེ་ ༥ རེ་གནང་ནི་ཡོད། ཏེ་འ་ནཱི་འདི་ གནས་པོའི་ཁྱིམ་ནང་འབག་ཞིན་ན་ འཕྲུལ་ཆས་མེད་པ། དེ་བསྒང་ རེད་འདི་ བརྡུངས་ཞིན་ན་ རྒྱགས་འབག་སྟེ་ད་རུང་ འུ་ལག་འབག་སྦེ་ ཞག་གསུམ་འབདཝ་ད་ ནཱ་ལྷོད་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  རྫོང་ནང་ ཏེ་ནཱ་རྫོང་སྲུང་པ་འོང་བ་ དེ་ལས་ རྫོང་སྲུང་པ་གི་ལག་པར་ འུ་ལག་རྩིས་སྤྲོད། འ་ནཱི་སྦེ་དཀའཝ་སྤྱད་དགོཔ་འདུག་ དང་ཕུ་འདི། མི་འདི་ཚུ་གནམ་མེད་ས་མེད་ཀྱི་དཀའཝ་སྤྱད་ འུ་སྡུག་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  ད་རུང་ ནཱ་ཞག་གཅིག་དང་གཉིས་འགྱོཝ་ད་ ད་རུང་མར་ལས་ སྐུ་ཞག་འུ་ལག་འདི་དགོ་པས། ཕི་དགོ་པས་ལོ། ཤ་དགོ་པས་ལོ། མར་དགོ་པས་ལོ་ཟེརཝ་ད་ ད་རུང་ ཤ་དང་མར་གྱི་དོ་ཕོག་སྟེ་ སྐྱེལ་བར་འགྱོ་དགོ་ད་རུང་།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱགས་འབག་སྟེ་ ད་རུང་འདི་མར་སྐྱེལཝ་ད་ ད་རུང་མར་ལས་ཡར་རྒྱབ་ལོག་ ཏེ་མི་གཅིག་འདི་ འུ་ལག་སྐྱེལ་ཏེ་རང་སྡོད་དགོ ཡར་སྐྱེལ་མར་སྐྱེལ་ སྒལ་ཏོ་འདི་ཚུ་ པགས་ཀོ་ཡང་བཤུབ་འགྱོ་སག་ས།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཁྱིམ་རེ་རེ་ལས་མི་རེ་རེ?
 • ངག་དབང་བསམ་གཏན་ Ngawang Samten
  ཁྱིམ་རེ་རེ་ལས་ གུང་དང་འཁྲིལ་ཏེ་ མི་གསུམ་ཡོད་པ་ཅིན་ གཉིས་ལུ་ཕོག་རང་ཕོག གཅིག་ལུ་མི་ཕོག་ རྒྱགས་ཅ་ལ་སྒྲིག་མི་ཟེར་ གཉིས་ཡོད་པ་ཅིན་ བསྐོར་རྒྱབ་སྦེ་ཕོག
 • ངག་དབང་བསམ་གཏན་ Ngawang Samten
  ཤོ་ཐེངས་གཅིག་ཕོགཔ་ད་ ཤོ་ཐེངས་གཅིག་མི་ཕོག འ་ནཱི་སྦེ་སྐྱེལ་ཏེ་ར་དཀའཝ་སྤྱད་དགོ མར་ལས་ནཱ་ལྷོད་པ་ཅིན་ ད་ཁྲལ་པ་འདི་ཚུ་ཨིན་པ་ཅིན་ དཀར་མེ་བཏེགཔ་ཨིན་ཟེར་ སྟོང་ཕུ་ཤིང་གི་མེ་ཕྱི་བཏེག་འོང་བ། མེ་བཏེགཔ་ཨིན་ཟེར། གནག་རྩིས་ ཁྲལ་ཕོག གནག་རྩིས་ཀྱི་ཁྲལ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཤིང་མེ་བཏངམ་ཨིན་ཟེར་ ཐབ་ཆས་(ཤིང་) ཕོག ཐབ་ཆས་ག་ཅི་འབད་ནི་ཟེར་བ་ཅིན། འདལ་གཙང་(ཚང་)ནང་ན་ ཤོག་གུ་བླུགས་ནི་གི་ ཤོག་ཤོ་(འདལ་ཤོག་) བཙོ་དགོ་པས་མེན་ན།
 • ཀརྨ་ལྷུན་གྲུབ་ Karma Lhendup
  འ་ནཱི་བཙོ་ནི་གི་དོན་ལུ་ ཐབ་ཆས་ཕོག དེ་ལས་ རྫོང་ནང་སྟ་རེ་གཡུ་བ་ཕོག ཏོག་ཙེ་གཡུ་བ་ཕོག དེ་ལས་ཆིབས་ལུ་ ཆུ་བྱིན་ནིའི་དོན་ལུ་ ཆིབས་ཀྱི་ཝ་གཞོག་ཏེ་སྐྱེལ་དགོ ཁེངས་རིགས་རྣམ་གསུམ་ལུ་ཡང་ ཅོག་འཐདཔ་སྦེ་ཕོག ཁེངས་རིགས་རྣམ་གསུམ་ཡང་དེ་སྦེ་ར་ཨིན་ལགས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ཐགཔ་ཕོག
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  རྟ་བཏགས་ནི?
 • ངག་དབང་བསམ་གཏན་ Ngawang Samten
  རྟ་བཏགས་ནི་གི་ཐགཔ་ ཕུར་པ་ལས་འགོ་བཟུང་སྟེ། དེ་ལས་ ཤིང་ཁྲལ་འཇལ་དགོ ཐག་ཚད་འཇལ་ཏེ་ རྒེད་འོག་རེ་ལས་ཏེ་ཤིང་ཁྲལ་མི་ཀྲར་(Speaker uses english term to describe the measurement) གསུམ་གསུམ་འབད་མི་ ཕར་དང་ཚུར་ མི་ཀྲར་ ༡༢ འབད་མི་ དེ་བཟུམ་མའི་ ཤིང་མཁར་(ཤིང་ཁུ) རེ་རེ་རྩིག་དགོ་པས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ནོར་ཨོམ་བཞོ་ནི་ཡོད་པ་ཅིན་ ཤ་ཁྲལ་ལྟོ་མར་ཟེར་ མར་ཕོག་ བ་རྩིས་གི་མར་ཟེར་ཕོག དེ་ལས་ ཐགས་འཐག་མི་ཨིན་པ་ཅིན་ སྤྲོས་ཐགས་དམག་ཐགས་(དམར་ཁྲ་)ཟེར་ དམར་ཁྲ་འཐག་ནི་སྤྲོད་འོང་། སྤྲོས་ཐགས་དམག་ཐགས་(དམར་ཁྲ་) འཐག་དགོ
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ སྤྲོས་ཐགས་དམག་ཐགས་ཀྱི་དོན་ལུ་ བལ་མེད་པ་ཅིན་ ཚ་གྱང་ལངམ་ད་ རོ་ཁྱི་གི་སྤུ་ཚུ་ཡང་བཏོག་ཞིན་ན་བཙུགས་ཏེ་ཨིན་པས་སྨ་རེད་ དེ་བསྒང་ བལ་ཡང་མིན་འདུག་བ། བལ་ཡར་བོད་ལས་བཏོན་དགོ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཡར་ལྟ་ལུང་བྱམས་པ་གླིང་ལུ་ ཚོང་འདུས་ཟེར་ ཚང་ཁང་ནང་ བྱ་དཀར་ཚོང་དཔོན་ཟེར་གཅིག་འོང་། ཀྲོང་གསར་ཚོང་དཔོན་ཟེར་གཅིག་འོང་། འ་ནཱི་ཚོང་དཔོན་འདི་ཚུ་ ཡར་བལ་བཏོན་པ་འགྱོ་ནི་གི་ ག་ཅི་ཡང་ བོད་ལས་བཏོན་དགོ་དང་ཕུ། ཚྭ་བཏབ་ཚྭ་ལས་འགོ་བཟུང་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  ཡར་འགྱོ་ནི་གི་ཅ་ལ་སྒྲིགཔ་ད་ལུནི་ ང་བཅས་ར་ ཚོས་རྐྱབ་ཨིན་ཟེར་ མི་གནགཔ་ཚུ་ལུ་ ལ་ཆུ་ཕོག་ ལ་ཆུ་ཕོག་ སྟ་རེ་གཡུ་བ་ཕོག གྱི་ཤུབས་ཟེར་ གྱི་ཅུང་གི་གཡུ་བ་ཕོག ཤུབས་བཟོ་ནི་གི་ཕོག
 • ངག་དབང་བསམ་གཏན་ Ngawang Samten
  ཝང་ཤིང་ དུང་ཤིང་ཕྲང་ཏང་ཏ་ ལ་ལུ་ཅིག་ལུ་ གསུམ་གསུམ་ཕོག་མི། ལྔ་ལྔ་ཕོག་མི། གཉིས་གཉིས་འདི་ཨིན་ཅི་མིན་ཅི་ར་ཕོག
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་འཇལ་དགོ དེ་ལས་ཚོས་རྐྱབ་ཨིན་ཟེར་ ལ་ཆུ་ཕོག ལ་ཆུ་འདི་ཚུ་བསྡམས་ཏེ་ བོད་ལུ་འབག་དགོ འུ་ལག་བསྡམས་ཏེ་ དེ་ལས་ མར་ལས་ཡར་ ཆུམ་བཱོན་དྲི་དོ་སྦེ་ [བྲེ་དྭངས་ཟེར་?] པགས་ཀོ་ནང་ན་བཙེམས་ཏེ་འོང་བ་ དང་ཕུ་འབད་བ་ཅིན།
 • ངག་དབང་བསམ་གཏན་ Ngawang Samten
  པགས་ཀོ་ནང་ན་ཆུམ་བསྡམས་ཏེ་ ད་རེས་འབད་བ་ཅིན་ ཀེ་ཇི་(Speaker uses english term to compare the volume) ༦༠ དེ་ཅིག་གི་རྩིས་འོང་ནི་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་སྦེ་[ཐེག་ས་?]རེ་རེ་འོང་མས་ དེ་བཟུམ་དོ་བསྡམས་ ཆཱན་གྱི་དོ་བསྡམས་ ལ་ཆུ་གི་དོ་བསྡམས་ དེ་ལས་ད་རུང་ བཙོད་ཀྱི་དོ་ཕོག་བ། མཐའ་ས་ལུ་སྡོད་མི་འདི་ཚུ་ བཙོད་འབག་སྟེ་ནཱ་བཏོན་དགོ
 • ངག་དབང་བསམ་གཏན་ Ngawang Samten
  བཙོད་དོ་ཕོག་མར་ལས་ཡར་ དེ་ལས་བཙོད་དོ་འདི་ནཱ་སྐྱེལ་ ད་རུང་ནཱ་ལས་ཡར་སྐྱེལ་ མཚམས་པ་ཁ་ཐུག་ལུ་ འུ་ལག་ཕོག་མི་ཚུ་
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ནཱ་ལས་ ས་རིམ་ཐོག་ལས་འབད་བ་ཅིན་ སྒོ་གླིང་མཁར་ས་ལུ་སྐྱེལ་ སྒོ་གླིང་མཁར་ས་པ་ཚུ་གིས་ ཡར་ཞབས་ཐང་ལུ་སྐྱེལ་ ཞབས་ཐང་ལས་འབད་ ས་རིམ་ཐོག་ལས་འབད་རང་ ཡར་སྐྱེལ་དགོ་པས་བ།
 • ངག་དབང་བསམ་གཏན་ Ngawang Samten
  ཡར་འུ་ལྡི་ནང་ཚུན་ཚོད་ དེ་ལས་ཡར་ལས་འབད་ གཡག་གུ་བཀལ་ཞིན་ན་ ལྷ་ས་ལུ་འབག་འགྱོ་བའི་ལོ་ འ་ནཱི་འབག་ཞིནམ་ལས་ ཡར་ལས་མར་ ང་བཅས་ར་ ནཱ་གྲྭ་པ་འདི་ཚུ་ལུ་ཕོགས་རྐྱབ་མི་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ཟ་པ་འདི་ཚུ་ལུ་ ཕོགས་རྐྱབ་དགོ དེ་ལས་ ཐགས་མ་འདི་ཚུ་ལུ་ཡང་ཕོགས་རྐྱབ་དགོ འ་ནཱི་ཕོག་རྐྱབ་ད་
 • ངག་དབང་བསམ་གཏན་ Ngawang Samten
  ཡར་ལས་ ལུག་གི་པགས་ཀོ་ནང་ ཀོརད་པ་ཟེར་འོང་བ་ འ་ནཱི་ནང་ན་ཚིལ་ལུ་[གཏིར་ཏེ་?] འ་ནཱི་ཚིལ་ལུ་བསྡམས་བསྡམས་འོང་ ཀོག་ཏོ་ཀོག་ཏོ་སྦེ་ ཏེ་ནཱ་ལས་ཚོང་དཔོན་འདི་གིས་ཡར་སྐྱེལ་ཞིནམ་ལས་
 • ངག་དབང་བསམ་གཏན་ Ngawang Samten
  ལྟ་ལུང་བྱམས་པ་གླིང་ལུ་ ཚོང་དུས་ན་ ཁོང་ཡར་ལྟ་ལུང་བྱམས་པ་གླིང་ལུ་འགྱོ་དགོ་བ་ཚོང་དུས་ན་ ང་བཅས་ར་འབད་བ་ཅིན་ མེ་ལ་རན་དོ་ཟེར་ བྱམས་པ་ལྷ་ཁང་སྒྲུབ་ཨིན་ཟེར་ དེ་བཟུམ་ཅིག་ཨིན་པས་ ཚོང་གི་དུས།
 • ངག་དབང་བསམ་གཏན་ Ngawang Samten
  བྱམས་པ་གླིང་ལུ་ཚོང་དུས་ན་འགྱོ་དགོ་པས་ཏེ་ ལྟ་ལུང་ལུ་ འ་ནཱི་ལས་ཡར་ལས་ ཧོར་ཁྲ་ དམར་ཁྲ་ གཙང་ཁྲ་ཟེར་ གཙང་ལས་ཐོན་པའི་ གཙང་ཁྲ་ཟེར་ དམར་ཁྲ་ཅིག་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཐིག་ཁྲ་ དེ་ལས་ རྒྱ་དི་ལམ་བར་ཟེར་ བལ་ལས་འཐག་འཐག་པའི་རྒྱ་ཆེན་བཟུམ་སྦེ་འོང་ལེགས་ཤོམ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་འདི་ཚུ་ སྣམ་བུ་དཀརཔོ་ དེ་ལས་སྣམ་པུ་དམརཔོ་འདི་ཚུ་ སྒོར་སྒོར་སྦེ་ ཡར་ལས་ཆག་པ་ཆག་པ་སྦེ་བཟོ་སྟེ་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ཡར་ལས་ གཙང་ཉ་ཟེར་ ཉ་རིང་ཐུང་འ་ནཱིམ་ཅིག་ རྒྱབ་ཁ་ལས་དྲ་སྟེ་གཏུབ་གཏུབ་པའི་ འ་ནཱི་འདི་ཚུ་ ཡར་ལས་འབག་འོང་དགོ་པས་ བོད་ལས་མར།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཚྭ་དམར་ཟེར་ དང་ཕུ་ ཚྭ་དམརཔོ་ཅིག་ཐོན་ནི་ཡོད་བ། འ་ནཱི་ཚྭ་དམརཔོ་ དཔོན་བཞེས་ནི་ཨིན་ཟེར་ ཚྭ་ཅིག་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  ཚྭ་དཀར་ཟེར་ ཚྭ་དཀརཔོ་ཅིག་ འ་ནཱི་འདི་ཚུ་ ཡར་ཚྭ་དོ་སྦེ་འབག་དགོ ཡར་རྒྱུ་བྲེ་བཏང་ མར་རྒྱུ་ཚྭ་དོ་ཟེར་ ཡར་ལུ་བྲེ་བཏང་མར་བཏང་ཟེར་ མར་ཡར་ཀོཝ་གི་ནང་ན་སྤུར་ཏེ་ ལྟེམ་ལྟེ་བསྐང་ཞིན་ན་ འ་ནཱི་འུ་ལག་སྐྱེལ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ཆུམ་ཡང་ འ་ནཱི་ནང་ ཀོ་བསྡམས་རྐྱབ་སྟེ་འོང་ བྲེ་བཏང་ཟེར་ པགས་ཀོ་ནང་སྤུར་སྤུརཝ་ འ་ནཱི་འདི་ཚུ་བོད་ལུ་བཙུགས།
 • ངག་དབང་བསམ་གཏན་ Ngawang Samten
  བོད་ལས་མར་ གཙང་ཁྲ་ དམར་ཁྲ་ ཧོར་ཁྲ་ རྒྱ་ལོ་ དེ་ལས་ ཐིག་ཁྲ་ སྣམ་བུ་དཀརཔོ་ སྣམ་བུ་དམརཔོ་འདི་ཚུ་ ཡར་ལས་བཏོན་དགོ རྒྱ་ཐིག་ལམ་བར་འདི་ཚུ།
 • ངག་དབང་བསམ་གཏན་ Ngawang Samten
  ཡར་ལས་བཏོན་ཏེ་ དེ་ལས་ད་རུང་ ནཱ་ལས་ཡར་ ཁོང་མཚམས་པ་ལུ་ལྷོདཔ་ད་ ད་རུང་ ཡར་ལས་ ས་རིམ་ཐོག་ལས་ འུ་ལག་ཕོག་འོང་བ་ འ་ནཱི་ལེན་པར་འགྱོ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ཡར་ལས་ འུ་ལག་འདི་ཚུ་ ཆ་ཚང་ནཱ་ལྷོད་ ལྷོད་དེ་ དེ་ལས་ སྡེ་པ་གཞུང་ལུ་རྩིས་ཕུལ་དགོ་ ཏེ་དཔོན་ལུ། འ་ནཱི་འདི་ཚུ་ ཚོང་རྩིས་རྐྱབ་སྟེ་ རྩིས་རྐྱབ་ཨིན་ཟེར་ ཡུདཔ་ཅིག་ཟླཝ་ལངམ་མས་ རྩིས་རྐྱབ་མ་ཚར་བར།
 • ངག་དབང་བསམ་གཏན་ Ngawang Samten
  ཚོང་རྩིས་རྐྱབ་ཨིན་ཟེརཝ་ད་ དཔོན་འདི་ཚུ་ཡང་ ག་ཏེ་ཡང་མི་བྱོན། ཚོང་རྩིས་རྐྱབ་སྟེ་ ཡར་ལུ་བྲེ་ཏང་ག་དེམ་ཅིག་ མར་ཏང་ག་དེམ་ཅིག་ བཙུགས་ཅི་ག གོང་ག་དེམ་ཅིག་ཐོབ་ཅི་ག ལྟ་ལུང་བྱམས་པ་གླིང་ལུ་ ཁེ་སང་ག་དེ་སྦེ་ཐོབ་ནུག་ག ཆུམ་ལུ་ གོང་ཚད་ག་དེམ་ཅིག་རྐྱབ་ནུག་ག འདི་ཚུ་ གནམ་མེད་ས་མེད་རྩིས་རྐྱབ་སྟེ་སྡོདཔ་མས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ཡུདཔ་ཅིག་ལས་ རྩིས་མ་འགྲིགསཔ་ད་ དྲུང་ཡིག་སྦོམ་ སྐལ་བཟང་ཟླ་བ་ཟེར་མི་འདི་ སྦོམ་ཤོས་སྦོམ་ཤོས་ར་ཨིན། སྐལ་བཟང་ཟླ་བ་གི་འོག་ལས་ར་ དྲུང་ཡིག་འཕྲིན་ལས་ཟེར་མི་འདི་ ད་རེས་བློན་ཆེན་བགྲེསཔ་གི་ཨ་པ་ དྲུང་ཡིག་འཕྲིན་ལས་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  དྲུང་ཡིག་འཕྲིན་ལས་ཀྱི་འོག་ལས་ དྲུང་ཡིག་ཆུ་རི་དཔྱལཝ་ཟེར་ཕར་ཡོད་འ་ནཱི་ཨིན། འ་ནཱི་དྲུང་ཡིག་ཚུ་དང་རྩིས་རྐྱབ་ད་ཏེ་ དྲུང་ཡིག་འདི་ཚུ་ལུ་ ཚོང་པ་འདི་ཚུ་གིས་ གཡག་ཤ་ཚ་ལུ་ཟེར་ གཡག་ཤ་རུ་ཏོ་དང་སྦྲགས་ཏེ་འོང་བ་ མ་སྤོག་པ་ར་ འ་ནཱི་ཚུ་ཕྱག་མཇལ་སྦེ་ཕུལ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ གཙང་ཉ་གི་ ཉ་ཆག་པ་འ་ནཱེམ་རེ་འབད་མི་ཚུ་ཕྱག་མཇལ་སྦེ་ ཏེ་ད་ཁེ་རྒུད་དུམ་གྲ་རེ་ཐོན་པ་ཅིན་ སྐྱིད་སྡུག་གཟིགས་དགོ་ཟེར་ འ་ནཱ་ལས་ དྲུང་ཡིག་འདི་ཚུ་ གནམ་མེད་ས་མེད་ དཔོན་བཟུམ་སྦེ་འགྱོཝ་མས་བ་ ཁེ་སང་གནམ་མེད་ས་མེད་ཐོབ་ཁོང་ དྲུང་ཡིག
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་སྦེ་རྩིས་རྐྱབ་སྟེ་ རྩིས་མ་འགྲིགས་པ་ཅིན་ འ་ནཱི་དྲུང་ཡིག་དང་དྲུང་ཆེན་ཚུ་གིས་ ཆད་བཏོན་པ་ཅིན་ ཁོང་ཆ་ཁྱབ་ སྒལ་ཏོ་གུ་ལས་ཕར་ རྟས་ཐག་དང་འཕྱད་འོང་ཏེ་ ཨ་མར་གདོང་ཁར་བཏོན་ཞིན་ན།
 • ངག་དབང་བསམ་གཏན་ Ngawang Samten
  ཁྲམ་ཤིང་གུ་སྦྱར་ཏེ་ ཨ་མར་ལས་ཕར་ལམ་འདུག་གོ་ཤིག སྒོ་ར་ཁ་བརྒལ་ཏེ་ཕར་འགྱོཝ་ཅིག་ ད་ལྟོ་བཱོལ་རྩེད་ས་བཟོ་སྟེ་འདུག་བ། འ་ཕར་ཁྲམ་ཤིང་ལྔ་དེ་ཅིག་གྱལ་སྒྲིག་སྟེ་ཡོད་ ལགཔ་སྦྱར་ཆོག་ཆོ་སྦེ་འདི་ཁར་ ཨ་ཙི་ཅིག་མར་འགྱོཝ་ཅིག་ གྱེན་གུ་ལུ་བཙོན་ཁང་རྐྱབ་སྟེ་ཡོད།
 • ངག་དབང་བསམ་གཏན་ Ngawang Samten
  འ་མི་ཁར་བཙུགས་འོང་བ། དེ་འབདཝ་ད་ དྲུང་ཡིག་འདི་ཚུ་ ནང་གསུག་ལུ་འགྱོ་བ་ཅིན་ ཆད་རྩ་ལས་མི་ཐོན་ དེ་ལས་ སྦྱོར་པའི་གྲས་ཁར་ དེ་མ་ཚད་ ཁོང་ར་ལུ་གསོལ་རས་ཡང་གནང་ནི་འདུག་ ག་ཅི་དགོ་ནི་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  རྩིས་འདི་ཀྲིག་ཀྲི་འདུག་ཟེར་ ད་ཁེ་སང་མ་ཟ་བས་ཟེར་ ཕྲང་ཕྲང་འབག་འོང་ནུག་ཟེར་ འ་ནཱི་འབད་བ་ཅིན་ ཁྱོད་གསོལ་རས་ཐོབ་ཨིན་ཟེར་ དེ་ལས་ ཐུགས་གཏད་དགོངས་གཏད་ལུ་འགྱུརཝ་མས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ རྩིས་དུམ་གྲ་ཅིག་ མ་འགྲིགས་པ་ཅིན་ ཧེ་མ་གི་དཔོན་གྱིས་ ཁོང་རའི་ཁྱིམ་གྱི་ནང་ལས་ ཆད་པ་འབག་སྟེ་ གཞི་འཕྱག་སྟེ་ འབག་ཐོན་འོང་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  གཞི་འཕྱག་སྟེ་ བླ་མ་ རྟ་ཡོད་རུང་ ནོར་ཡོད་རུང་ འབྲུ་སྣ་ཡོད་རུང་ཡོད་ གོ་ལ་ཡོད་རུང་ཡོད་ ག་ར་གཞི་འཕྱག་སྟེ་འབག་འོང་མས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ དེ་འཕྲོས་ལས་ བཏོན་བཏང་འོང་ཁྱིམ་ནང་ དེ་ལས་ཁྱིམ་འདི་ཚུ་ཡང་སྒོ་བསྡམ་ ལྡེ་མིག་རྐྱབ་སྟེ་ ཕྱག་དམ་གནང་སྟེ་
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་སྦེ་རྐྱབ་སྟེ་ དེ་ལས་ཤུལ་ལས་(Speaker clears his throat) འབྲུག་རྒྱལ་གཉིས་པ་གཤགས་ཏེ་ གསུམ་ལས་ཚུར་ལྷོདཔ་ད་ དེ་ལས་ཁྲིམས་འདི་ཡང་ཅི་བ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ སྣུམ་འཁོར་ལམ་ཡང་སེལ་ཏེ་ སྣུམ་འཁོར་ལམ་འདི་ཚུ་ལྷོད་ སྣུམ་འཁོར་ལམ་ལྷོད་ས་དང་ མ་ལྷོད་ས་གི་འཚམས་ནང་ཚུན་ཚོད་ དེ་ལས་དོ་ལག་སྐྱེལ་རུང་ དེ་བསྒང་གླ་ཡང་ཁེ་བས།
 • ངག་དབང་བསམ་གཏན་ Ngawang Samten
  རྟ་རྒྱབ་རེ་དང་ ལས་མི་འཚོལ་ཏེ་འཁྱིད་འགྱོ་བ་ཅིན་ འདི་ལུ་ཏི་རུ་ ༥༠ དང་ ༦༠ དེ་ཅིག་བྱིན་པ་ཅིན་ དགའ་སྟེ་རང་འབད་མི་ཚུགས་པས།
 • ངག་དབང་བསམ་གཏན་ Ngawang Samten
  ད་ལྟོ་འབད་བ་ཅིན་ མི་རེ་རེ་ལུ་ཡང་ ཏི་རུ་ ༥༠༠ དང་ ༦༠༠ དགོ་ཟེར་ འ་ནཱི་སྦེ་འགྱོཝ་མས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ཡུདཔ་ཅིག་ལས་ སྣུམ་འཁོར་ལྷོད་བཏངམ་ད་ ཀྲཱནསི་པོ་ཊི་ག་རི་(སྐྱེལ་འདྲེན་གྱི་སྣུམ་འཁོར་)བཙུགས་ཏེ་ དེ་ལས་གླ་ཡང་ཁེ་ཏོག་ཏོ་ ཡར་འགྱོ་རུང་ཕྲང་ཕྲང་ མར་འགྱོ་རུང་ཕྲང་ཕྲང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ རྒྱ་བོད་ག་ཏེ་ར་འགྱོ་རུང་ ལམ་འདི་ཚུ་འ་ནཱི་སྦེ་བཟོ་སྟེ་ ལེགས་ཤོམ་ཡར་སོ་ཡི། དང་ཕུ་འབད་བ་ཅིན་ རྒྱགས་སྐལ་འབག་སྟེ་ རྟ་གདོང་ཁར་བཙུགས་ཏེ་ རྟ་གུ་ཚྭ་དོ་བཀལ་ རང་ཡང་ཚྭ་དོ་བཟུམ་ཅིག་ རྒྱབ་ཁར་འབག་དགོ
 • ངག་དབང་བསམ་གཏན་ Ngawang Samten
  བྱག་གུ་ལས་ཡར་ རྟ་རེ་རེ་འཕུལ་ཏེ་ བྱག་གི་མགུ་ཏོ་ཁར་བཏོན་ ད་རུང་ ལོག་སྟེ་མར་འགྱོ་ རྟ་ལྔ་དང་དྲུག་རེ་འཁྱིད་འགྱོཝ་ད་འདི་ རྟའི་དེད་པ་འདི་ ཤི་ནི་བཟུམ་ཅིག་ར་འགྱོ་བས། དེ་བསྒང་ ང་ལུ་ཡང་ རྟ་བདུན་ཡོད་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་སྦེ་འཁྱིད་དེ་ རྒྱ་ལས་ཚྭ་བཏོན་ དཀའཝ་རང་སྤྱད་ཅི། དེ་བསྒང་འདི་ ཚད་པའི་ནང་ན་ལས་ཡར།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཚད་པའི་ནང་ ལ་ལུ་ཅིག་ཤི་ཡང་ཤི་འོང་ལོ་སྨོ་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  ཚད་པ་ཕོག་སྟེ་ དེ་བསྒང་འདི་ ཁ་སྲུང་འབད་དགོ་ཟེར་ བཞེས་སྒོ་ཡང་ ཏེ་ནཱ་ལས་ཕར་འགྱོ་རུང་ ཆུམ་འབད་བ་ཅིན་ ཆུམ་དམརཔོ་འདི་གཅིག་ར་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  ཕྱེ་འབད་བ་ཅིན་ བྱཱོ་ཕྱེ་རྐྱངམ་ཅིག དེ་ལས་ཀར་ཕྱེ་ཅིག དེ་ལས་ ཤ་ཡང་བཟའ་མ་བཏུབ་སྦེ་ཨིན་ཟེར་ ཁ་སྲུང་ ཆང་ཡང་ བྱཱོ་ཙང་ཙ་གི་ཆང་ འ་ནཱི་ཨིན་པས། ཨ་རག་བསྐོལ་རུང་འདི།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ སྦང་ཆང་འཐུང་རུང་ བྱཱོ་ཙང་ཙ ཀར་ནག་གི་ཆང་འདི་ཚུ་ ཁ་ལུ་རེག་ནི་ར་མེད། ཤ་བསྲེ་ལོ་འདི་ཚུ་ཡང་ མིག་གིས་རང་བལྟ་མི་དགོ ཁབ་ཟས་ལོ་འདི་ཚུ་ཡང་བཟའ་ནི་མེད་ཏེ་ ཚད་པ་ཕོགཔ་ཨིན་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  ནཱ་ལས་ དགེ་ལེགས་ཕུག་ལྷོད་པ་ཅིན་ ཅིསི་པ་ནི་ཟེར་ཡོད་ ཡར་ལོ་ད་རི་ མ་ལྷོདཔ་ཅིག་ཁར། འ་ཡར་ཅིསི་པ་ནི་གྱེན་གྱི་རྩ་བར་ སྦ་སྒོར་ཅིག་འདུག ལྷོ་མཚམས་པ་[དོ་སྒོར་?]སྲུང་མི་
 • ངག་དབང་བསམ་གཏན་ Ngawang Samten
  འ་ཡར་ལུ་ཞག་སྡོད་ འ་ནཱ་ལས་ དྲོ་པ་ཧ་སག་སྟེ་འགྱོཝ་ད་ དགེ་ལེགས་ཕུག་ཟེར་མེན། ཧ་ཏི་སར་ཟེར་ཨིན་པས་དེ་བསྒང་། ཧ་ཏི་སར་ཟེར་ ལ་ ད་རེས་ཆུ་མ་བརྒལཝ་ཅིག་གི་ ཆུའི་ཚུར་ལས་འབད་འགྱོ་དགོ་པས།
 • ངག་དབང་བསམ་གཏན་ Ngawang Samten
  ཕྲང་སྟེ་རང་ ནཱ་ལས་མར་ཀི་ལོ་མི་ཀྲར་ ༣ དེ་ཅིག་རྐང་ཐང་སྦེ་འགྱོཝ་ད་ མར་ལས་ཆུ་བརྒལ་ཏེ་ ཚུར་ཐོན་དགོ་པས། ད་ལྟོ་ དགེ་ལེགས་ཕུག་ཁ་ཐུག་ཐོནམ་ད་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ཆུ་བརྒལཝ་ད་ མི་ལ་ལུ་འགྱེལ་འགྱོ་སྟེ་ ཆུ་གིས་འབག་འགྱོ་མས་བ་ཆུ་ནང་། འ་ནཱ་ལྷོདཔ་འཛུལཝ་མས། འ་ནཱི་ཆུ་བརྒལ་ཏེ་ ཕར་ཐོནམ་ད་ ཕར་ཧ་ཏི་སར་ཚལ་མ་ཨིན་པས། གནག་དུང་དུང་ གླངམོ་ཆེ་ཡོད་པའི་ ལམ་རང་མེད་པ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཧ་ཏི་སར་ མར་ཆུའི་མཐའ་མར་ པིར་(སྦ) གི་སྦ་སྒོར་ ༣ དེ་ཅིག་འདུག འ་ནཱ་ལུ་ ཚྭ་ཀུན་ཊཱལ་ཟེར་ ཕོད་ཚེ་ ༣ དང་ ༤ དེ་ཅིག་འོང་མས། དེ་ཏམ་ཁུ་ སྒམ་ ༢ དང་ ༣ དེ་ཅིག་འོང་། ཏེ་ རི་ལམ་བར་ཟེར་ སྒམ་ཅིག་འོང་མས།
 • ངག་དབང་བསམ་གཏན་ Ngawang Samten
  བ་ཀི་ལམ་བར་ཟེར་མི་ཅིག་འོང། དེ་ལས་ རྫོང་ལམ་བར་ཟེར་ འ་ནཱི་བཟུམ་མའི་ཏམ་ཁུ་ སི་ག་རེཊི་(Speaker also uses english term for cigarrette) འ་ནཱི་བཟུམ་སྦེ་འདུག
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཅི་ནི་ཀེ་ཇི་འཇལ་ཏེ་བཙོངམ་མས། དེ་བསྒང་འདི་ ཁེ་ཏོག་ཏོ་འདུག ཅི་ནི་ཀེ་ཇི་གང་ལུ་ ཐ་ལ་རེ་ཨིན་པས། དེ་ལས་ ཏམ་ཁུ་ མུ་ཀྲ་ཟེར་ ཆག་པ་ཆག་པ་འདི་ མུ་ཀྲ་རེ་རེ་ལུ་ ཏི་རུ་ཕྱེད་དང་གསུམ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  འདི་ལུ་ ཏི་རུ་ཕྱེད་དང་གསུམ་བྱིན་ཞིནམ་ལས་འབག་སྟེ་ མར་བསམ་ཆོས་གླིང་དང་ ཀུན་དགའ་རབ་བརྟན་ལུ་བཙོང་པ་ཅིན་ རེད་ཁལ་བཅུ་ཐམ་དང་ བཅུ་གཅིག་རེ་ཐོབ། ཏེ་འ་ནཱི་ ཏམ་ཁུ་ཅིག་ཉོ་ ཏམ་ཁུ་སྒམ་གཅིག་ཉོ། ཚྭ་ཀུན་ཊཱལ་གཅིག་ཉོ་སྦེ་ལོག་སྟེ་ ཞག་ཉལ་བར་ཅི་སུ་པ་ནི་ལུ་འོང་དགོ་ཏེ། དྲོ་པ་ཅི་སུ་པ་ནི་ལས་ལོང་སྟེ་འགྱོ་འགྱོཝ་གིས་ ཕྱི་རུ་ཞག་ཉལ་བར་ཡར།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཁ་སྲུང་འབད་དེ་ ཁྱིམ་ནང་ལྷོད་དེ་ དགུ་དོ་ཟེར་ ཞག་ ༩ ཁ་སྲུང་འབདཝ་འབད་ས་རང་ཨིན་པས།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཛའི་ཞག་ ༩ འགོར་དོ་ཡོདཔ་ཨིན་པས་སྨོ?
 • ངག་དབང་བསམ་གཏན་ Ngawang Samten
  དགུ་དོ་ཟེར་ སྲུང་དགོ་ཟེར་ དགུ་དོ་སྲུང་སྟེ། དེ་ལས་ ད་མར་ཁ་ཟས་འདྲཝ་བཙོང་ནི་ཡོད་རུང་ ཁམ་ཏོ་གཅིག་རང་ཟ་ནི་མེད་ཏེ་ ཚད་པ་ཕོག་ཟེར་ཏེ་གིས་སྦེ། དེ་ལས་ ཤ་བསྲེ་འདི་ཚུ་ཡང་ དེ་སྦེ་ བཟའ་ནི་མིན་འདུག་དེ་བསྒང་།
 • ངག་དབང་བསམ་གཏན་ Ngawang Samten
  ད་ལྟོ་འབད་བ་ཅིན་
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ད་མིན་འདུག་སྨོ?
 • ངག་དབང་བསམ་གཏན་ Ngawang Samten
  ཤ་ཟ་རུང་ཟ་ ཉ་ཟ་རུང་ ག་ཅི་ཡང་ཟ་ཆོག་ཆོག་མས། ད་མར་གཞི་བཅགས་ཏེ་ར་ དགེ་ལེགས་ཕུག་ ག་དེ་སྦེ་སྡོདཔ་སྨོ་ ཚད་པ་མིན་འདུག
 • ངག་དབང་བསམ་གཏན་ Ngawang Samten
  དང་ཕུ་འདི་ ཅི་སུ་པ་ནི་གི་ ཆུ་ཆུང་ཀུ་ཅིག་ཡོད་བ། ཡར་གྱི་ཆུ་གི་སྦུག་ལུ་རང་ རྡོ་སྤུངས་ཏེ་ དར་ཤིང་ཡང་འཕྱར་ཏེ་འོང་། འ་མི་ནང་ལྷོདཔ་ད་ ཨམ་སྲུ་ཕོརཝ་ནང་ཨ་ལོ་ཡོད་པ་ཅིན་ འབག་སྟེ་བཏོན་དགོ་ཕར།
 • ངག་དབང་བསམ་གཏན་ Ngawang Samten
  རྟ་འདི་ཚུ་ ཕོརཝ་ནང་ཕྱུ་གུ་ཡོད་པ་ཅིན་ མར་གྱི་ཆུ་བརྒལཝ་ཅིག་བཤལ་བཏང་འོང་། འ་ནཱི་ཆུ་འདི་ རྐངམ་གུ་རེག་པ་ཅིན་ ང་བཅས་ མི་ར་འབད་རུང་ ཨ་ལོ་བཤལ་བཏངམ་ཨིན། རྟ་འབད་རུང་བཤལ་བཏངམ་མས་བ་ ཐོན་ནི་མ་རནམ་ལས།
 • ངག་དབང་བསམ་གཏན་ Ngawang Samten
  ཅི་སུ་པ་ནི་བརྒལ་ཏེ་སྨོ་
 • ངག་དབང་བསམ་གཏན་ Ngawang Samten
  མ་བརྒལཝ་ཅིག་གི་ཚུར་ལུ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨེའེ་་་་་ ཨོང་ཨོང་་་་་་
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱ་ ཆུ་ཆུང་ཀུ་ཅིག་ཡོད་བ། ཆུང་ཀུ་ཅིག་ འ་ནཱི་ ཆུ་བརྒལ་དགོ་བ། མར་ལས་འབད་ ཆུ་འདི་གི་མཇུག་ཕྲང་ཕྲང་ མོ་ཆུ་ནང་ ནོར་གྱི་དོན་ཧིང་བཟུམ་ཅིག་ཡོད་ལོ་ཆུ་འདི། འ་ནཱི་གུ་བབས་ཨིན་ལོ་ འ་ནཱི་ཆུའི་མཇུག་འདི།
 • ངག་དབང་བསམ་གཏན་ Ngawang Samten
  ཡར་རྐངམ་བཙུགསཔ་ཅིག་ ཕྲང་ཕྲང་འ་ནཱི་གུ་འབདཝ་ད་ སུ་རས་ཨ་མ་གི་དོན་ཧིང་གུ་ཕོགཔ་ཨིན་ཟེར་ བཤལ་བཏང་མི་འདི་ འ་ནཱི་ཨིན་ལོ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨེའེ་་་་་་་
 • ངག་དབང་བསམ་གཏན་ Ngawang Samten
  ཤུལ་ལས་ འདི་ཁར་མར་འགྱོ་སྟེ་ ལ་ད་རེས་ ལྕགས་ཟམ་ མར་འོག་ལུ་རང་ཨིན་ཏེ། ཡར་གྱི་ཆུ་འདི་ ཡར་ར་ལུས་འོང་བ། ཤུལ་ལས་ཏེ་ཡར་གྱི་ཆུ་འདི་བབས་ འ་ནཱི་གུ་སྦེ་འབདཝ་ད་ འ་མི་ནང་མཚོ་ཡོད་ལོ་བ།
 • ངག་དབང་བསམ་གཏན་ Ngawang Samten
  སུ་རི་ཨ་མའི་དོན་ཧིང་ཟེར་ མར་ལུ་མཚོ་ མར་གྱི་མཚོ་གིས་འབད་བཤལ་བཏངམ་ཨིན་ཟེར་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  རྟིང་ལས་ ཧཱ་དྲུང་པ་གིས་ ཡར་གྱི་སུ་རི་ཨ་མའི་མཚོ་འདི་ རྫས་བམ་རྐྱབ་སྟེ་གཏོར་བཏང་ནི་ཟེརཝ་ད་ ང་བཅས་ར་ མི་བཟུམ་སྦེ་ ཧ་གོ་སྟེ་ ཆུ་འདི་ཁར་ཉིནམ་གཅིག་ ཞག་གཅིག་སྦུལ་ཟེརཝ་ཅིག་ ཐོན་འགྱོ་ཡི་ལོ་བྱོག་འགྱོ་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  དགེ་ལེགས་ཕུག་གདོང་སྐོར་ལས་ཕར་མཐོང་མས། རི་ཁར་ རི་འདི་ཚུ་པགས་ཀོ་བཤུབ་སྟེ་ འ་ནཱི་སྦེ་འབག་སྟེ་ འ་ཕི་ཁར་ཆགས་ཏེ་ཡོད་ཟེར་སླབ་མས། འ་ནཱི་སྦེ་བྱོག་འགྱོ་འགྱོཝ་ཨིན་ལོ་ཁོ། འ་ནཱི་སྦེ་ ཨིན་ཟེར་ཨིན་པས་དང་ཕུ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཚད་པ་ཕོག་དགོཔ་ཡང་ ཡར་ལ་ཆུང་ཟེར་ བརྒལ་ཏེ་ ཡར་བཟའ་ཆུ་དྲང་ལ་བརྒལ་ཏེ་ ཡར་སུ་རི་ལུ་མ་ལྷོདཔ་ཅིག་ཁར་ ལ་ཅིག་འདུག་བ། སུ་རི་གི་ལ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ཕར་འཛུལཝ་ཅིག་ དགེ་ལེགས་ཕུག་ལས་ ཚདཔ་ཕུད་རྡོག་གསུམ་འབད་མི་ཅིག་མཆོངས་ཏེ་ ང་བཅས་གུ་འོངམ་ཨིན་ཟེར་ འ་ནཱི་བཟུམ་ཅིག་སླབ་ནི་འདུག་ དང་ཕུ་གི་བཤད་པ།
 • ངག་དབང་བསམ་གཏན་ Ngawang Samten
  དནི་ མར་འགྱོ་རུང་ཚདཔ་མིན་འདུག དང་ཕུ་འདི་ མར་འགྱོ་བ་ཅིན་ དགུ་དོ་སྲུང་དགོཔ་ཨིན་ཏེ། ཞག་ ༩ ཡར་ཁྱིམ་ནང་ལྷོད་ཞིནམ་ལས།
 • ངག་དབང་བསམ་གཏན་ Ngawang Samten
  ག་ནི་ཡང་ཟ་མི་བཏུབ། ལཱ་ཡང་འབད་མི་བཏུབ། བཤལ་ཏེ་རང་སྡོད་ནི་ཨིན་པས། ཏེ་འ་ནཱི་སྦེ་འདུག དང་ཕུ་དང་ ད་རེས་ཀྱི་བར་ན་ གནམ་དང་ལག་མཐིལ་གྱི་ཁྱད་པར་ གནམ་མེད་ས་མེད་ ད་ཚད་པ་འདི་ཚུ་ཡང་མིན་འདུག
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  གཞན་འབད་བ་ཅིན་ ཚདཔ་འདི་ ལོ་ཡར་ཡར་འགྱོཝ་ད་ ཚ་དྲོད་ ཧེང་སྐལ་བཏགས་དགོཔ་ཨིན་པས་མེན་ན་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  ཨིན་པས་བ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དང་ཕུ་འདི་ འ་ནཱིམ་ཅིག་སྡོད་དགོཔ་ཅིག་མིན་འདུག་ཟེར་མནོཝ་མས། ང་གིས་འདི་ ད་རེས་བཟུམ་ཅིག་རང་།
 • ངག་དབང་བསམ་གཏན་ Ngawang Samten
  དང་ཕུ་འབད་བ་ཅིན་ཏེ་ (Speaker coughs)
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དེ་འབདཝ་ད་ དང་ཕུ་ ཤུགས་ ཚ་དྲོད་ཤུགས་སྡོད་སྡོདཔ་མས་ད་རུང་
 • ངག་དབང་བསམ་གཏན་ Ngawang Samten
  ཟླཝ་ ༦ པ་ རྫོགས་སོང་ཡི་ (Speaker coughs) ད་བདུན་པ་ ཨ་ནཱི་ཟླཝ་དྲུག་པའི་ནང་ རྒྱ་རེད་ཀྱི་སོན་ ས་ཁར་བཏབ་དང་བསྟུན་ཏེ་ གྱང་ནི་གི་ ཨ་ནཱི་ རྟའི་མཇུག་མ་གི་སྤུ་བཟུམ་ཅིག་ ཐོནམ་ཨིན་ཟེར་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱ་རེད་ཀྱི་སོན་ས་ཁར་བཏབ་ཅིག་ གྱང་ནི་འགོ་བཙུགསཔ་ཨིན་ཟེར་ དནི་ཏེ་མིན་འདུག་གྱང་ནི་གི། ཟླཝ་ ༩ པ་ ༡༠ པ་ ༡༡ པ་འགྱོ་རུང་ ཟིལཔ་ཆགས་ནི་གི་དུས་ལུ་ ཟིལཔ་ཡང་མི་ཆགས་པས། དང་ཕུ་འབད་བ་ཅིན་ཏེ་
 • ངག་དབང་བསམ་གཏན་ Ngawang Samten
  ཟླཝ་ ༩ པ་ ༨ པ་དེ་ཅིག་ལས་ རྒྱ་རེད་ཚུ་བསྡུ་མ་རནམ་ལས་རང་ ཟིལཔ་ཆགསཔ་ཨིན་ཏེ་ རྒྱ་རེད་འདི་བསྡུ་ནི་མེད་འོང་བ་ ག་ར་བསད་བཏང་སྟེ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དང་ཕུ་དང་ ད་རེས་འབད་བ་ཅིན་ ཨ་པ་ ཁྱོད་རའི་མཐའ་འཁོར་ལས་ཕར་ཡང་ ལྡུམ་ར་འདི་ཚུ་བཟོ་སྟེ་ མ་བཏུབ་བཏུབ་འདུག དང་ཕུ་ འདི་ཚུ་ཡང་མེདཔ་ཨིན་ན་ལགས། ལྟོཝ་བཀྱེས་འོང་ཟེར་ཨིན་པས་བ་ བུམ་ཐང་ལས་ཕར་ཡང་།
 • ངག་དབང་བསམ་གཏན་ Ngawang Samten
  ད་ལྡུམ་ར་གི་ནང་ན་ཡང་ ཀེ་བ་བཙུགསཔ་ཨིན་ལོ་ཟེར་ མེད་ཏེ་
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དང་ཕུ་ཡ?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་་་་་ ་ལྡུམ་ར་ཡང་ཏེ་ ཆུང་ཀུ་རེ་རེ་མ་གཏོགས་མིན་འདུག་བ། ཧེ་མ་གི་འདི་ཚུ་ལུ་ ལྡུམ་ར་ཆུང་ཀུ་རེ་རེ་ཨིན། འ་ནཱི་ནང་ན་ ཀེ་བ་བཙུགས་བཙུགསཔ་རང་མི་འོང་། ཀེ་བ་འདི་ དུས་ཅི་བཙུགས་ཡོད་པའི་ཤུལ་ཡོད་སར་ སང་ཕོད་ཆུང་ཀུ་རེ་རེ་ རང་བཞིན་གྱིས་ཐོན་མས་གོ་ཤིག
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་འདི་མ་གཏོགས་ ཀེ་བ་བཙུགས་རང་མི་བཙུགས། ཀེ་བ་བཙུགས་ནི་གི་ལུགས་སྲོལ་མེད་ཏེ། ཀེ་བ་ དུས་ཅི་བརྐོ་སྟེ་ སྦོམ་ཚུ་འཐུ་ཟཝ་ད་ ཆུང་ཀུ་མར་ལུས་ཡོད་མི་ འ་ནཱི་གིས་སང་ཕོད་སྐྱེསཝ་ད་ སང་ཕོད་འ་ནཱི་བཟའ་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  ཀེ་བ་བཙུགསཔ་ཨིན་ཟེར་མེད་ ཧེ་མ་མ་པ་རང་། ཤུལ་ལས་ ཏེ་ང་བཅས་ར་ བསྟན་རྒྱས་བློན་པོ་གིས་ ནཱ་ལུ་ཀེ་བ་བཙུགས་དགོ་པས་ཟེར་ ཀེ་བ་བཙུགས་ནི་གི་ རོགས་བསྟན་རྒྱས་བློན་པོ་གིས་སོན་འདི་ཚུ་གནང་སྟེ་ དེ་ལས་ཀེ་བ་བཙུགས་སྦེ་ ཏེ་ཀེ་བ་འདི་ ཁོ་གིས་འབད་ དེམ་ཅིག་དར་ཁྱབ་འགྱོ་འགྱོཝ་ཨིན།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  བསྟན་རྒྱས་བློན་པོ་ག་ཨིན་ན་ མཚན?
 • ངག་དབང་བསམ་གཏན་ Ngawang Samten
  ང་བཅས་རའི་རྒྱལ་ཚབ་ཏེ་ རྒྱལ་ཚབ་རྣམ་རྒྱལ་དབང་ཕྱུག་ ཨ་ཞེ་ཆོས་སྐྱིད་ཀྱི་ནུ་གཅུང་། རྒྱལ་པོ་འབྲུག་རྒྱལ་གཉིས་པའི་སྲས་ཏེ་ འདི་ཚུ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ བལ་བཏོན་འབག་འོང་ཞིནམ་ལས་ཡང་ ཁོ་གིས་ ཡ་ཁྲ་དང་དམར་ཁྲ་འཐག་ནི་འདི་ཚུ་ འ་ནཱི་འདི་ཚུ་ཏེ་ བླ་མའི་དགོན་པ་ལུ་ བལ་བཙོང་མི་འདི་བཙུགས་ཏེ་ མི་སེར་འདི་ཚུ་ བཀྲམ་སྤེལ་འབད་དེ་ གནམ་མེད་ས་མེད་ ཡ་ཁྲ་འཐག་བཅུག་ དམར་ཁྲ་འཐག་བཅུག་མི་ ཁོ་གི་བཀའ་དྲིན་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཀེ་བ་བཙུགས་ནི་འདི་ཚུ་ཡང་ འགོ་དང་པ་ཁོ་ཨིན་ཏེ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  མ་པ་སོན་འདི་ ཀེ་བ་གི་སོན་ ཨ་ཙི་རེ་འདི་ ཧེ་མ་ལས་ར་སྡོད་སྡོདཔ་ཨིན་པས་སྨོ?
 • ངག་དབང་བསམ་གཏན་ Ngawang Samten
  ཀེ་བ་འདི་ ཨ་ཙི་རེ་ ཧེ་མ་ལས་ར་ཡོད། ང་བཅས་ར་གིས་བཙུགས་མི་དགོ་ཏེ་ཁོ། དུས་ཅི་ལུས་པ་ཅིན་ ཆུང་ཀུ་ཅིག་ལས་ཡང་ སང་ཕོད་སྐྱེས་འོང་། ཏེ་འདི་གིས་ཡང་ སྐྱེས་ནི་འདུག་ད་རུང་།
 • ངག་དབང་བསམ་གཏན་ Ngawang Samten
  དུས་ཅི་བརྐོ་སྦེ་ བཀོག་བཞག་པ་ཅིན་ ཆུང་ཀུ་ལུསཔ་ད་ལུ་ སང་ཕོད་སྐྱེས་འོང་། ཀེ་བ་ དེ་སྦེ་དཀའཝ་སྤྱད་དེ་བཙུགས་མི་དགོ་ ཕུད་རྡོག་གཅིག་ཡང་།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་ ད་ལྟོ་འབད་བ་ཅིན་ ཀེ་བ་ ཛའི་་་་་གླང་རྡོ་ ༢ དང་ ༣ དེ་ལས་ ཨེ་ཀར་སྦེ་བཙུགས་ཏེ་ ག་དེམ་ཅིག་ཡར་རྒྱས་འགྱོཝ་སྨོ། དང་ཕུ་ དེ་བཟུམ་འདི་ མ་པ་ལས་ར་མིན་འདུག་ བཙུགས་ནི་གི།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཟ་ནི་དང་འཐུང་ནི་གི་ཡང་ད་ ནཱ་གི་འདི་ཚུ་དང་ རྒྱ་ཛ་ ཆུ་མིག་པ་འདི་ཚུ་འབད་བ་ཅིན་ ནཱ་ལས་མར་ བསམ་ཆོས་གླིང་དང་ ཀུན་དགའ་རབ་བརྟན་ལས་མར་འགྱོཝ་མས།
 • ངག་དབང་བསམ་གཏན་ Ngawang Samten
  ཀྲོང་གསར་ཁ་ཐུག་ལུ་སྦེ་ ཐལ་བ་ཅིན་ གཏུང་ལ་ལ་དང་ ངག་དེ་ལ་ལས་འགྱོ་འོང་། ཕྲང་ལམ་སྦེ་ གླང་མཐིལ་ལུ་འགྱོ་བ་ཅིན་ གླང་མཐིལ་དང་གདུང་འགྱོ་བ་ཅིན།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ གླང་མཐིལ་དང་གདུང་འགྱོ་མི་འདི་ཚུ་ ཕར་ངག་དེ་ལ་ཁར་ ཁཝ་རྐྱབ་སྟེ་མ་ཐལ་བ་ཅིན་ གཏུང་ལ་ལ་ལས་འགྱོ་འོང་། གཏུང་ལ་ལ་ལས་ཡང་མ་ཐལ་བ་ཅིན་ ཡོ་ཏོང་ལ་ལས་འགྱོ་འོང་ཏེ། ཀྲོང་གསར་བསྐོར་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ འ་ནཱ་ལས་འགྱོ་སྟེ་ ལ་ལུ་ཅིག་ ངོ་ཤེས་ཡོད་མི་འདི་ཚུ་ ཉེཝ་འདི་ཚུ་གི་ཁ་ཐུག་ལས་བྱིན་འོང་། དེ་ལས་བཙོང་ནི་ཡོད་པ་ཅིན་ གོ་ལ་རྙིངམ་ཅིག་འབག་རུང་ མཐའ་ས་ལུ་གོ་ལ་མི་འོང་དེ་བསྒང་།
 • ངག་དབང་བསམ་གཏན་ Ngawang Samten
  གོ་ལ་རྙིངམ་ཅིག་བྱིན་པ་ཅིན་ ཁོང་ལུ་བཟང་གོ་བཏུབ། དགའ་སྟེ་མི་ཚུགས། འ་ནཱི་སྦེ་ གོ་ལ་འདི་ཚུ་འབག་སྟེ་འགྱོཝ་ད་ མར་ལས་ཚུར་བྱིན་འོང་ཏེ། ཡོད་མི་འདི་ཚུ་གིས་རེད་ཁལ་ ༢ དང་ ༣ རེ་བྱིན་འོང་། མེད་མི་འདི་ཚུ་གིས་བྲེ་ ༡༠ རེ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དེ་བསྒང་ལས་རང་ཡོདཔ་ཨིན་ན? བུམ་ཐང་དམར་ཁྲ་ལོ་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  བུམ་ཐང་དམར་ཁྲ་དེ་བསྒང་རང་ཡོད། དེ་བསྒང་རང་ རོགས་བུམ་ཐང་དམར་ཁྲ་ཟེར་མི་ཚུ་ ང་བཅས་ར་ནཱ་གི་བལ་གྱི་དམར་ཁྲ་ཨིན། དེ་ལས་ ཡར་བོད་ལས་མར་ པི་པ་པགས་ཀོ་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  ལུག་གི་པགས་ཀོ་སྐམ་སྐམ་དོ་བཟོ་སྟེ་ སྦོམ་ཆུང་འ་ནཱི་རེ་འོང་། པི་པ་པགས་ཀོ་འབག་དགོ་ཡར་ལས་ ཚོང་དཔོན་འདི་ཚུ་གིས།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱབ་ཐང་ཚོང་དཔོན་ དེ་ལས་མར་ཀྲོང་གསར་ཚོང་དཔོན་འདི་ཚུ་གིས་ བུམ་ཐང་བྱ་དཀར་ཚོང་དཔོན་དང་ཀྲོང་གསར་ཚོང་དཔོན་འདི་ཚུ་གིས་ ཡར་ལས་མར་ པི་པ་པགས་ཀོ་དོ་སྦེ་འ་ནཱེམ་རེ་འོང་མས། པགས་ཀོ་ཙང་ཙ་ སྤུ་ཨ་ནཱེམ་འབད་འབདཝ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་འ་ནཱི་ ནཱ་འབག་སྟེ་ འཁྱུ་བཤལ་ཞིན་ན་ དེ་ལས་སྤུ་སྦལཝ་ཨིན་ན་ བཏོགཔ་ཨིན་ན་མ་ཤེས། འ་ནཱི་འདི་ཚུ་ སྤྲོད་ཐགས་སྦེ་སྤྲོདཔ་མས་ སྲང་འཇལ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དམར་ཁྲ་འཐག་ནི་གི་ ཐགས་ཤེས་མི་ཚུ་ལུ་ རྒེད་འོག་རེ་ལུ་ འ་ནཱེམ་ཅིག་ཟེར་ གྱངས་ཁ་རྐྱབ་སྟེ་ སྤྲོད་ཐགས་འཐག་ནི་གི་སྤྲོད་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ང་བཅས་ར་ ནཱ་གི་གཡུས་ཚན་ཚུའི་ནང་ ཡར་འབྱོགཔ་འདི་ཚུ་འབད་སར་ལུག་འོང་། སྟང་པ་ཚུ་འབད་སར་ཡང་འོང་། ཆོས་འཁོར་སྟོད་ལས་ཡར་ཡང་འོང་། དེ་ལས་ ཆུ་སྨད་པ་ཚུ་ལུ་ཡང་འོང་། ཕར་དཔལ་ལི་ལ་ལས་ཕར་ ལུག་འདི་ཚུ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ད་མིན་འདུག་མེན་ན་ལགས་ ཡོད་ག་ད་ལྟོ་ཡང་?
 • ངག་དབང་བསམ་གཏན་ Ngawang Samten
  རེ་རེ་ཡོད་ ཡོད་རུང་ ལཱ་ཁག་འབད་བལ་གསོ་མི་དགོ་བ། བལ་འདི་ད་ རོགས་ཀྱིས་འཐག་ཆོག་ཆོག་སྦེ་ སྐུདཔ་མར་ལས་ཐོནམ་མས། རྒྱ་གར་ལས་ ད་སྤྲོད་ཐགས་ཡང་འཐག་མ་དགོ སྤྲོད་ཐགས་དམར་ཁྲ་ཡང་ འཐག་མ་དགོ ཁོང་ར་གྱོན་ནི་ཡང་ རྒྱ་ལས་ཉོ་འབདཝ་ད།
 • ངག་དབང་བསམ་གཏན་ Ngawang Samten
  སྤྲོད་ཐགས་འདི་ཚུ་ཡང་ རྩ་བ་ལས་རང་ མཇུག་བསྡུ་ཡི། ཏེ་འ་ནཱི་སྦེ་འགྱོཝ་མས་འགྱུར་བཅོས།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་དང་ཕུ་ པགས་ཀོ་འདི་ཚུ་ཡང་ པི་པ་པགས་ཀོ་ཡར་ལས་བཏོན་ཏེ་ འཁྱུ་བཤལ་རྐྱབ་སྟེ་ ཛའི་་་སྟབས་ཅིག་ཁར་ ཁྲལ་པ་ཨིན་རུང་ཨིན། གྲྭ་པ་ཨིན་རུང་ཨིན། པགས་ཀོ་འདི་གྱངས་ཁ་རྐྱབ་སྟེ་སྤྲོད་ཞིནམ་ལས་
 • ངག་དབང་བསམ་གཏན་ Ngawang Samten
  འཁལ་ཏེ་ འཁྱུ་བཤལ་ཏེ་འཐག་ ཚོས་རྐྱབ་སྦེ་འཐག་དགོ་ཏེ། ད་རུང་ འ་ནཱི་ གཙང་རྒྱ་དགོ་པས། བཙོད་དགོ་པས། རྒྱ་ཚོས་དགོ་པས། དེ་སྦེ་ ཚོས་འདི་ཚུ་ མཐའ་ས་ལས་འཚོལ་འབག་འོང་ཞིནམ་ལས་ ཚོས་རྐྱབ་པའི་ཤུལ་ལུ་འཐག་སྦེ་ཕུལ་དགོ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ འདི་ཡར་ཕུལཝ་ད་ [སྤྱང་ཕྱི་ཞིབ་ནང་ཞིབ་?]ཟེར་ཡོད་པ། ནང་ཞིབ་འདི་ཚུ་ལུ་ དམར་ཁྲ་ལེགས་ཤོམ་འདི་གནང་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  བར་ཞིབ་འདི་ཚུ་ལུ་ ཀྲིག་ཀྲི་ཅིག་འབད་མི་འདི་གནང་འོང་། དེ་ལས་ སྤྱང་ཕྱི་ཞིབ་ལུ་འདི་ འདི་ལྷོད་འོང་སྟེ། སྦ་ཟབ་སྦོ་ཟོབ་འབད་མི་གི་དམར་ཁྲ།
 • ངག་དབང་བསམ་གཏན་ Ngawang Samten
  དམར་ཁྲ་ཨིན་ཟེར་ ཁྲ་དམར་ཁྲ་བཟུམ་མཐོངམ་ཨིན། གསོབ་སྟེ་རང་གྱོན་མི་ཚུགས་ཏེ་། གནམ་མེད་ས་མེད་གསོབ་སྟེ། དེ་ལས་ ལ་ལུ་ཅིག་ འ་ནཱི་བཟུམ་ཚུདཔ་ད་ ཨ་ནཱི་ གནགཔོ་འདི་ཚུ་འདི་ གཡག་གི་སྤུ་ཡང་བཙུགསཔ་ཨིན་ལོ་ཏེ་རོགས་ཀྱིས།
 • ངག་དབང་བསམ་གཏན་ Ngawang Samten
  སྐུདཔ་ལེགས་ཤོམ་ཚུ་ ཁོང་ར་བཞག་ཞིན་ན་ གཡག་གི་སྤུ་བཙུགས་ཏེ་ ག་ཅི་སྦེ་མི་གསོབ་ནི་སྨོ? གཟུགས་ཁར་གྱོནམ་ད་ར་ ཚདཔ་ཚ་བ་ཅིན་ གཡའ་སྟེ་རང་མི་ཚུགས་པས། དེ་བཟུམ་མའི་ དང་ཕུ་ཏེ་ དེ་བཟུམ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨ་པ་ ཁྱོད་ར་གིས་ཡང་ བྱོན་ཡི་ག་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  བྱོན་ཡི་ ཧེ་མ་དཔོན་གྱིས་གནང་སྟེ། ཡུམ་པདྨོ་བདེ་ཆེན་གྱི་ཕྱག་ཞུ་སྟེ་སྡོདཔ་ད་ ཡ་བླ་མ་་་་་ ཡུམ་པདྨོ་བདེ་ཆེན་གྱི་ཕྱག་གཡོགཔ་སྒརཔ་འདི་ཚུ་དང་ འབྲུག་རྒྱལ་གཉིས་པ་གི་བྱ་རོག་འདི་ཅོགས་ར་འཐད།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨ་པ་ཁྱོད་ར་ཡང་ ཡུམ་གྱི་ཕྱག་ཞུ་སྟེ?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་་་་་་་ དེ་ལས་འབྲུག་རྒྱལ་གཉིས་པའི་སྐབས་ལུ་ཡང་ (Speaker clears his throat) ཕར་དང་ཚུར་ བང་ཆེན་རྐང་རྒྱུག་ འགྱོ་དགོཔ་ཡོད་བ། དེ་བསྒང་ཡུམ་གྱི་སྒརཔ་འདི་ཚུ་བཏང་འོང་ཏེ། ད་རེས་ ཁྱོད་གཞལམ་སྒང་འགྱོ་ཤིག་ཟེར་བ་ཅིན་ གཞལམ་སྒང་འགྱོ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ཡུམ་པདྨོ་བདེ་ཆེན་གྱི་བྱ་རོགས་འདི་ སྤུ་ན་ཁ་ལུ་འགྱོ་ཤིག་ཟེར་བ་ཅིན་ སྤུ་ན་ཁ་ལུ་འགྱོ་དགོ སྤ་རོ་འགྱོ་ཟེར་བ་ཅིན་ སྤ་རོ་འགྱོ་དགོ་ བཀྲིས་སྒང་འགྱོ་ཤིག་ཟེར་བ་ཅིན་ བཀྲིས་སྒང་འགྱོ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ལྷུན་རྩེ་འགྱོ་ཟེར་བ་ཅིན་ ལྷུན་རྩེ་འགྱོ་དགོ འ་ནཱི་སྦེ་བསྐོར་རྒྱབ་འབད་དེ་འགྱོ་དགོ་ཏེ། སྡོད་ནི་མེད་སྒརཔ་ཡང་། ཟླཝ་རེ་ལུ་གཟིམ་གཅུང་སྒོ་ཁར་ ཞག་ ༢ དང་ ༣ སྡོད་ནི་ཐོབ་པ་ཅིན་རྒྱས་པ་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  ད་རུང་ རྐང་རྒྱུག་འགྱོ་དགོ
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དེ་བསྒང་ལུ་ ཨ་པ་གི་ཡང་འགན་ཁུར་ སྒར་པ་གི་འགན་ཁུར་ཨིན་ན་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  ཨིན།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨེའེ་་་་་་་ སྒརཔ་འདི་ཚུ་འདི་ ཧེ་མ་གནམ་མེད་ས་མེད་ ཤུགས་ཡོད་ཟེར་སླབ་མས། གཡུས་ཚུ་ནང་འགྱོཝ་ད་ ག་དེ་སྦེ་སྨོ་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  ཛའི་་་་་་་ དང་ཕུ་ ཨ་ནཱི་སྒར་པ་འདི་ཚུ་ ལོ་ ༡༢ སོངམ་ད་ བང་ཅན་ཟེར་ བང་ཅན་ཚར་གཅིག་ཐོབ་བ། ལོ་ ༡༢ མ་འགྱོ་ཚུན་ཚོད་ བང་ཅན་མི་ཐོབ། དེ་ལས་ ཐུགས་གཏད་དགོངས་གཏད་བཟུམ་ཅིག་ཡོད་པ་ཅིན་
 • ངག་དབང་བསམ་གཏན་ Ngawang Samten
  ལོ་ ༤ དང་ ༥ འགྱོ་རུང་ཡང་ བང་ཅན་ཐོབ། བང་ཅན་མ་ཐོབ་པ་ཅིན་ སྒར་པའི་གྲས་ཁར་རང་མི་རྩིས། ལ་ལུ་ཅིག་ ལོ་ཁལ་སོང་རུང་ སྐུ་མདུན་འཛུལ་རང་མི་དགོ མར་ཕྱི་ཁ་ལས་ཕར་སྡོད་ནི་རང་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  མར་[གཟིམ་མི་ནམ?] མགྲོན་གཉེར་དང་ རྟ་དཔོན་འདི་ཚུ་གིས་ཏེ་ གཟིམ་དཔོན་འདི་ཚུ་གིས་ལཱ་བཀོལ་ཡི་བཀོལ་ཡི་བཏང་འོང་ ཕྱི་ཁ་རང་། དཔོན་གྱི་ཞལ་རང་མཇལ་མི་དགོ
 • ངག་དབང་བསམ་གཏན་ Ngawang Samten
  འདི་ཚུ་འདི་ ཤི་རན་རུང་ སྒར་པ་ཨིན་ཟེར་ མིང་ཨིན་པས་། ཡར་ཞལ་མཇལ་དགོཔ་མེད། ཞལ་མི་མཇལ། དེ་ལས་ ཁོང་རའི་ ཐུགས་ཁར་ཡོད་པ་ཅིན་ ལོ་མ་ཚང་རུང་ བང་ཅན་འབད་བཏང་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  བང་ཅན་བཏངམ་ད་ ཏེ་བཀའ་ཤོག་ནང་ལུ་ མ་འཐུས་འཐུསཔ་སྦེ་འོང་། རྩ་བ་རེ་རེ་ལས་ འ་ནཱེམ་རེ་ལེན་དགོ་ཟེར། ཕུལ་ཆ་འ་ནཱེམ་རེ་ འབག་འོང་དགོ་ཟེར། [ལཱ་བཅད་?] ཨིན་པ་ཏེ། [ལཱ་བཅད་?]ལུ་ ཤོ་ཐེངས་ ༢ དང་ ༣ དེ་ཅིག་ལྷོད་ཅི།
 • ངག་དབང་བསམ་གཏན་ Ngawang Samten
  [སྤྲོད་ཐགས་ངོ་བླང་?]ལུ་ ཚར་ ༢ ལྷོད་ཅི། [ཚྭ་བསྡུས་ལམ་ཆུད་?]ལུ་ ཤོ་ཐེངས་ ༢ ཨིན་པས། འ་ནཱི་སྦེ་ལྷོད་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་སྦེ་འགྱོ་དགོ དེ་སྦེ་བང་ཅན་འགྱོ་མི་འདི་ཚུ་ ད་ལྟོ་འབད་བ་ཅིན་ བློན་པོ་བསྐོས་བསྐོསཝ་བཟུམ་ཅིག་ཨིན་པས་མེན་ན།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  སྒརཔ་གི་གྲས་ལས་ བང་ཅན་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་འདི་ཚུ་ བང་ཅན་སྒརཔ་ཨིན་ཟེརཝ་ད་ ཏེ་ཆ་རོགས་འདི་ཚུ་ གནམ་མེད་ས་མེད་ ཁ་རྗེ་དང་བསོད་ནམས་འདུག་ ཟེར་མནོཝ་མས་ཏེ་ཁོང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ད་བང་ཅན་འགྱོ་དགོ་པ་ཅིན་ དེ་ལས་རྩ་བ་འདི་ཚུ་དང་སྒར་པ་འདི་ཚུ་ ནཱ་ལོ་གཅིག་ཁེངས་ལས་ཐོན་དགོ་ སྤང་བརྐོ་བར།
 • ངག་དབང་བསམ་གཏན་ Ngawang Samten
  ཨ་ཕར་ པད་ཚལ་གླིང་ལས་ཡར་སྦེ་ པད་ཚལ་གླིང་ལྷ་ཁང་གི་འོག་ལུ་ཚུན་ སྤང་བརྐོ་ནི་གི་ འ་ནཱི་ཡར་ལས་འབད་བ་ཅིན་ སྐྱིད་དཀྱི་ལ་ཚུན་ཚོད་བརྐོ་ནི་གི་ ཕར་འབད་བ་ཅིན་ བར་ལ་ཚུན་ཚོད་བརྐོ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ལོ་བསྐོར་འབད་དེ་ ལོ་གཅིག་ཁེངས་ཀྱིས་བརྐོ་བ་ཅིན་ ལོ་གཅིག་བཀྲིས་སྒང་པ་ཚུ་གིས་བརྐོ་དགོ
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  དེ་སྤང་བརྐོ་སྟེ་ ག་ཅི?
 • ངག་དབང་བསམ་གཏན་ Ngawang Samten
  བྱཱོ་བཏབ་ནི་གི་དོན་ལུ་ཏེ། ཨོང་་་་་ བྱཱོ་བཏབ་ནི་གི་ སྒར་པ་འདི་ཚུ་ལུ་ལྟོ་བྱིན་ནི་གི་ དྲོན་གོང་ཀོག་ཏོ་རེ་རེ་ཏེ་ འ་ནཱི་ཟ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ འ་ནཱི་ལཱ་ནང་ཐོན་མ་བཏུབ་ད་ དེ་ལས་སྒར་པ་བཏང་འོང་བ་ཏེ།། །།