Skip to main content Skip to search
25 Aug 2018
52 min 56 sec
Video Overview
Creators: 
Yeshi Wangchuk

Ngawang Samten of Wangdi Choling Village shares his account of working as a court attendant to the king in Kinga Rabten Palace in Trongsa district, during the reign of the second king Jigme Wangchuck. He travelled with the king from one district to another on foot, staying the night at homes that opened their doors to them. The king offered gifts and money to the owners which made them very happy. However if one of the personal attendants were stingy, he would refuse to give the king's gifts and money to the owners and instead keep them for himself. Ngawang Samten adds that only the personal attendants of the king wore the Patang (Sword of Honor) which was personally awarded to them by the king himself. There were only ten of them who wore the Patang those days.

 

བུམ་ཐང་རྫོང་ཁག་ ལྕམ་མཁར་ཁྲོམ་སྡེ་ དབང་འདུས་ཆོས་གླིང་གཡུས་ཚན་ལས་ངག་དབང་བསམ་གཏན་གྱིས་ དེ་བསྒང་ཁོ་ར་ ཀྲོང་གསར་རྫོང་ཁག་ ཀུན་དགའ་རབ་བརྟན་ཕོ་བྲང་ནང་སྦེ་ མི་དབང་འབྲུག་རྒྱལ་གཉིས་པའི་སྐུ་མདུན་ལུ་ སྒརཔ་སྦེ་ཕྱག་ཞུ་སྡོད་པའི་བསྒང་གི་ལོ་རྒྱུས་བཤདཔ་ཨིན་མས། ཁོ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་མཉམ་ཅིག་ རྫོང་ཁག་གཅིག་ལས་གཅིག་བརྒྱུད་དེ་རྐང་ཐང་སྦེ་ལམ་འགྱོ་སྟེ་ ནུབ་མོ་མི་གནགཔོ་ཚུ་གི་ཁྱིམ་ནང་བཞུགས་གནང་པའི་སྐབས་ མ་དངུལ་གྱི་གསོལ་རས་གནངམ་ད ཁྱིམ་གྱི་ཇོ་བདག་ཚུ་ སེམས་དགའཝ་ཨིན་རུང་ སྐུ་སྒེར་གྱི་ཕྱག་མཛོདཔ་འདི་ ལགཔ་དམ་དྲགས་ཡོད་པ་ཅིན་ ཞབས་ཀྱིས་གནང་མི་ཚུ་མར་མ་བྱིན་པར་ ཁོ་ར་ལུ་བཞགཔ་ཨིན་ཟེརཝ་མས། དེ་བསྒང་དཔོན་གྱི་སྐུ་སྒེར་ཕྱག་མཛོདཔ་བརྩིས་ཏེ་ དཔའ་རྟགས་ཐོབ་མི་ ༡༠ ཡོདཔ་མས།

Transcript search
No results found for this search
0 of 0
 • ངག་དབང་བསམ་གཏན་ Ngawang Samten
  བྱང་ཕུག་ ནཱན་ལྡི་ལ་ཟེར་མི་གི་ཁྱིམ་ནང་ལྷོདཔ་ད་ ཡ་བླ་མ་་་་་ དེ་བསྒང་ མར་མཆོད་རྟེན་བསྐོར་ར་ལུ་འགྱོ་སའི་མར་ སྡུག་སྐྱིད་(སྡུག་ཏི་)ཟམ་པ་ སྒོ་མོ་བསྐོར་ར་བརྒལ་ཏེ་འགྱོཝ་ད་ ད་ལྟོ་འབད་བ་ཅིན་ ཡང་རྩེ་འགྱོ་ས་ ཆུ་བརྒལ་ཏེ་ ཕར་ལས་འབད་བཟོ་ནུག་བ། གྱེན་གུ་ལས་ཡར་ དང་ཕུ་འབད་བ་ཅིན་ ཆུ་གི་ཚུར་ཁ་ཐུག་ལས་ཨིན་ ཡང་རྩེ་འགྱོ་ས།
 • ངག་དབང་བསམ་གཏན་ Ngawang Samten
  མར་ལས་བྱང་ཕུག་འགྱོ་ས་འདི་ སྡུག་སྐྱིད་(སྡུག་ཏི་)ཟམ་ཟེར་ ཟམ་ཅིག་ མར་ཁོ་ལོང་ཆུ་གུ་ལས་ཡར་རྐྱབ་སྟེ་ཡོད། འ་ནཱི་ལས་འགྱོཝ་ད་ དམག་མི་ཤོ་ཐེངས་དང་པ་ བཙག་འཐུ་འབད་བའི་བསྒང་ལུ་ཨིན་པས་ འགོ་དང་པ།
 • ངག་དབང་བསམ་གཏན་ Ngawang Samten
  དམག་མི་ དཔོན་ཆེན་ལ་འདི་ཚུ་ཨིན་པས་དེ་བསྒང་། ཤོ་ཐེངས་དང་པ་ དམག་མི་བཙག་འཐུ་འབདཝ་ད་ མར་ལས་སྦེ་འགྱོ་སྟེ་ ཁྱི་སྙིང་ཟེར་ས་ལུ་ལྷོདཔ་ད་ ཟླཝ་དང་པའི་ཚེས་ ༡ གི་ཉིན་མར་ འ་མར་ལྷོད་ནུག ཁྱི་སྙིང་ལུ་ལྷོད་ཅི་ང་གིས།
 • ངག་དབང་བསམ་གཏན་ Ngawang Samten
  ཁྱི་སྙིང་ལུ་ལྷོདཔ་ད་ ཛའི་་་་་་་ དམག་མི་གསརཔ་བཙག་འཐུ་འབད་དེ་ མི་ཁལ་གསུམ་དེ་ཅིག་འཐུ་སྦེ་ བཙག་འཐུ་འབད་ཚར་ཏེ་འདུག་ འདི་ཁར་ གྱལ་བསྒྲིགས་ཏེ་ ས་ལམ་(སྟི་སྭོ་)རྐྱབ་པའི་བསྒང་འདུག་ བླ་མ་་་་་་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཨམ་འདི་ཚུ་ག་ར་མར་ཆང་བསྒྲིགས་ཏེ་དེ་བསྒང་ དཔའ་རྟགས་བེན་དཔྱངསམ་དཔྱངས་ས་ཨིནམ་བ། ད་ལྟོ་བློན་པོ་འདི་ཚུ་བཟུམ་སྦེ་ར། ག་ཏེ་འགྱོ་རུང་དཔའ་རྟགས་བེན་དཔྱངསམ་དཔྱངས་ས་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  འབྲུག་རྒྱལ་གཉིས་པ་གིས་གནང་གནང་པའི་དཔའ་རྟགས། ཏེ་འ་ནཱི་དཔའ་རྟགས་ བང་ཅན་སྒརཔ་མ་གཏོགས་ བཏགས་ནི་མེད། དེ་ལས་ ནཱ་སྒྲིག་རྒྱུག་མི་འདི་ཚུའི་གྲས་ལས་ ཕྱག་སྒརཔ་མ་གཏོགས་ དཔའ་རྟགས་བཏགས་ནི་མེད་བ།
 • ངག་དབང་བསམ་གཏན་ Ngawang Samten
  དཔོན་གྱི་རང་ཨིན་རུང་ ཕྱག་སྒརཔ་ ཡར་སྐུ་མདུན་ལུ་གཡོག་རྐྱབ་མི་མ་གཏོགས་ ཏེ་ཕྱག་སྒརཔ་ལྷ་དར་ལ་ལོ་ ཆུ་སྨད་ལས་ཨིན་ ལྷ་དར་ལ།
 • ངག་དབང་བསམ་གཏན་ Ngawang Samten
  ཐེག་རྒྱལ་ལ། ཤིང་ཀྲུ་ལ། དཔྱད་ཀྲ། དེ་ལས་ ནཱ་ནམ་མཁའ་རྡོ་རྗེ་ཟེར་ཡོད། ནམ་མཁའ་རྡོ་རྗེ་ སི་སི་དབང་དྲག ཀ་ལུ། འོ་་་པདྨ་རྡོ་རྗེ་ འདི་ཚུ་མ་གཏོགས་ དཔའ་རྟགས་བཏགས་ནི་མེད། ཁོང་མི་ ༡༠ མ་གཏོགས་ གཞན་མི་འདི་ཚུ་ དཔའ་རྟགས་བཏགས་ནི་མེད་བ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ འ་ནཱི་བང་ཅན་འགྱོ་མི་འདི་ཚུ་ འ་ནཱི་དཔའ་རྟགས་བཏགས་ཏེ་འགྱོ་ཆོག ཏེ་གཟིམ་སྒརཔ་ཟེར་ འབོ་འོང་འབོ་ཡང་། དེ་ལས་ ང་ད་ལྟོ་ ནཱ་ལྷོད་པ་ཅིན་ གཟིམ་སྒརཔ་ ནཱ་ལྷོད་ཅི་ཟེརཝ་ཅིག་
 • ངག་དབང་བསམ་གཏན་ Ngawang Samten
  ནཱ་གི་གདུང་ ཆོས་རྗེ་ མཁོ་ཆོས་ དཔོན་ཆོས་ཟེར་ཡོད་པ་དེ་བསྒང། འདི་ཚུ་གིས་ ལམ་ཡིག་ ནཱ་ལྕམ་མཁར་ལས་ཕར་འགྱོ་ནི་ཨིན་ཟེརཝ་ད་ ལམ་ཡིག་ཕར་བཙུགས་འོང་། གཟིམ་སྒརཔ་ནཱ་ལྷོད་ཅི། ཆུ་ཚོད་འ་ནཱིམ་ཅིག་ཁར་ ལྕམ་མཁར་ལྷོད་དོ་ཟེར་
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ཏེ་ ནཱ་ལས་ཚུར་ བུན་འབག་པ་ཟེར་ ཁུར་ཆ་འབག་ནི་མེད་རུང་ ཕད་ཅུང་ཆུང་ཀུ་ཅིག་འབག་མི་ཅིག་བཏོན་དགོ དེ་ལས་རྟ་གཅིག་བཞོན་སྒ་བཀལ་ཏེ་རང་འོང་། རྟ་འཁྱིདཔ་ཟེར་ རྟ་འཁྱིད་མི་ཅིག་ཐོན་དགོ
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ཏེ་ རྟ་འཁྱིདཔ་ཅིག་ དེ་ལས་ལམ་ཡིག་སྐྱེལ་མི་ ཧེ་མ་འགྱོ་འོང་། འ་ནཱི་ཁར་ལྷོད་ཅི། གཟིམ་སྒརཔ་བྱོནམ་མས་གོ་ཟེར། དེ་ལས་ ལམ་ཡིག་ལྷོདཔ་ཅིག་ ཡི་གུ་ཕར་བཙུགས་ དེ་འཕྲོས་ལས་ ཧེན་རྒྱུག་པ་ ༡ བུན་འབག་པ་ ༡ རྟ་འཁྱིདཔ་ ༡ ཏེ་ འ་ནཱི་སྦེ་ཐོན་ཏེ་འགྱོ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  འགྱོཝ་ད་ ལྕམ་མཁར་ལྷོདཔ་ད་ལུནི་ཏེ་ ནཱ་ལྕམ་མཁར་གྱི་གདོང་སྐོར་ལུ་ ཕར་བཅའ་སྒྲིག་རྐྱབ་སྟེ་འོང་། མར་ཆང་བཀང་སྦེ་གྱལ་སྒྲིག་ཞིན་ན་ བཀབ་ནེ་བཀབ་སྟེ་ ད་ལྟོ་དཔོན་བྱོན་རུང་ བཀབ་ནེ་བཀབ་སྟེ་ དེ་སྦེ་འབད་མི་དགོ་པས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དཔོན་བྱོན་མ་བྱོན་ཡང་མི་ཤེས་པས། སྣུམ་འཁོར་ནང་ཕྲང་བྱོན་ཏེ་དབའེ། ཁོ་ཏེ་ མི་དབང་མངའ་བདག་རྒྱལ་པོ་ཨིན་པས་ཏེ། དེ་བསྒང་ མངའ་བདག་རྒྱལཔོ་འདི་ཚུ་ གཡུས་བཤལ་ཏེ་བྱོན་ནི་མིན་འདུག་བ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་ལྕོགས་རུང་མ་ལྕོགས་རུང་ སྒརཔ་འདི་ཚུ་ཨིན་པས། ཏེ་སྒར་པ་འདི་ཚུ་ དཔོན་ལས་ལྷག་པས་ཏེ་ བླ་མ་་་་་་། དེ་ལས་ཕར་ལུ་ མར་ཆང་བཀང་སྟེ་བཀབ་ནེ་འབག་སྦེ་ ཕྱག་དབང་བཅར་བ་འགྱོ་མི་འདི་གིས་ དོན་དག་ཡོད་རུང་མེད་རུང་ ལྕོག་ཙེ་གུ་མར་ཆང་བཀང་སྦེ།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་ཨ་ཕི་ནང་ ཚར་ཅིག་ས་ཁར་སྡོད་དགོ དེ་ལས་ ཕར་ལས་ལོང་སྟེ་ ཕར་ཨ་ར་ལུ་ འགྱོ་ནི་ཨིནམ་པ། ད་རུང་ འདི་ཁ་གི་མི་ཚུ་ མར་བྱ་དཀར་ཁ་ཐུག་ལུ་བཏང་འོང་ཏེ་ ཕྲང་ཏེ། བྱ་དཀར་མེན་པ་ད་རུང་ གོང་མཁར་ལུ་གཡུས་ཅིག་འདུག་བ། གོང་མཁར་ལུ་ད་རུང་ མར་ཆང་བཀང་བཅུག་འོང་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  གཡུས་ཡོད་ཚད་མེད་ཚད་ཅིག་ལུ་ མར་ཆང་བསྒྲིགས་ཏེ་ སྡུག་མི་སྡུག་ཨིན་པས་ཏེ། དེ་སྦེ་དཀའཝ་སྤྱད་མི་སྤྱད་བཟོ་སྟེ། ཕྲང་སྟེ་ཡར་འགྱོ་སྦེ་ དེ་སྦེ་སླབ་མི་དགོ་པས་ཟེརཝ་ད་ འགྲོ་ལུགས་འདི་ལུ་མ་བཏུབ་ཨིན་ལོ་ ལམ་ཕྲང་སྟེ་འགྱོ་ནི་ཡང་ གཡུས་ཡོད་ཚད་བསྐོར་ར་རྐྱབ་སྦེ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ཉིནམ་གཅིག་ལུ་ལྷོད་ནི་གིས་ ཉིནམ་ ༢ དང་ ༣ དེ་ཅིག་ བསྒོར་བལྟབ་བཟོ་སྟེ་ འ་ནཱི་འབད་དེ་ མི་སེར་དཀའཝ་སྤྱད་ནུག་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འདི་ཁར་ མར་ཆང་བཀང༌སྟེ༌ མར་ཤར་ཕྱོགས་པའི་གཡུས་ཁར་འབད་བ་ཅིན་ ཨ་ནཱི་ཇན་དུམ་རང་འོང་ཏེ། ད་ཁེངས་ལས་མར་འབད་བ་ཅིན་ པ་ལང་ཨིནམ་འོང་དུམ་སྨོ?
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་འབག་སྟེ་ མར་ཤར་ཕྱོགས་པའི་གཡུས་ཁ་ལུནི་ ཇན་དུམ་རང་ཨིན་ཏེ། ཇན་དུམ་རེ་རེ་འབག་ སྒོང་རྡོག་ཏང་ལོབ་(ཏང་ལོབ་འདི་ཧོད་ཅིག་ཨིན་) གང་གང་འབག་སྟེ་ ཛའི་་་་་་ འ་ནཱི་སྦེ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  དོན་དག་ག་ནི་ཡང་མེད་རུང་ དོན་དག་ཚར་རེ་བཤད་དེ་བྱིན། བཀའ་ཤོག་ཚར་རེ་ལྷག་སྟེ་བྱིན། དོན་དག་ཁྱོད་ཚུ་ལུ་མེན། ང་ས་ཆ་ཨ་ནཱི་ཁར་འགྱོ་ནི་ཨིན་ཟེར་ འབད་ནི་རྐྱངམ་ཅིག་ར་ཨིན།
 • ངག་དབང་བསམ་གཏན་ Ngawang Samten
  ད་རུང་ ཆང་མ་འཐུང་རུང་མི་བཏུབ། མ་འཐུང་རུང་ ལྕོག་ཙེ་གུ་ཆང་ཕོརཔ་གང་ བཀང་རང་བཀང༌དགོ མར་ཆང་ཚར་རེ་བཀང་རང་བཀང་དགོ
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་འདི་ ལོག་སྟེ་ཁོང་ར་ལུ་བླུགས་བྱིན། ད་རུང་ ལོང་སྟེ་འགྱོཝ་ད་ ད་རུང་མར་ཆང་སྒོ་ཁར་ཚར་ཅིག་འབག་འོང་། ལམ་ཁར་ཚར་ཅིག ་འབག་འོང་། དེ་ལས་ ཁྱིམ་ནང་ཚར་ཅིག་འབག་འོང་འབདཝ་ད་ མར་ཆང་ཤོ་ཐེངས་གསུམ་གསུམ་རེ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  མི་སེར་དཀའཝ་སྤྱད་དེ་ དེ་ལས་ནཱ་ལས་ལོང་འགྱོཝ་ཅིག་ ད་རུང་ ཨ་མ་ཕྱི་ཁར་ཨིན་པས་ ལོངམ་ཅིག་ གདན་འཐུ་འབགཔ་ཅིག་ ད་རུང་མར་ལུ་ མར་ཆང་བཀང་སྟེ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  ད་ཅི་ལས་བཀང་ཡི། ད་རུང་ ག་ཅི་སྨོ་ཟེརཝ་ད་ ང་བཅས་ཀྱི་ལུགས་སྲོལ་ཨིན་ཟེར་ མི་ཉན། ཨ་ཕར་ཅིག་ཁར་འགྱོ་སྟེ་ཡང་ ལམ་ཁར་བཀང་འོང་ཏེ་མར་ཆང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  མི་འདི་ཚུ་གིས་རང་ ཉན་མ་བཏུབ་པ་ཡ་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  ལགས།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  མི་ཚུ་གིས་རང་ཉན་མ་བཏུབ་ཨིན་ན་ལགས?
 • ངག་དབང་བསམ་གཏན་ Ngawang Samten
  ཨིན་པས་ ཁོང་ར་གི་ལུགས་སྲོལ་ཨིན་པས། ལུགས་སྲོལ་རང་ཨིན་ལོ། དེ་བཟུམ་འདི་ ཐེབས་ཨིན་པས་ཏེ། ང་བཅས་ ཆང་འདིནི་མི་འཐུང་། མར་ཆང་ག་ཅི་འབད་ནི། དེ་ལས་ དེ་འཕྲོས་ལས་ གཉེར་ཚང་བསྡུཝ་མས་བ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ང་བཅས་ ཟ་སྡོད་ལོང་མེད་ཟེར་སླབ་དགོ འ་ནཱི་འབདན་ མི་དགོ་ འཚབ་མས་ཟེར་སླབ་སྟེ་ གཞན་འབད་བ་ཅིན་ ལྟོ་བཟོ་བྱིན་ནི་ཨིན་པས་ཏེ། དེ་ལས་ ལྟོ་ཟ་སྡོད་པ་ཅིན་འདི་ ད་རུང་ཕགཔ་འབག་འོང་མས་བ་ ཡ་བླ་་་་་་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ང་དེ་སྦེ་སྡོད་ལོང་མེད། འ་ནཱི་ཁར་འགྱོ་དགོ་ ཁྱོད་ཚུ་གིས་ ནཱི་ཡང་ཅ་ལ་སྒྲིག་མི་དགོ་ ལྟོ་མི་དགོ་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  ནཱ་ལས་ཐོན་འགྱོཝ་ད་ ད་རུང་གོང་མཁར་ལུ་ལྷོདཔ་ད་ ད་རུང་དེ་སྦེ་འོང་། མར་ལུ་ཡང་མར་ཆང་བཀང་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  ཡུདཔ་ཐེངས་ཅིག་ལུ་ལྷོད་ནི་གི་ གནམ་མེད་ས་མེད་འགོརཝ་མས། འ་ནཱི་དང་ཅིག་ཁར་ད་རུང་ གོང་མཁར་ལས་ཐོནམ་དནི་ བྱ་དཀར་ལུ་ཡང་དེ་སྦེ་འཛུལ་དགོ
 • ངག་དབང་བསམ་གཏན་ Ngawang Samten
  བླ་མ་་་་་་ དམག་མི་(བཙག་འཐུ་འབད་དེ་འདུག་) འ་ནཱི་དམག་མི་འདི་ཚུ་གིས་ སྟི་སྭོ་རྐྱབ་སྟེ་ དེ་ལས་གཡུས་ཁའི་ཨཔ་དང་ཨམ་འདི་ཚུ་ མཁོ་ཆེ་དཔོན་ཆེ་འདི་གིས་འཁྱིད་དེ་ དེ་ལས་ཕྱག་དབང་ཚར་རེ་བཅར་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ཁར་ཡང་ དེ་སྦེ་ཨིན་ཟེར་ ས་རིམ་ཐོག་ལས་ བཀའ་ཤོག་ཚར་རེ་ལྷག་བྱིན་དགོ རྩ་བོ་གི་ ངོ་བོ་འདི་ལྷག་ནི་མེད། ས་རིམ་ཐོག་གི་འདི་ ལྷག་རང་ལྷག་དགོ
 • ངག་དབང་བསམ་གཏན་ Ngawang Samten
  ཚར་རེ་ལྷག་བྱིན་ཏེ་ དེ་སྦེ་འགྱོ་སྟེ་ རྩ་བོ་ལས་ཐོབ་ནི་ཡོད་རུང་མེད་རུང་ རྫོང་ཁལ་ ༡༥ ཨིན་པས། རྩ་བོ་རེ་ལས་ རྫོང་ཁལ་ ༡༥ རེ་ གཟིམ་སྒར་པ་གིས་ཐོབ། དེ་ལས་ཕགཔ་རེ་རེ་ རྩ་བོ་ལས་ཕགཔ་རེ་རེ་དང་དམངས་ལས་ཕགཔ་རེ།
 • ངག་དབང་བསམ་གཏན་ Ngawang Samten
  མཁོ་ཆེ་དཔོན་ཆེ་ཚུ་ལས་ ཕགཔ་རེ་རེ་ཨིན་པས། ཕགཔ་གསུམ་གསུམ་བཞི་བཞི་གི་ཤ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ འདི་ཚུ་ ཁོང་རའི་ལག་པར་སྤྲོད་སྦེ་ དམངས་ཀྱི་སྡེ་ལེན་གྱི་ཕགཔ་འདི་
 • ངག་དབང་བསམ་གཏན་ Ngawang Samten
  ད་ཆུམ་ཡང་ ཁྱོད་ར་ཚུ་གིས་འབག་འོང་ནུག ཆང་ཡང་ཁྱོད་ར་ཚུ་གིས་འབག་འོང་ནུག་སྨོ་ཤིག ད་འ་ནཱི་ཕགཔ་ཡང་ ཁྱོད་ར་དམངས་སྦུག་ལུ་བཙུགས་ཏེ་ མཛར་ཅུམ་བཟོ་ཟ་རུང་ཟ་ པ་ཊི་(Speaker uses english term) ག་དེ་སྦེ་འབད་རུང་འབད་ཤིག་ཟེར་ བྱིན་བཞག་འོང་། བྱིན་བཞག་སྦེ་ འབག་འོང་ནི་མེད།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་འབག་འོང་རུང་མ་འོང་རུང་ མཁོ་ཆེ་དཔོན་ཆེ་གི་གཅིག་དང་ རྩ་བོ་གི་གཅིག་སྦེ་ ཕགཔ་ ༢ ལེནམ་མས།
 • ངག་དབང་བསམ་གཏན་ Ngawang Samten
  གཡུས་ཚན་རེ་རེ་ལས་ འ་ནཱིམ་ཅིག་ལེན་སྦེ་ དམངས་ཀྱིས་འབག་འོང་མི་འདི་ དམངས་ལུ་ལོག་བྱིན་སྦེ་ དེ་ལས་ཁོང་ར་གཟིམ་སྒར་པའི་ གསོལ་རས་ཨིན་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  འདི་ཁར་ར་ མེ་འཕུ་སྟེ་ ཐབ་ཆས་འདི་ཚུ་འབག་ཞིན་ན་ ཆང་འདི་ཚུ་འཐུང་སྟེ་འགྲངསམ་མས་ཏེ་ ཛའི་་་་་་་ གསོལ་རས་གནང་ཡི་ཟེར་ གཟིམ་སྒར་པ་ སེམས་ཟོགཔ་ཡོད་པ་ཅིན་ མི་བྱིན་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ རྩ་བོ་དང་མཁོ་ཆེ་དཔོན་ཆེ་གི་འདི་ཚུ་འདི་ མཁོ་ཆེ་དཔོན་ཆེ་ཚུ་གིས་བདག་འཛིན་འབད་དེ་ མགུ་སྦྲེལ་འབད་དྲ་ཞིནམ་ལས་ འུ་ལག་དོ་བསྡམས་བཞག་སྟེ་འོང་། ལོག་འོངམ་ད་ལུ་ཀྲིག་ཀྲི་ དམངས་ཀྱི་འདི་ ཁོང་ར་ཆ་ཁྱབ་ལུ་ལོག་བྱིན་འོང་ཏེ། འ་ནཱི་ཅིག་མ་གཏོགས་ཐོབ་ནི་མིན་འདུག
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཕུལ་ཆ་སོ་སོ་རང་འོང་། ཕུལ་ཆ་འདི་ བཀའ་ཤོག་དང་འཁྲིལ་ཏེ་ ལཱ་ཆས་(ཆད)ཀྱི་ཆད་འདི་ཚུ་སྒྲིག་དགོ་པས། མ་འཐུས་འཐུསཔ་སྦེ་ བཀའ་ཤོག་ནང་གི་འདི་ལྷག་བྱིན། ཆད་འདི་ཚུ་ ཁོང་ར་གིས་བསྡུ་བླང་བསྡུ་ འུ་ལག་བསྡམས་ དེ་ལས་ འུ་ལག་སྐྱེལ་བར་ ནཱ་ཚུན་ཚོད་འོང་དགོ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ས་རིམ་ཐོག་ལས་སྐྱེལཝ་ད་ལུ་ གླ་ཁོང་ར་གུ་ཕོགཔ་མས་བ་ཏེ རྩ་བོ་ལུ། ཁོང་ར་རང་འབག་སྟེ་སྐྱེལ་དགོ་ཟེར། ཁོང་ར་གིས་རང་འབག་འོངམ་མས། གླ་བྱིན་པ་ལུ་ གླ་ཐོན་མི་ཚུགས་པས་སྨོ་ཤིག
 • ངག་དབང་བསམ་གཏན་ Ngawang Samten
  གླ་ཐོན་མ་ཚུགསཔ་ད་ ཁོང་ར་གིས་རང་འབག་སྟེ་ རྟ་ལས་མི་འཚོལ་ཞིན་ན་ ཁུར་ཆ་བཀལ་ཏེ་ ཡུདཔ་ཅིག་ ཟླཝ་གཅིག་འབདཝ་ད་འདི་ ལྷོད་ནི་ཨིན་པས་བྱང་ཕུག་ལས་འདི།
 • ངག་དབང་བསམ་གཏན་ Ngawang Samten
  (Speaker Laughs) འ་ནཱི་སྦེ་དཀའཝ་སྤྱད་དེ་འབག་འོང་དགོ་པས་ཏེ། དེ་ལས་ ངན་རྐྱབ་མི་འདི་ཚུནི་ ངན་ཡང་ཚ་མི་ཚ་ཨིན་པས། འ་ནཱི་འདི་ཚུནི་ གུ་ད་མ་ ཐང་ནང་སོང་ཞིནམ་ལས་
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ མར་དྲགོས་བཀྲིས་དང་ རྡོ་ཕོག་ལ་འདི་ཚུ་ཨིན་པས་ཏེ། འདི་ཚུ་ ཡར་ཐོན་ཤིག ད་ཁྱིམ་སྒོ་བསྡམ་ཏེ་ མི་བཏུབ་པས། ནཱ་ ཁྱལ་འཐུས་འུ་ལག་ གནམ་མེད་ས་མེད་ཕོགཔ་མས་ ཐོན་ཟེརཝ་ད་ ཐོན་མི་བཏུབ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  གུ་ད་མ་ཐང་ནང་འཛུལ་ཞིནམ་ལས་ ཐང་འ་ནཱི་བཟུམ་ཅིག་འབདཝ་ད་གྱེན་འདུག ཨ་ཡར་ལས་ཡར་ གུར་སྤུབས་ཏེ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  ཀུར་སྟོདཔ་ཨིན་རུང་ཨིན། ཤར་ཕྱོགསཔ་ ཕར་བཀྲིས་སྒང་པ། བྱང་ཕུག་པ། མོང་སྒར་པ་ཆ་མཉམ་ གུར་སྤུབས་ཏེ་ གྱེན་བདའ་སྟེ་གུར་སྤུབས་ཏེ་ བཀྱག་ཁྲ་ཀ་ (ཁྲ་ཅེམ་ཅེ་) སྡོད་དེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ འ་ནཱི་ནང་ རྒྱ་གར་གྱི་ནོར་ཀ་ཀྲ་ཀོ་ཀྲོ་འདི་ཚུ་ཉོ་སྟེ་ བསད་ཞིན་ན་ ཤ་བཙོང་སྟེ་ཨིན་པས་འདི་ཚུ་གིས།
 • ངག་དབང་བསམ་གཏན་ Ngawang Samten
  ཤ་བཙོང་ ཚོང་རྐྱབ་སྡོད་དེ་ ལ་ལུ་ཅིག་ལཱ་འབད་དེ་སྡོད། ལ་ལུ་ཅིག་ཤ་བཙོང་སྟེ་སྡོད། མར་ལས་ཡར་ ཡུདཔ་ཅིག་ཟླཝ་དང་པ་ཐོན་རུང་ ཐོན་མ་བཏུབ་པར།
 • ངག་དབང་བསམ་གཏན་ Ngawang Samten
  ཡུདཔ་ཅིག་ལས་ བཀྲིས་སྒང་པ་གིས་ མར་ལས་ཡར་ མེ་དཔག་བཏང་པའི་བསྒང་ལས་རྐྱངམ་ཅིག་ ག་ར་ཐོན་དགོཔ་ཡར་སོང་ནུག་བ་ མེ་དཔག་བཏང་དཔ་ཨིན་ལོ་ཏེ་ ཐོན་མ་བཏུབ་ད།
 • ངག་དབང་བསམ་གཏན་ Ngawang Samten
  ཡར་ཁྱིམ་སྟོངམ་སྦེ་བཞག་སྟེ་ ཁྲལ་བསྡུ་བར་ སྒརཔ་གཅིག་ཤུལ་གཉིས་ལྷོད་ནི་དེ་གིས་ ངོ་ལང་གི་ལོ། སྤྲོད་ཐགས་ཀྱི་ལོ། དེ་ལས་ ལཱ་ཆས་ཀྱི་ལོ། ཚེ་འདས་ལམ་འཇུག་གི་ལོ་ གནམ་མེད་ས་མེད་ལྷོད་འོང་ཏེ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཁྲལ་ཕོགཔ་མས་ཟེར?
 • ངག་དབང་བསམ་གཏན་ Ngawang Samten
  ཁྲལ་ཕོག་ཏེ་ ཁོངནི་ མར་འཛུལ་ཏེ་སྡོད་འོང་། ཏེ་འོང་མ་བཏུབ་ད་ རོགས་ཀྱིས་མེ་དཔག་བཏངམ་ད་ དེ་ལས་ཐོན་འོང་བ། འ་ནཱི་བཟུམ་སྦེ་ཨིན་པས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ལ་ལུ་ཅིགནི་ ནོར་བསད་དེ་ཨིན་པས་ཏེ། བྱང་ཕུག་ནཱན་ལྡི་ལ་དང་ བྱང་ཕུག་གནག་ཏང་ཏང་འདི་ཚུ་ ནོར་ཁལ་རེ་དེ་རེ་ལག་རྐྱབ་(གདངས་བསྣར་)ཏེ་ཨིན་པས། རྟ་བཟུམ་སྦེ་ རྐངམ་གུ་ཐགཔ་བཏགས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  མར་ལས་ཡར་ སྔགས་ཚར་རེ་འཕུཝ་ད་ ནོར་འདི་ཚུ་ རིམ་པ་བཞིན་དུ་འགྱེལ་འགྱོ་སྟེ་ཨིན་པས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ངན་ཚ་མི་ཚ། སྤག་ཤིང་རིངམོ་ཡང་ ཡར་ལས་སྔགས་འཕུ་བཏངམ་ད་ མཐུད་མཚམས་ཀྱི་བར་ཚུ་ག་ར་ དོང་ཧིང་སང་ས་བཏོན་བཏང་འོང་ལོ། དེ་བཟུམ་མའི་ངན་ཚ་མི་ཚ།
 • ངག་དབང་བསམ་གཏན་ Ngawang Samten
  ཙོག་ཕུར་ འ་ནཱེམ་རེ་འབད་མི་ ཁྲུ་དགུ་ས་ཁར་གདབ་ད་ སྔགས་ཚར་ཅིག་འཕུཝ་དནི་ ནམ་མཁའ་ཐང་ལུ་ཐོན་ཏེ་འགྱོ་འོང་ལོ། དེ་བཟུམ་མའི་ངན་པ་འདུག་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་འདི་ཚུ་ལུ་འདི་ ག་ནི་ཡང་ལེན་ལེནམ་མི་འོང་ཏེ། དེ་ལས་ གཟིམ་སྒརཔ་ མར་ལྷོད་ཅི་ཟེར་ འབོ་བར་བཏང་ད་རུང་ མགྱོགས་པ་ཅིག་ འོང་མི་བཏུབ་པས། ཁམས་བཙོང་སྡོད་དེ?
 • ངག་དབང་བསམ་གཏན་ Ngawang Samten
  ཁམས་བཙོང་སྦེ་ཏེ། མར་གུ་ད་མ་ལུ་ རྒྱ་གར་གྱི་ཚོང་པ་ཚུ་ཡོད་སར་འགྱོ་སྦེ་ ཅ་ལ་ཨ་ནཱི་འདི་ དོ་བསྡམ་ཤིག་ཟེར་ པེག་(Speaker uses english term) རྐྱབ་ཤིག་ཟེརཝ་ད་ ཀྲིག་ཀྲི་བསྡམ་དགོཔ་ཨིན་པས། ཏི་རུ་ཤི་ཀི་ལེབ་ཅིག་ཡང་སྤྲོད་མི་དགོ་པས་བ།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱ་གར་གྱི་མི་ཚུ་བཅོམ་སྟེ་ཨིན་པས་ ངན་པ་འདི་ཚུ་གིས། འ་ནཱི་སྦེ་བཅོམ་ཏེ་ སྡོད་སྡོདཔ་མས་ཏེ། ད་ཆུམ་[པེག་?] འ་ནཱེམ་ཅིག་འབག་ནི་ཨིན་ཟེརཝ་ད་ འབག་ཆོག་ཆོག
 • ངག་དབང་བསམ་གཏན་ Ngawang Samten
  ཚྭ་འབག་ནི་ཟེར་བ་ཅིན་ ཚྭ་ཡང་འབག་ཆོག་ཆོག་ མར་ཀྲིན་འབག་དགོ་པས་ཟེར་བ་ཅིན་ མར་ཀྲིན་ག་ཅི་དགོཔ་ཅིག་ རིན་སྤྲོད་མི་དགོ་པས་ ཁོང་འདི་ཚུ།
 • ངག་དབང་བསམ་གཏན་ Ngawang Samten
  དར་འབག་དགོ་པས་ཟེར་བ་ཅིན་ དར་ཡང་དོ་སྦེ་ར་ཨིན་པས། འབག་ཆོག་ཆོག་ གཟིམ་སྒརཔ་ལུ་ཡང་ དར་འབགན་ན་ ཟེར་སླབ་མས། ག་ཏེ་ཡོད་ཟེར་བ་ཅིན་ མར་ཡོད་ལོ་ མར་མེ་ལ་བ་ཛར་(ཁྲོམ་ཁར)།
 • ངག་དབང་བསམ་གཏན་ Ngawang Samten
  གུ་ད་མ་ཨིན་ཧེ་མ་ མེ་ལ་བ་ཛར་ལས་ འབག་ཆོག་ཆོག་ཡོད་ལོ། མི་དགོ་མི་དགོ་འདི་ ང་ག་ནི་ཡང་མི་དགོ ད་ཁྱོད་ར་ ཕུལ་ཆ་འདི་རང་ ཀྲིག་ཀྲི་སྒྲིགས་ཤིག དེ་ལས་ ངེ་གི་ཚེ་འཐུས་ལམ་རྒྱུག་ཅིག་ སྒྲིགས་ཤིག་ཟེར་
 • ངག་དབང་བསམ་གཏན་ Ngawang Samten
  ཁྱོད་ར་ རྒྱ་གར་གྱི་མི་བཅོམ་རུང་བཅོམ་ད་ བསད་རུང་བསད་ཤིག་ ངན་རྐྱབ་རུང་རྐྱབ་ཤིག་ ད་མར་རྒྱ་གར་གྱི་མི་ཚུ་གི་འདི་ མི་དགོ་ཟེར་སླབ་ཅི། ག་ནི་ཡང་མ་ལེན་འདི་ཚུ་ལས་འདི།
 • ངག་དབང་བསམ་གཏན་ Ngawang Samten
  བྱང་ཕུག་གནག་ཏང་ཏ་ལས་ཡང་མ་ལེན། བྱང་ཕུག་ཁྱི་བདེ་ལ་ལས་ཡང་མ་ལེན། བྱམ་མཁར་པ་ལེགས་མོ་ལས་ཡང་མ་ལེན། ཛའི་་་་་་་ འ་ནཱི་འདི་ཚུ་འདི་ ངན་ཚ་མི་ཚ་འདུག
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་འབདཝ་ད་ ལོ་གཅིག་རང་མི་སྡོད་ལོ། ཁོང་གིས་ ག་འབད་འབདཝ་བཏུབ་ལོ། སྒརཔ་ཧ་ལམ་ཅིག་བསད་བཏང་ཡི་ འདི་ཚུ་གིས།
 • ངག་དབང་བསམ་གཏན་ Ngawang Samten
  ཕར་ད་ལྟོ་འབད་བ་ཅིན་ ཕར་ཨིན་པས་ཏེ་ སྟོངམ་བྱང་ས་དང་ ཐང་མི་ལ་རྒྱབ་པ་ཟེར་ གླེན་པ་ཟེར་སྡོད་ཅི་ ཨཔ་རྒྱགས་པ་ལ་ཅིག
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ ནཱ་ལས་ཕར་ཚུད་དེ་ ཀེང་མཁར་སྟ་རི་ལ་གུ་ཕོག་སྟེ་ ཀེང་མཁར་སྟ་རི་ལ་གིས་ ནཱ་མ་ལྷོདཔ་ཅིག་ཁར་ ལམ་ཁར་རང་ ངན་རྐྱབ་སྟེ་ བསད་ཅི་བ་ཡ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ མར་བསམ་ཆོས་གླིང་ལས་ དོ་ལ་ཟེར་མི་འདི་ཡང་ མར་ལས་ཡར་ བང་ཅན་ལས་ ལོག་ལྷོདཔ་ཅིག་ འདི་ཡང་བསད་ཅི། མི་ལེ་ཤ་ཅིག་བསད་ཅི།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཨཔ་ཐེར་གཅུང་ལ་ཟེར་གཅིག་ཡོད་ ཀུན་དགའ་རབ་བརྟན་ལས་ འདི་ཡང་ བསད་ད་ཡི། ཨཔ་དབང་འདུས་ལ་ཟེར་ཡོད། འདི་ཡང་བསད་ ཨ་ནཱི་བང་ཅན་འགྱོ་མི་ཚུ་ ག་ར་བསད་ད་ཡི་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ང་འདི་མ་བསད་ ག་ནི་ཡང་མ་འབད་ ཁོ་གིས། ང་གིས་ འབད་ཡང་མ་འབད། ཏེ་ ཨམ་རྒན་རྒས་འགྱོ་འགྱོཝ་འདི་ཚུ་འདུག་ཏེ་ ཏེ་ ང་ར་ལུ་ཡོདཔ་འདི་ཚུ་ཡང་ ཨམ་འདི་ཚུ་ ཕངས་སི་སི་ཨིན་པས་ཟེར་ ཤུལ་བཞག་རེ་དང་ གསོལ་རས་རེ་བྱིན་འབདཝ་ད་ དགའ་སྟེ་འབད་རང་མི་ཚུགས།
 • ངག་དབང་བསམ་གཏན་ Ngawang Samten
  ང་གིས་འདི་ ག་ནི་ཡང་མ་ལེན་ ང་ལུ་འདི་ངན་ཡང་མ་རྐྱབ། དེ་ལས་ ལ་ལུ་ཅིག་ལུ་འདི་ བཞེས་སྒོ་གིས་མི་བཏུབ་ལོ། ཆང་གིས་ཆང་མི་བཏུབ་ལོ། ཤར་ཕྱོགས་པའི་ཆང་འདི་ མ་གཞི་ཆུ་བཟུམ་སྦེ་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  འཐུང་མི་བཏུབ་འབོ་བཏང་འོང་། ལམ་ཁར་ཉལ་སྡོད་དེ་ ལྟོ་འདི་ཚུ་འབོ་བཏང་འོང་། ཚོདམ་འདི་ཚུ་མི་བཏུབ་པས་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་སྦེ་ (སྤྱ་བཙོང་) མིན་འདུག་ཏེ། འ་ནཱི་འདི་ཚུ་འདི་ གསད་ནི་ཨིན་པས་ཏེ། དེ་སྦེ་འདི་ འབད་ནི་མི་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  ད་ཟ་བཏུབ་ཅིག་ཡོད་པ་ཅིན་ བཏུབ་རང་བཏུབ། ད་ཁྱོད་ཚུ་ ཁ་རང་ཟ་བ་ཅིན་ ང་ལུ་ཡང་ཁ་རང་གི་ར་བཏུབ་ཟེར་ སླབ་ཨིན་ རེད་མིན་འདུག་བ་ མར་ལས་ཕར་ཚུ་ ཤར་ཕྱོགསཔ་འདི་ཚུ་འབད་སར།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ ར་སྡི་ལུ་འབད་བ་ཅིན་ དང་ཕུ་ལས་རང་ ཨ་རིང་འདུག འ་ནཱ་ལས་ ཁོམས་ཤར་ལས་མར་འདུག་ཨ་རིང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཁོམས་ཤར་ཡ?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་་་་་་
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཁེངས་ཡ?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་་་་་་་ འ་ནཱ་ལས་མར་འདུག
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨེའེ་་་་་་།
 • ངག་དབང་བསམ་གཏན་ Ngawang Samten
  ར་སྡི་པ་འདི་ཚུ་གིས་འདི་ ད་ལྟོའི་བར་ན་ཡང་ རེད་བརྡུངས་ཏེ་བཙོང་པའི་ལོ་རྒྱུས་འདུག་མེན་ན་ ཊི་བི་ (རྒྱང་མཐོང་)ནང་ཡང་ཐོནམ་མས། འ་ནཱ་ཕར་འདི་ ལྟོ་རང་བྱིན་འོང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཁེངས་ར་སྡི་ཡ?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་ ཨོང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཨེའེ་་་་་་་།
 • ངག་དབང་བསམ་གཏན་ Ngawang Samten
  ཁེངས་ར་སྡི། བཀྲིས་སྒང་ར་སྡི་ཟེར་ཡང་ཡོད་བ། ཕོངས་མེད་ར་སྡི་ འ་ཕར་ཡང་ ཨ་རིང་ཡོད་བ། འ་ཕར་ཡང་ རོགས་ཕྱུགཔོ་བཟུམ་ཅིག་འདུག
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ག་ཏེ་ཡང་ ཕེབས་ཕེབས་མས་སྨོ? དང་ཕུ་འདི།
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་་་་་་ འ་ཕར་འབད་བ་ཅིན་ རོགས་ཐོགས་ཆག་ག་ནི་ཡང་མིན་འདུག ཕུལ་ཆ་འདི་ཚུ་ཡང་ཀྲིག་ཀྲི་ ང་བཅས་ཀྱིས་སླབ་མ་དགོ་པར། བཀའ་ཤོག་དང་འཁྲིལ་ཏེ་ ཀྲིག་ཀྲི་བསྡམས་ཏེ་བྱིན་འོང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཐོབ་ཐངས་རིམ་པ་འདི་ཚུ་ཡང་ ཏེ་ད་ང་བཅས་ར་གིས་ ཚགས་ཁར་མ་ཚུདཔ་ཨིན། ད་འདི་ ཕུལ་རང་ཕུལ་དགོ གནམ་མཐའ་མར་ལས་ ནཱ་ཚུན་ཚོད་བྱོན་བྱོནམ་ཨིན་ཟེར་ གཟིམ་སྒརཔ་ དགོངསམ་ཁྲེལ་མ་གནང་ཤིག་ཟེར་ འ་ནཱི་འདི་ཚུ་འདི་ ལེགས་ཤོམ་འདུག
 • ངག་དབང་བསམ་གཏན་ Ngawang Samten
  ལ་ལུ་ཅིག་འདིནི་ཏེ་ ཡོད་ཡང་མིན་འདུག་ཁྱིམ་ནང་། ངན་རྐྱབ་མི་ཚུ་གི་ཁྱིམ་ནང་འདི་ ག་ནི་ཡང་མིན་འདུག
 • ངག་དབང་བསམ་གཏན་ Ngawang Samten
  རེད་འདི་ཚུ་ཡང་ དུང་ནང་བཀང་ཞིནམ་ལས་ ཡར་ཐབ་གུ་བཀལ་ཏེ་འོང་། མདའ་གི་སོག་རལ་ཨིནམ་འདྲས་ཟེར་མནོ་ཡི་ངནི་ སྐམ་བཞག་བཞགཔ་མས་ཟེར། ཡར་ཕབ་འབག་འོང་སྟེ་ རེད་བརྡུངམ་མས་ཏེ་ ཨོལ་ལྐོག་ནང་ སྤུ་སྐྱེས་ནི་མས། ཛའི་་་་་་་་ དཀའཝ་སྤྱད་མི་སྤྱད།
 • ངག་དབང་བསམ་གཏན་ Ngawang Samten
  མི་དགོ་ཟེར་ སླབ་ཨིན་ ད་བཞེས་སྒོ་འདི་ ཡོད་སར་འགྱོ་སྟེ་བཟའ་གེ་ མི་དགོ་ཁྱོད་ན་ལས་ཟེར་ དེ་སྦེ་དཀའཝ་སྤྱད་དེ་ ལཱ་ཁག་འབད་ དུང་ནང་བཀང་སྟེ་ ཐབ་གུ་བཞག་བཞགཔ་གི་སྨོ? འ་ནཱ་ལས་ རེད་བཏོན་ཏེ་བརྡུངམ་མས་ཏེ། མི་ཟ་ང་གིས་ མ་ཟ་ཨའེ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  གསེར་བཟུམ་སྦེ་ སྡོད་སྡོདཔ་མས་སྨོ? དཀོན་མི་དཀོན།
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་ཏེ་ ག་ནི་ཡང་མིན་འདུག་ཏེ། མི་ཅ་ཏི་པུ་ཏི་འདི་ཚུ་འདི་ དེ་སྦེ་བཅོམ་པ་ཅིན་ དེ་བསྒང་འདི་ བཅོམ་པ་ཅིན་བཅོམ་ཆོག་ཆོག་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  བང་ནི་རང་མཐོ་བས། ཚད་འདིནི་རང་ལུ་འདུག དེ་ལས་ མི་འབད་ག མི་བཟོ་ག་ཟེརཝ་དནི་ འབད་དགོ་པས། འབག་ཤོག་ཟེརཝ་དནི་ ག་ཏེ་ལས་འབད་རུང་ འབག་འོང་མས་ཏེ་ འཚོལ་ཞིན་ན།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་ཕར་ཧོངམ་འདི་ དཀའཝ་སྤྱད་ནི་ཨིན་པས་མེན་ན་ཏེ་ དམྱལ་བ་གྱང་སྟེ་ འཚོལ་བར་འགྱོཝ་ད་ ཡོད་མི་ཚུ་གིས་མགྱོགས་པ་ཅིག་ མི་བྱིན་དོ་ཡོདཔ་འོང་ཏེ་ དེ་ལས་ཏེ་ ཕངས་སི་སི་སྦེ་འགྱོཝ་མས་འཚོལ་བར།
 • ངག་དབང་བསམ་གཏན་ Ngawang Samten
  མི་དགོ་མི་དགོ་ད་བཏུབ་ (Speaker uses Tsanglakha གཟིམ་སྒརཔ་ལེགས་ཤོམ་ཡོད་དབའེ། དེ་བཟུམ་མའི་ གཟིམ་སྒརཔ་ དབའེ་བླ་མ་མཁྱེན་ནོ་ཟེར་ དགའ་སྟེ་དྲེགས་རང་མི་ཚུགས་པས།
 • ངག་དབང་བསམ་གཏན་ Ngawang Samten
  (Speaker Laughs) འ་ནཱི་བཟུམ་སྦེ་ ལེ་ཤ་ཅིག་འབད་ཡི་ངནི་ ཛའི་་་་་་་་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ད་ཧིང་ཆོས་རྒྱུད་གདུང་རྒྱུད་ཀྱི་དཔོན་ཀུན་དགའ་རབ་བརྟན་ལུ་བཞུགས་པ་ཅིན་ བྱ་དཀར་རྫོང་ནང་གི་ ཆོས་བརྒྱུད་གདུང་བརྒྱུད་དེ་བསྒང་གི་ རྫོང་འདི་གི་ནང་ན་ མར་ཡར་རྫོང་མཇུག་ ད་ལྟོ་ཁྲིམས་ཁང་བཟོ་སྟེ་ཡོད་བ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ལས་ཕར་ ཁྱིམ་གི་ནང་ན་ ཁྱིམ་བཅད་མེད་པའི་ཁྱིམ་ ཡུག་གཅིགམ་ཨིན། འ་ནཱི་ཁར་ མར་ཕོག་ལྔ་ལྔ་འབད་ འ་ནཱི་ཁར་ མར་ལྔ་བཅུ་བཅོ་ལྔ་ཟེར་ གྱངས་ཁ་རྐྱབ་ནི་མ་གཏོགས་ མར་ལྟེམ་ལྟེ་ ཏེ་ཟླཝ་གཅིག་འགྱོཝ་ཅིག་ པགས་ཀོ་ཚར་རེ་བཤུབ་དགོ་ མར་མི་བཙུགས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  རྫོང་རྩིས་འུ་ལག་ཡར་བཙུགས་ཞིནམ་ལས་ མི་རེ་གི་གདོང་ཁ་ལུ་ མར་ཕོག་ ༥ རེ་འཐུ་ གྱངས་ཁ་རྐྱབ་སྟེ་སྤྲོད་ཞིན་ན་ པགས་ཀོ་སྟུག་པག་པ་འ་ནཱེམ་རེ་ དམརཔོ་དང་ ལྗང་ཁུ་ཡོད་མི་མ་བཞག་པར་ པགས་ཀོ་ཀྲེག་ཞིན་ན་ བར་ན་སྤུངས་བཞག་དགོ
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ལུད་སྤུངས་དོ་བཟུམ་སྤུངས་ཏེ་འོང་། མར་གྱི་པགས་ཀོ་ ཏེ་པགས་ཀོ་བཤུབ་སྟེ་ ད་རུང་ཡར་ལས་ཡར་ ཕོག་ ༤ མར་བཞག་ ཕོག་ ༡ ཐོག་ཁར་བཀལཝ་ད་ ༥ ཟེར་ མར་ཕོག་ལྔ་ ལྔ་ལྔ་བཟོ་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  བཀྱག་ཁྲ་ཁྲ་(སྐྱ་སི་སི་)འོང་མར། དེ་ལས་ ཤ་ཁང་ནང་ལུནི་ ཤ་ལྟེམ་ལྟེ་འོང་ཏེ་ ཆོས་རྒྱུད་གདུང་རྒྱུད་ཀྱི་ཤ་དོ་འདི་ཚུ་ འུ་ལག་རྐྱབ་ཞིན་ན་ གྱལ་སྒྲིགས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  རྫོང་སྟོང་པ་མེན་དེ་བསྒང་། ད་རྫོང་ནང་ ག་ནི་ཡང་མེད་སྟོངམ་ ཧེ་མ་འདི་ རུ་ཏོ་འདི་ ཕྱད་མདའ་རྐྱབ་ད་དགོ་པས་ཟེར་ ནོར་གྱི་རྭཝ་ཙང་ཙ་འབད་མི་ ཁྱིམ་སྦོམ་ཅིག་ནང་ ནོར་གྱི་རྭཝ་ཙང་ཙ་ཡོད་ཏེ། གཡག་དང་ནོར་གྱི་རྭཝ་འདི་ཚུ་ འདི་ཚུ་བཙུགས་ཏེ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཕྱེད་མདའ་རྐྱབ་ད་ ག་དེ་སྦེ?
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་རྭཝ་གཞོགས་ཏེ་ དེ་ལས་ རྭཝ་ཟཝ་ཨིན་ལོ་ཏེ་ ཏེ་ཕོཝ་ནང་འཕེལ་འོང་ལོ་བ་ཏེ་ འ་ནཱི་སྦེ་ རྭཝ་ཀྲེག་སྟེ་ཟ་ནི།
 • ངག་དབང་བསམ་གཏན་ Ngawang Samten
  རྨིག་པ་ རྭཝ་འདི་ཚུ་ ཁྱིམ་ནང་བཀང་སྟེ་ དེ་ལས་ཤ་ཙང་ཙ་ ཕགཔ་ཤ་ཙང་ཙ་འབད་བའི་ཁྱིམ། ནོར་ཤ་ཙང་ཙ་གི་ཁྱིམ། འ་ནཱི་སྦེ་ཡོད་ ཧེ་མ་འདི། དེ་ལས་ ཆུམ་གྱི་མཛོད་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ལས་ འོག་ཐོག་ཨེ་ཁུག་འབབ་པའི་འོག་ལས་མར་ འཆམ་ལྟོདམོ་བལྟ་སུ་བཟོ་སྟེ་ འ་མི་ནང་ལས་ཚུ་ ཆུམ་དཀརཔོ་ དམརཔོ་ལྟེམ་ལྟེ་འོང་། འ་ནཱི་སྦེ་ རྡོ་གཅལ་ནང་ན་ལས་ ཨེ་ཁུག་ལས་འབབ་སྟེ་འགྱོཝ་ད་འཛུལ་ནི་ཡོད།
 • ངག་དབང་བསམ་གཏན་ Ngawang Samten
  ནང་ན་སྟོངམ་ཨིན་པ་འོག་ཐོག རྡོ་གཅལ་གནམ་མཁའ་འབད་བའི་མར་ནང་ན་ལས་ཕར༌ཁྱིམ༌ཨིན༌བ༌ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འ་མི་ནང་ ཀར། ནག བྱཱོ། མར་འོག་ཐོག་གང་ འབྲུ་སྣ་ཨིན། དེ་བསྒང་ ཕྱད་མདའ་རྐྱབ་ད་ ལྟོཝ་བཀྱེས་ཤི་ནི་གི་སྡུག་བསྔལ་ཕོག་རང་མི་དགོ ཆུམ་ཆུམ་རང་ཡོད། དཀརཔོ་དགོ་རུང་ དམརཔོ་དགོ་རུང།
 • ངག་དབང་བསམ་གཏན་ Ngawang Samten
  ཤནི་ཕག་ཤ་དགོ་རུང་ ནོར་ཤ་དགོ་རུང་ཡང་ཡོད། དེ་ལས་ འདི་གིས་མ་ལངས་པ་ཅིན་ ནོར་གྱི་རྨིག་པ་དང་ རྭཝ་འདི་ཚུ་ཡོད་ཟ་ནི་གི།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཆུ་ལེན་པ་འབད་བ་ཅིན་ དང་ཕུ་ ཡར་ལས་མར་ ཆུའི་གཟར་བཙུགས་ཏེ་ཡོདཔ་ཨིན་པས་བ།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་ཕྱད་མདའ་རྐྱབ་ད་ རོགས་བོདཔ་འདི་ཚུ་གིས་བཏོག་བཏང་ནུག་མེན་ན་ཏེ་ རི་སྐེད་པ་བཏོག་སྟེ་ ཚན་གཉིས་དང་གསུམ་དེ་ཅིག་བཏོག་སྟེ་ཡོད་བ།
 • ངག་དབང་བསམ་གཏན་ Ngawang Samten
  རྫོང་ཡར་ བལྟ་རྫོང་ ཡར་སྐྱིད་བུ་རླུང་བཙན་གྱི་གནས་ཁང་གི་ལྟག་ལས་ཡར་ ཆུ་མ་བཏང་པར་ བོད་པ་བརླག་ཐང་ བཱད་པ་ལ་ཐང་ཟེར་མི་འདི་ བོད་པ་འདི་ཚུ་ ཨ་ཕར་ལུ་ བསྐོར་སྒྲིག་(བསྐོར་ར་)རྐྱབ་སྟེ་ ཨ་ཕར་ཐང་ནང་མེན་པར་ ཡར་གད་པ་གུ ཡར་ཁྱིམ་རྐྱབ་ནུག་མེན་ན། ཡར་ལས་ཡར་ ཨར་ཨའི་སི་བི་(Speaker uses english term) ཁྱིམ་འདི་ཚུ་ ཨ་ཡར་ལས་ བོདཔ་འདི་ཚུ་ག་ར་ ཨ་ཡར་ལས་ཡར་སྡོད་དེ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  ཨ་ཡར་ལས་ཡར་ ས་དོང་བརྐོ་སྟེ་ཨིན་པས་བ་ ཁྱིམ་རྐྱབ་སྟེ་ མར་ས་དོང་ནང་ན་ དོང་གཅིག་ལས་གཅིག་ དོང་སྤེད་དེ་ སྒོ་བཟོ་སྟེ་ཨིན་པས་ལོ། སའི་ནང་ན་ཁྱིམ། ཕིད་(སའི་རྫམ་) འདི་ཚུ་ཡང་ འདུག་ལོ། ན་ཧིང་ཞེ་ཧིང་ ཁྱིམ་རྐྱབ་ད་ཐོནམ་མས་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཕར་བཱད་པ་ལ་ཐང་མེན་པས་བ། བོད་པ་བརླག་ཐང་ཟེར་ བོད་པ་དང་ཕྱད་མདའ་རྐྱབ་ད་ བོདཔ་སྡོད་སྡོདཔ་འབད་ནི་དེ་གིས་ བོད་པ་བརླག་ཐང་ཟེར་ འ་ནཱི་ཨིན་པས་ ཏེ་ཕྱད་མདའ་རྐྱབ་ད་ཏེ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  འ་ནཱི་འདི་ཚུ་འདི་ ཧེ་མ་རང་ཨིནམ་འོང་ ཨ་པ་འདི་ཚུ་གི་ ཧེ་མ་རང་?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཕྱད་མདའ་རྐྱབ་མི་ཚུ།
 • ངག་དབང་བསམ་གཏན་ Ngawang Samten
  གོང་ས་ཨོ་རྒྱན་དབང་ཕྱུག་གི་བསྒང་ལུ་འོང་ འ་ནཱི་བསྒང་ལུ་ དེ་བསྒང་ཨ་ཡར་ལས་ཕར་ ཨ་ཡར་སྤོག་ཏོ་གི་ལྟག་ལུ་ ད་ལྟོ་ཁྲིམས་ཁང་རྐྱབ་ཡོད་པའི་ལྟག་ལུ་ ཨ་ཡར་དར་ཤིང་ཅིག་མཐོང་བ་ ཚུར་སྤོག་ཏོ་གི་ལྟག་ལུ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱ་ལས་ཕར་རྐྱབ་ཨིན་ལོ་ཕྱེད་མདའ། བྱ་དཀར་རྫོང་ལས་ཚུར་རྐྱབ། དེ་ལས་ ཝེང་གི་དམག་དཔོན་མིག་ཏོ་ ༣ འབད་མི་ཅིག་ རྩ་ལས་བསད་མ་ཚུགས་པས་ལོ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  བོདཔ་གི་དམག་དཔོན?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་ མིག་ཏོ་གསུམ་ཨིན་པས་ཏེ། དེ་ལས་མཇུག་ལས་ དམངས་འདི་ མར་ལས་དོང་སྤེད་དེ་ རྡོ་གཅལ་སྦུག་ལས་ཐོན་གེ་ཟེར་ ཁོང་ཆུ་ལེན་པ་ཉིནམ་ ༧ སོང་རུང་ ད་ཕྱི་ཁར་འཐོན་ནི་མིན་འདུག་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  རྡོ་གཅལ་སྦུག་ལས་ དོང་སྤེད་དེ་འཐོན་གེ་ཟེར་ རྡོ་གཅལ་ནང་ན་ལས་ ཐོན་ཐོནམ་ཨིན་ལོ་ ཝ་རེད་བོད་པ་གིས་ རྡོ་གཅལ་ནང་ན་ལས་ཐོནམ་ད་རྐྱངམ་ཅིག་ གཅིག་ཐོན་པ་ཅིན་ གཅིག་རང་བསད།
 • ངག་དབང་བསམ་གཏན་ Ngawang Samten
  གཉིས་ཐོན་པ་ཅིན་གཉིས་རང་བསད་དེ་ ཏེ་ཁྲག་མར་ཁོང་ར་འཛུལ་སའི་སྒོ་ཁ་ལས་ཐོནམ་ད་ལུ་རྐྱངམ་ཅིག་ དེ་ལས་ རྒྱབ་བཤུད་རྐྱབ་སྟེ་ ཡར་སོངཔ་ཨིན་ལོ་ འ་ནཱ་ལས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ མིག་ཏོ་གསུམ་འབད་མི་ ཨ་ཕར་ སྤོག་ཏོ་གི་ལྟག་ལུ་ དར་ཤིང་ཡོད་སར་སྡོད་དེ་ དེ་གིས་རྩ་དྲེགས་སྡོད་དེ་འགྱོ་མ་བཏུབ་ཨིན་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དམག་རྒྱབ་བཏང་ཤིག་ ཡར་ལས་ཡར་ཟེར་ འབྲུགཔ་འདི་ཚུ་ ཕྱེ་འཐག་འཐག་བཟོ་ནི་ཨིན་ཟེར་ དེ་ལས་ཕར་མགོན་ཁང་ནང་ན་ལས་ གསུང་ཆོག་གནངམ་གནང་སར་ མགོན་ཁང་ནང་ལས་གསུང་ཆོག་གནངམ་ད་
 • ངག་དབང་བསམ་གཏན་ Ngawang Samten
  མེ་མདའ་ དེ་བསྒང་ཀྲོབ་མདའ་རྫས་གཏིར་ཏེ་ མེ་པག་(བཏེག་) དགོཔ་སྦེ་ཨིནམ་པ་མེ་མདའ། སྟོབས་འབད་རུང་ ཕོ་ཅོ་ཅནམ་ཨིན་པ་ཅིན་ ཕོ་ཅོ་བཟོ་ཞིན་ན་བཀལ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ཏ་འཐེནམ་ཅིག་ ཏག་བཏང་འཐེན་འགྱོ་འོང་བ། འ་ནཱི་མེ་མདའ་འདི་ཚུ་འདི་ ཡར་ལས་ཡར་ ཧེ་མ་ར་རྫས་གཏིར་ དེ་ལས་ཤོག་ཀུ་ འདལ་ཤོག་སྐམ་སྐམ་ཚར་ཅིག་གཏིར།
 • ངག་དབང་བསམ་གཏན་ Ngawang Samten
  ད་རུང་ བྱང་ཟེར་ས་ སྐམ་ཚར་ཅིག་གཏིར་ ད་རུང་ ཤོག་ཀུ་ཚར་ཅིག་གཏིར་ དེ་ལས་ མདེའུ་བཙུགས་ ད་རུང་ མདེའུ་གི་ཁ་ལས་མར་ ཤོག་ཀུ་གཏིར་ དེ་ལས་དོང་ནང་ལས་མར་ རྫས་ཐོན་མ་ཐོན་བལྟ།
 • ངག་དབང་བསམ་གཏན་ Ngawang Samten
  མ་ཐོན་པ་ཅིན་ ནཱ་ལས་མར་ རྫས་སྐམ་སྐམ་ དོང་ནང་ལས་ཕར་བླུགས། འ་ནཱི་སྦེ་ ཕོརཔ་བཟུམ་སྦེ་ཡོད་བ། ཕར་དོང་སྤེད་དེ་ འདི་ཁར་བླུགས་ འདི་ཁ་ལས་ཕར་གཏིར།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ མེ་ཀྲེག་ཨ་ནཱི་ཤོག་ཀུ་གུ་ འཁརཝ་གུ་སྦེ་ མེ་མདའ་འདི་ སྒྲིང་སྒྲིང་བསྡམས་ཏེ་ ཚད་དཔག་བཞག་ འདལ་ཤོག་སྐམ་སྐམ་ སྒྲིལ་ཞིན་ན་ སྤྱི་ཏོག་ཁར་མེ་དཔག་ཞིན་ན་
 • ངག་དབང་བསམ་གཏན་ Ngawang Samten
  འཁརཝ་གུ་སྦེ་ ཨ་ནཱི་དཔགཔ་ད་ ཚོ་རོ་རོ་འབདཝ་ཅིག་ ནང་ན་འཛུལ་འགྱོ་འོང་བ། དེ་ལས་རྐྱངམ་ཅིག་འཐོན་འགྱོ་འོང་སྟེ་ ཀྲོབ་མདའ་མདེའུ་ འ་ནཱི་སྦེ་མེ་མདའ་རྐྱབ་སྟེ་ མགོན་ཁང་ནང་གསུང་ཆོག་གནངམ་ད་ ཆོས་སྲུང་གིས་འབད་
 • ངག་དབང་བསམ་གཏན་ Ngawang Samten
  ཀྲོབ་མདའ་ཨ་ནཱི་ མེ་མདའ་འདི་ ཨ་ནཱི་མིག་ཏོ་གསུམ་འབད་མི་ ཨ་ནཱི་ དཔྱལཝ་གུ་ར་ཕོག་ཕོགཔ་ཨིན་ལོ། དེ་ལས་ བསད་བསདཔ་ཨིན་ལོ། འ་ནཱི་འབད་ནི་དེ་གིས་ ད་ལྟོ་ ཨ་ཡར་ ལོ་བསྟར་བཞིན་དུ་ ལྷ་དར་རེ་རེ་འཕྱར་དགོ་བ་ ཨ་ཡར་ལུ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་སྦེ་ཨིན་པས། ཏེ་སྒར་གཅིག་ ཨ་ཡར་བཅགས། སྒར་གཅིག་ ད་ལྟོ་ ཡར་ཁྲིམས་ཁང་བཟོ་ནུག་གོ་ཤིག་ འ་ནཱི་ཁར་བཟོ་སྟེ་ལོ། བྱ་དཀར་རྫོང་སྦུག་ན་བཙུགས་སྟེ་ འ་ནཱི་བོད་འདི་ཚུ་གིས་ བོདཔ་འདི་ཚུ་ གཞུངམ་འབད་མི་འདི་མེན་པས་བ།
 • ངག་དབང་བསམ་གཏན་ Ngawang Samten
  འབྲུག་པ་འདི་བཅོམ་ནི་ཟེར་ གནམ་མེད་ས་མེད་ དེ་ལས་ད་ལྟོ་ཨ་ཡར་ཡོད་བ་ ཨམ་ནོར་སྒྲོན་ མཁྱེན་དོ་འོང་
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  མི་ཤེས་ལགས།
 • ངག་དབང་བསམ་གཏན་ Ngawang Samten
  ཨ་ཡར་ དང་མ་གླིང་ཐང་གི་ཨ་ཡར་ལུ་ ཨམ་ནོར་སྒྲོན་ཟེར་ གཅིག་ཡོད། མོ་བུམོ་ ཨཔ་ཆོས་འཛོམས་ལ་ཟེར་ ཨ་ཡར་ འཕྲིན་ལས་རབ་བརྟན་གྱི་ཨ་ཡར་ བྱམས་པ་ལྷ་ཁང་གི་ཧོག་ཀ་བདའ་སྟེ་ ཡར་ཁྱིམ་གསརཔ་ཅིག་རྐྱབ་སྟེ་ཡོད་བ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་གི་ཨ་པ་འབྲུག་པ་ཐར་པོ་ལ་ཟེར་ ཨུ་ར་ལས་ཨིན། ཁོ་ བོད་ལུ་འགྱོཝ་ད་ཡང་ ཏེ་བོདཔ་འདི་ཚུ་གིས་ འ་ནཱི་སྦེ་འབད་འབདཝ་ཨིན་ལོ། འབྲུག་ལུ་ བཅོམ་པ་འགྱོ་གེ་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  འབྲུག་ལུ་ བཅོམ་པ་འགྱོ་གེ་ཟེར་ ཅ་ལ་བསྒྲིགས་ཏེ་ རྟ་གུ་བཞོན་ཏེ་ ཡར་ལས་སྐྱེལ་མི་འདི་ཚུ་ ཆང་ལམ་མཇུག་རྐྱབ་མི་ཆང་འདི་ཚུ་འཐུང་སྟེ་ ད་ཕྱད་མདའ་རྐྱབ་མི་འདི་ཚུ་ ལོག་སྟེ་ ཡང་ཅིན་ལྷོད་འོང་ ཡང་ཅིན་མི་ལྷོད་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  འགྱོ་ཤིག་སྡོད་ཤིག་ཟེར་ འོང་དེས་ལོ། དེ་བསྒང་ འབྲུག་པ་ཐར་པོ་ལ་ཡང་ ཡར་ཡོད་ལོ། ཨ་ནཱི་ད་ལྟོ་ ཨུ་ར་ལས་ ཨཔ་ཀརྨ་ལ་ཅོག་ཅིགཔ་ཡོདཔ་ཨིན་ ཨཔ་ཐར་པོ་ལ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ག་ཏེ་འགྱོཝ་ཨིན་ན་ཟེརཝ་ད་ ཁོ་ར་དང་འཆམ་ཏོག་ཏོ་འབད་མི་ བོདཔ་ཅིག་གིས་སླབ་མས་ལོ། ཡ་ད་ ཁྱོད་ཀྱི་འབྲུག་ལུ་སྐྱིད་ཏོང་ཏོ་མེད། ད་ཁྱོད་ཀྱིས་བློ་མ་སླབ་ཤིག ད་འབྲུག་བཅོམ་པར་ ཡར་སོང་ཡི་ཟེརཝ་མས་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  ཕར་ ཧཱ་ལས་མར་ཚན་གཅིག ནཱ་འཚམས་པ་ལས་མར་ཚན་གཅིག ཕར་གླིང་གཞི་ལས་མར་ཚན་གཅིག ག་དེ་སྦེ་ཨིན་རུང་ ཚན་ ༥ བརྩིསཝ་མས། འ་ནཱི་ལས་མར་བཀྲམ་སྟེ་ ཉིནམ་གཅིག་གི་ནང་འཁོད་ འབྲུག་ལུ་འཛུལ་ནི་གི་བཟོ་ཚར་ཡི་ ད་ཡར་སོང་ཡི་ཟེརཝ་མས་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  ད་ཁྱོད་ར་ཡང་འགྱོ་བ་ཅིན་ ཀྲིག་ཀྲི་འོང་། ནཱ་སྡོད་པ་ཅིན་ རྟིང་ལས་ཁྱོད་ར་ མར་ལམ་མི་ཐལ་ ཟེར་སླབ་མས་ལོ། དེ་ལས་ཁོ་གིས་ཡང་ ཤོབ་སླབ་སྟེ་ ད་ང་བཅས་ར་ སྣམ་བུ་ཚོས་རྐྱབ་ནི་གི་ཚོས་ རྒྱ་ཚོས་ སང་རྒྱ་ དེ་ལས་ རྡོ་རམ་ དེ་ལས་ བཙོད་འདི་ཚུ་ ང་གིས་བཏོན་པར་འགྱོ་གེ་ཟེརཝ་ད།
 • ངག་དབང་བསམ་གཏན་ Ngawang Samten
  དབའེ་ ང་བཅས་ནཱ་འར་འུར་འབདཝ་ད་ ཁྱོད་མར་བྱོག་འགྱོ་ནི་ཨིན་པས། བྱོག་འགྱོ་ནི་མི་འོང་ཟེརཝ་མས་ལོ། ང་གིས་ བདུན་ཕྲག་གཅིག་གི་ནང་ ལོག་སྟེ་ཐོན་འོང་ ཟེར་སླབ་ཅི་ལོ། ལོག་ཐོན་འོང་ཟེརཝ་ད་
 • ངག་དབང་བསམ་གཏན་ Ngawang Samten
  ཁོང་ མར་འབྲུགཔ་གི་ས་ཁར་ ཉིནམ་གཅིག་གི་ནང་འཁོད་ འཛུལ་བར་མ་ལྷོདཔ་ཅིག་གི་ནང་ རྒྱ་ནག་ཐོན་རྐྱབ་ད་ ཁོང་ལོག་འགྱོ་དགོཔ་ ཐོན་སོང་ཡི་ལོ་སྨ་རེད། ལྷ་གཅིག་ ཨ་ནཱི་རྒྱ་ནག་ཡང་ཨིན་ཟེརཝ་མས་ འབྲུགཔ་བཅོམ་མ་ཚུགས་མི་འདི།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱ་ནག་གིས་ཡར་འཛུལ་རྐྱབ་ད་ ཁོང་སླར་ལོག་ ལོག་ཡར་འགྱོ་དགོཔ་ཐོན་སོང་ཡི་ལོ། འ་ནཱི་སྦེ་འབད་ཡི་ཟེརཝ་མས། ཨིན་རྒྱུ་འདི་ ང་བཅས་འབྲུག་པ་ལུ་ བོད་པ་འདི་ཚུ་
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  གཞན་འདི་ ཁོང་རྒྱ་ནག་གིས་འབད་བ་ཅིན་ ཁོང་ར་རང་དབང་ཡོད་པའི་གུ་ འབྲུགཔ་འདི་ཚུ་ཡང་བཅོམ་ཚར་ནི་ཨིན་པས་ཏེ་སྨོ?
 • ངག་དབང་བསམ་གཏན་ Ngawang Samten
  འབྲུགཔ་ཏེ་ ཁོང་ བོདཔ་གི་འོག་ལུ་ཨིན་ཟེར་ མི་རྩིས་མ་ཡིག་ ཁྲམ་རང་ཡར་འདུག་བ། ང་བཅས་ར་ བོད་འཕྲུལ་འཁོར་བཅུ་གསུམ་འབདཝ་ད་ བཅུ་གཉིས་ཡར་ཡོད་ བཅུ་གསུམ་འབདཝ་ད་ གཅིག་ང་བཅས་ འབྲུག་པ་བརྩིས་ཏེ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  ནཱ་དང་ སི་ཀིམ་འདི་ཚུ་ སི་ཀིམ་ ཧེ་མ་འབྲུགཔ་གི་འོག་ལུ་འབད་རང་ཨིན་བ། ཏེ་ཤུལ་ལས་ རྒྱ་གར་ལུ་བཙུགས་ཡི་བ། གཞན་འདི་ འབྲུག་པའི་ཧོངས་ལུ་ཨིན། སི་ཀིམ་འདི་ཚུ་ འབྲས་ལྗོངས་འདི་ཚུ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ གཞན་འདི་ རྒྱ་ནག་མ་ཐོན་པ་ཅིན་ ཀྲིག་ཀྲི་ཉིནམ་གཅིག་ལུ་ ཕར་ལས་ཚུར་འཛུལ་མི་ ག་ཏེ་ལས་ཡང་ བཀྲིས་སྒང་འཛུལ་མི་ ག་ར་ཉིནམ་གཅིག་ལུ་ འདྲན་འདྲ་འཛུལ་ནི་གུ་ཨིན་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ འབྲུག་པ་ཐར་པོ་ལ་གིས་ཤེས་ དེ་བསྒང་ ཁོ་ལྷ་ས་ལུ་ཡོད་ལོ། དེ་བསྒང་ ཁོང་སླར་ལོག་ཡར་འགྱོཝ་ད་ ང་བཅས་ར་ འབྲུགཔ་འ་ནཱི་སྦེ་ ལུས་ཡི་ཟེརཝ་མས། ཏེ་ཁྲམ་ཡང་ ཁོང་ཁ་ཐུག་ལུ་ཨིན། དེ་ལས་ དང་ཕུ་ ཁྲལ་ཡང་ ཡར་བཏབ་དགོཔ་ཨིན་པས་བ་འབྲུག་པ།
 • ངག་དབང་བསམ་གཏན་
  Ngawang Samten: འ་ནཱི་ སྤུ་ན་ཁ་ལས་ཡར་ འབུལ་བ་འདི་ཚུ་ ཕུལ་དགོ་པ་ཏེ་། འབུལ་བ་ཟེར་ གཞལམ་སྒང་ལས་ཡར་ ཁྲལ་བསྡུཝ་མས། གཞལམ་སྒང་ལུ་ ཁྲལ་བསྡུ་སར་ ང་ལོ་གསུམ་ལྷོད་ཅི། བླ་མ་་་་་་ མར་ལས་ཡར་ འུ་ལག་འབག་སྟེ་ རི་བོ་ཏ་ལ་བྱག་ལས་ཡར་ འུ་ལག་འབག་སྟེ་ སྤུ་ན་ཁ་ཚུན་ཚོད་སྐྱེལ་དགོ་སྨ་རེད།
 • ངག་དབང་བསམ་གཏན་ Ngawang Samten
  སྤུ་ན་ཁ་ལས་འབད་ བོད་ལྷ་ས་ལུ་སྐྱེལ་དགོཔ་ཨིན་པས། འབུལ་བ་བཏབ་དགོཔ་ཨིན་པས་ཏེ། འབྲུག་ལོ་རྒྱ་ཟེར་ འབྲུག་ལས་ དཔོན་རེ་ཡར་སྡོད་དགོཔ་སྦེ། ཡར་ལས་ བཀའ་ག་ཅི་གནངམ་ཅིག་ འ་ནཱི་དཔོན་ལུ་གནང་། དཔོན་འདི་གིས་ དེ་འཕྲོ་ལས་ཡར་མར་ ཕྲང་ཕྲང་མི་བཏང་སྟེ་ དེ་བསྒང་བརྒྱུད་འཕྲིན་མེད་པ།
 • ངག་དབང་བསམ་གཏན་ Ngawang Samten
  མི་གཉིས་བཏང་སྟེ་ ས་རིམ་ཐོག་ལས་ དེ་ལས་ ནཱ་ལས་ཡར་སྐྱེལ་དགོ་པས་ ག་ཅི་འབག་ཤོག་ ཟེར་སླབ་ཅིག་ དེ་བསྒང་འདི་ དཔོན་སྲོང་བཙན་སྒམ་པོའི་ངོ་བསྒང་ལུ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱལ་པོ་སྲོང་བཙན་སྒམ་པོ་ དེ་བསྒང་ འབུལ་བ་དང་ཁྲལ་འདི་ ཡར་བཏབ་དགོཔ་ཨིན་པས། ཏེ་ཁོང་གིས་ འ་ནཱི་སྦེ་འབད་དེ་ ཁོང་གིས་ ག་ཅི་འབདཝ་ཅིག་ འབད་དགོཔ་ཨིན་ཟེར་ འབྲུགཔ།
 • ངག་དབང་བསམ་གཏན་ Ngawang Samten
  དབང་ནི་ལུ་ རང་དབང་རང་བཙན༌སྦེ་ སྡོད་མི་བཅུག་ནི་སྦེ་ བཟོ་ནི་གི་ཨིན་ལོ། ཏེ་ལྷ་གཅིག་རྒྱ་ནག་ཨིན་ལོ། རྒྱ་ནག་ཐོན་རྐྱབ་ད་ ཁོང་ སླར་ལོག་ ལོག་འགྱོ་དགོ་པས། དེ་ལས་ ཁོང་ ས་དང་ རྒྱུ་ཅ་ལ་འདི་ཚུ་ ག་ཅི་ར་ཡོད་རུང་ རྒྱ་ནག་ལུ་བཙོང་ཡི་མེན་ན་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱ་ནག་ལས་ ད་གཡང་འདི་ལེན་ ད་གཡང་འདི་ཚུར་ལེན་སྦེ་ ཁོང་ བོདཔ་ལུ་ ད་གཡང་མེད་ ད་གཡང་འདི་ ཐོན་ས་ཕར་ཁམས་པ་ཨིན་པས། ཁམས་ས་གླིང་ལུ། ཁམས་ས་གླིང་ལས་ཐོན་དོཝ་མས་ ད་གཡང་ ཏི་རུ་འདི། ཁམས་ས་གླིང་ལུ་ དངུལ་འདི་ཐོན་པའི་པར་རྐྱབ་མ་ཚུགསཔ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  མ་ཤེས་པས། དེ་ལས་ རྒྱ་ནག་དང་ ཡར་མར་འབད་སྡོད་སྡོདཔ་འབད་ནི་དེ་གིས་ དེ་ལས་རྒྱ་ནག་གིས་ པར་བཟོ་སྟེ་ དེ་ལས་ མཱཝ་གྲུ་བཞི་གི་པར་གུ་སྦེ་ ད་གཡང་ པར་རྐྱབ་བཏབ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  ཏི་རུ་འདི་ དངུལ་འདི་ རྒྱུ་འདི་ ཁམས་པ་གིས་བཏོན། དེ་ལས་ པར་འདི་རྒྱ་ནག་གིས་བཏབ་འབད་དེ་ དེ་ལས་ དོ་དོ་འབད་དེ་བྱིན་བྱིན་མས་བོད་ལུ།
 • ངག་དབང་བསམ་གཏན་ Ngawang Samten
  བོདཔ་གཞུང་ལུ་བྱིན། དེ་ལས་ བོད་གཞུང་ལུ་བྱིན་ཏེ་ ད་དེ་སྦེ་འདི་མི་བཏུབ་པས་ཟེར་ དོང་བརྐོ་སྟེ་ མོ་ཆུ་ཅིག་ཡོད་ལོ་བ། མོ་ཆུ་རོང་ཆུ་ དོང་བརྐོ་ཞིནམ་ལས་ དེ་ལས་ ད་གཡང་དོ་འདི་ཚུ་ག་ར་ཞིབ་སྟེ་ དོང་འདི་ནང་བཙུགས་ཏེ་ བོདཔ་གིས་ཞིབ་སྟེ་བཙུགས་ ཆུ་འཛུལ་ས་མེད་པར།
 • ངག་དབང་བསམ་གཏན་ Ngawang Samten
  རྩི་ས་རྐྱབ་སྟེ་ ཆུ་གུ་ལས་ཡར་འགྱོ་ནི་བཟོ་སྟེ་ དེ་ལས་ ཆུ་ལོགས་ཅིག་ཁར་དྲངས་བཏང་བཏངམ་འདི་ལོག་སྟེ་ ཨ་ནཱི་ད་གཡང་དོ་གུ་ལས་ཡར་ དཔག་བཏང་བཏངམ་མས། དེ་ལས་ ད་གཡང་དོ་གུ་ལས་དཔགཔ་ད་ རྟིང་ལས་ རྒྱ་ནག་གིས་དྲི་དྲིཝ་མས། ད་གཡང་དོ་ མང་ཧེང་རྫོགསཔ་ཅིག་ བོད་ལུ་ཡོདཔ་ཨིན་ ག་ཏེ་ཡོདཔ་སྨོ་ཟེརཝ་ད།
 • ངག་དབང་བསམ་གཏན་ Ngawang Samten
  མི་ཤེས་ཟེར་ རྩ་ལས་སླབ་མ་བཏུབ་ཨིན་ལོ་བོདཔ་གིས། མ་ཉན་པར་ ཏེ་ད་གཡང་དོ་ མང་ཧེང་རྫོགསཔ་ཅིག་ ཁམས་ལུ་དོ་གི་གྱངས་ཁ་ཡོད་དོཝ་མས། འ་ནཱིམ་ཅིག་འདུག་ཟེར་ ས་ཡ། བྱེ་བ། དུང་ཕྱུར་སྦེ་འདུག་ཟེར། འདི་དགོ་ཟེརཝ་ད་ བཏོན་ཤིག་ཟེརཝ་ད་ མི་ཤེས་ཟེར།
 • ངག་དབང་བསམ་གཏན་ Ngawang Samten
  ག་ཏེ་འདུག་གོ ཁྱིམ་ནང་ར་འོང་ཟེར། འཚོལ་ཤིག་ཟེར། ག་ཏེ་བལྟ་རུང་ ད་གཡང་དོ་མིན་འདུག་ལོ། ཤུལ་ལས་ ཏེ་མི་གླེན་གོ་བཟུམ་ཅིག་ གཅིག་དང་ཕྱད་ཕྱདཔ་ཨིན་པས། ཏེ་ཁྱོད་ཀྱིས་སླབ་ཤིག ཁྱོད་ལུ་ཡང་བྱིན་འོང་། ནང་གསུག་བྱིན་གེ་ཟེར་བྱིནམ་ད་ ཁོ་གིས་སླབ་སླབ་ཨིན་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ ད་གཡང་དོ་ག་ར་ ཆུ་གི་འོག་ལུ་ཡོད་ཟེར་ ཆུ་འདི་འ་ནཱ་ལས་ཕར་ ལོགས་ཅིག་ཁར་དྲངས་བཏང་ད་ཟེར། ཆུ་དྲངས་བཏང་བཏང་པའི་ཤུལ་ཡོད། འ་ནཱ་ལས་དྲངས་བཏང་ འ་ནཱི་ ཆུ་འགྱོ་སའི་འོག་ལུ་ ད་གཡང་ཡོད་ ཟེར་སླབ་ད།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཆུ་འདི་ཧེ་མ་བཏང་སར་ལས་མར་དྲངས་བཏངམ་ད་ལུནི་ ཏེ་ཏི་རུ་ནང་ཆུ་མ་འཛུལ་བར་ གུ་ལས་ཡར་རྩི་ས་རྐྱབ་སྟེ་ ད་གཡང་དོ་གྱལ་སྦེ་འདུག་ལོ། དེ་བ་རྔམ་སྦེ་བཏོན་ནུག་བ་ རྒྱ་ནག་གིས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཁོང་ལུ་ཡང་ ཧེ་བཏགས་འཚོལ་ནུག དེ་སྦེ་ འབྱིད་སྐོར་རྐྱབ་སྟེ་ཨིན་པས་ཟེར། ད་གཡང་ཡོདཔ་ ང་བཅས་ཀྱིས་ཤེས་བ་ཏེ་ཟེར། ཁྱོད་ཆ་ཁྱབ་ ག་ཅི་འབད་གཡིབ་སྨོ་ཟེར། ད་ སྣུམ་འཁོར་ལམ་བཏོན་ནི་ མར་རྒྱ་ནག་ལས་ཡར་ སྣུམ་འཁོར་ལམ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ད་གཡང་དོ་ག་ར་ རྒྱ་ནག་གིས་བཏོན་འབག་སྦེ་ དེ་ལས་ ཁོང་ར་ལཱ་འབད་བར་ འཇར་རོགས་བཟུམ་སྦེ་སྐྱོང་ནུག་མེན་ན། དེ་ལས་ ཉིནམ་གཅིག་ལུ་ ད་གཡང་ ༢༠ བྱིན་གེ་ ༣༠ བྱིན་གེ་ཟེར་ ཁོང་རའི་ ད་གཡང་ཁོང་ར་ལུ་ གླ་བྱིན་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ལམ་བཏོན་ནུག་མེན་ན་ཏེ། ལམ་བཏོན་ཚར་ཞིནམ་ལས་ དེ་ལས་ ད་ད་གཡང་ལོག་བྱིན་མི་འདི་ ཁོང་ར་གི་ད་གཡང་ཨིན། ཁོང་ར་ལུ་ གླ་བྱིན་སྦེ་ ལཱ་འབད་བཅུག་མི་འདི་ ང་བཅས་ར་ཁེ་སང་ཨིན་ཟེར་ ལཱ་འབད་དེ་སྣུམ་འཁོར་ལམ་བཏོན་མི་འདི་ ང་བཅས་རའི་ཁེ་སང་ཨིན། ཁོང་གིས་ ད་གཡང་འབག་སྟེ་ ག་ཏེ་ཡང་མི་འགྱོ། ས་འདི་ཁར་རང་སྡོད་འོང་ ཟེར་སླབ་མས་ལོ་རྒྱ་ནག་གིས།
 • ངག་དབང་བསམ་གཏན་ Ngawang Samten
  འུམ་་་་་་ དེ་ལས་ ཁྱོད་ཀྱི་ཁྱིམ་ཨ་ནཱི་སྦ་སྒོར་ཅིག་ལུ་ ག་དེམ་ཅིག་སྨོ་གོང་ཚད་ ཟེརཝ་ད་ དེ་བསྒང་ ད་གཡང་ ༣༠ ཨིན་ཟེར་ སླབ་འོང་ལོ། ད་གཡང་དོ་ ༣༠ རང་བྱིན་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་ལུ་ ༥༠ ཨིན་ཟེར་བ་ཅིན་ ༥༠ རང་བྱིན་ཏེ་ ཁྱོད་ཀྱི་ཐོག་ ༢ འདུག་ ག་དེམ་ཅིག་སྨོ་ཟེརཝ་ད་ དོ་ ༡༠༠ ཨིན་ཟེར་བ་ཅིན་ ད་གཡང་དོ་ ༡༠༠ རང་བྱིན།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ རྒྱ་ནག་གི་མི་ལ་ལུ་ཅིག་གིས་སླབ་མས་ ཟེརཝ་མས་ལོ། ད་གཡང་ དོ་དེ་སྦེ་རང་བྱིན་ནི་མི་འོང་ ཁོང་ར་སླབ་སླབ་ས་རང་། ཕབ་སྟེ་བྱིན་དགོ་ཟེརཝ་ད།
 • ངག་དབང་བསམ་གཏན་ Ngawang Samten
  ཁོང་གིས་ ད་གཡང་འདི་འབག་སྟེ་ ག་ཏེ་ཡང་མི་འགྱོ་ འདི་ཁར་རང་སྡོད་འོང་ཟེར་ སྣུམ་འཁོར་གྱི་ལམ་འདིནི་ ནཱ་ལྷོད་ཅི་ ཟེར་སླབ་མས་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ བོདཔ་ཀུ་ཀྲ་ཟེར་མི་ཚུ་ དཔོན་ཨིན་པས། བློན་པོ་དང་ བློན་ཆེན་བཟུམ་ འེ་་་་་་ དེ་ལས་ གུར་སྤུབས་ཏེ་ ཁྱིམ་འདིནི་རོགས་ལུ་བཙོང་ནུག་གོ་ཤིག
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཁྱིམ་རོགས་ལུ་བཙོང་། ཁྱིམ་གྱི་རིན་གོང་དོ་དོ་སྦེ་འབག་སྟེ་ རྩིགཔ་རྐྱབ་སྦེ་ ད་གཡང་དོ་གི་སྦུག་ན་ གུར་སྤུབས་ཏེ་ ཆང་འཐུང་མི་ཆང་བཀང་ ཆང་འཐུང་། ཇ་འཐུང་མི་གིས་ཇ་བཀང་།
 • ངག་དབང་བསམ་གཏན་ Ngawang Samten
  གཡག་ཤ་གི་ ཤ་འདི་ཚུ་ རྐང་ལག་སྦེ་འབག་ཞིནམ་ལས་ འདི་བར་ན་བཙུགས་ཏེ་ ཆང་སྤགས་ཨིན་ཟེར་ ཤ་བཏོག་ཅི་རང་ ཨེ་རྫས་ ནང་བཙུགས་ཅི་རང་ ཤ་འདི་ཟ། ཆང་འདི་འཐུང་།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཤོ་རྐྱབ་སྦེ་ཨིན་པས་ཟེརཝ་མས་ལོ། དེ་ལས་ཁོ་གིས་ ཨཔ་ཐར་པོ་ལ་གིས་སླབ་སླབ་ཨིན་ལོ། དབའེ་ ད་ཁྱེད་ཚོ་དེ་འདྲ་མ་བྱེད་ ད་ལྟ་ར་མི་གིས་ གཅིག་བྱེད་ཡོང་། དེ་འདྲ་མ་བྱེད་ ཟེར་སླབ་སླབ་ཨིན་ལོ་ ཁོ་གིས། (Speaker speaks Tibetan Languages) དེ་སྦེ་མ་འབད་ ཁྱོད་ཚུ་གིས་ སྤྲོ་ཆེ་རང་ཆེ་བས་ སྤྲོ་བ་དེ་སྦེ་རང་མ་བཏོན་ ཟེར་སླབ་ད་ སླབ་མས་ལོ་ བོདཔ་གིས།
 • ངག་དབང་བསམ་གཏན་ Ngawang Samten
  དབའེ་ ཁ་བཙུམ་སྟེ་ ཁ་རོག་སྡོད་Speaker speaks Tibetan Languages) ཟེརཝ་མས་ལོ། ང་བཅས་རའི་རྒྱུ་ ང་བཅས་ར་ཟ་ནི་ལུ་ ཁྱོད་ག་ཅི་མིག་ཚཝ་སྨོ་ ཟེརཝ་མས་ལོ། ང་བཅས་ཀྱི་ ཁུངས་འདི་ ཁྱོད་ཀྱིས་མི་ཤེས་ ཟེརཝ་མས་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  ང་བཅས་རའི་ཏི་རུ་ཨིན་པས། ཁྱིམ་བཙོང་བཙོངམ་གི་ཏི་རུ་ ཟེརཝ་མས་ལོ། ཆང་འཐུང་རུང་ ང་བཅས་རའི་ལག་པར། ཤོ་རྐྱབ་རུང་ ང་བཅས་རའི་ལག་པར་ཨིན། ཇ་འཐུང་རུང་ ང་བཅས་རའི་ལག་པར་ཨིན། ཁྱོད་འབྲུག་པ་ཀླ་ཀློ་ ཁྱོད་ཁུ་སིམ་སི་སྦེ་སྡོད་ཤིག་ ཟེརཝ་མས་ལོ། ཡ་ཡ་ ང་འདི་ཙང་ཙ་རང་སྡོད་འོང་ ཟེར་སླབ་ཅི་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ད་རུང་ ཆང་དྲངསམ་ད་ བློ་སླབ་མས་ལོ། འམ་ད་ དེ་སྦེ་བཞག་བཞགཔ་གིས་མི་བཏུབ་པས། ད་ཚར་ཅིག་ ཕྱད་མདའ་རྐྱབ་གེ་ཟེར་ རྒྱ་ནག་དང་ཕྱད་མདའ་རྐྱབ་གེ་ ཟེར་ཨིན་པས་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དབའེ་ ཁྱོད་ཚུ་གིས་ཕྱད་མདའ་མ་རྐྱབ་ཟེར་ གཞན་ཅིག་ལུ་སླབ་ཅི་ལོ་ཁོ་གིས། ཁྱོད་ཚུ་ལུ་ ལག་ཆ་འདིནི་ ག་ནི་ཡང་མེད། རོགས་ལུ་ ཚོད་བལྟ་སྟེ་ ཁེ་སང་ག་ནི་ཡང་མི་ཐོབ་ མ་འབད་ད་ ཁྱོད་ར་ཙང་ཙ་སྡོད་ད་ཟེརཝ་ད་
 • ངག་དབང་བསམ་གཏན་ Ngawang Samten
  ང་བཅས་ར་ཤེས་ ཁ་ཙང་ཙ་སྡོད་ཤིག ཁ་གཅིག་ཨིན་པས་ཏེ་ ཅོག་འཐདཔ་སླབ་འོང་ལོ། བོདཔ་འདི་ཚུ་གིས་ ཡ་ཡ་ ཟེར་སླབ་སྦེ། དེ་ལས་འདི་ ཁོ་གིས་སླབ་སླབ་ས་ཨིན་པས་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ཀུ་ཀྲ་འདི་ཚུ་ ཀུ་ཀྲ་འདི་ཚུ་ བློན་པོ་དང་ བློན་ཆེན་བཟུམ་ཨིན་བ། དཔོན་གྱི་ཕྱག་མཇལ་བདག་འཛིན་འབད་མི་ ཀུ་ཀྲ་འདི་ཚུ་ ཡར་མཛོད་ཁང་ ཀྲོབ་མདའ་གི་མཛོད་ཁང་འདི་ཚུ་ མདེའུ་གི་མཛོད་ཁང་སྦོམ་ཅིག་འདུག་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  རྩེ་པོ་ཏ་ལར་ མདེའུ་གི་མཛོད་ཁང་ དེ་ལས་ཀྲོབ་མདའ་གི་མཛོད་ཁང་ མ་དཀྲོགས་པར་བཞག དེ་ལས་ མདེའུ་གི་མཛོད་ཁང་ བདག་འཛིན་འབད་མི་ ཀུ་ཀྲ་འདི་ཚུ་གིས་ ནང་གསུག་ཟ་ཟཝ་འདྲས་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་འབདཝ་ད་ མར་ལས་མདེའུ་འདི་ཚུ་ ཀུ་ཀྲ་འདི་ཚུ་གིས་བཙོང་ད་ནུག་ལོ་རྒྱ་ནག་ལུ། མདེའུ་མིན་འདུག་ཏེ། མདེའུ་མེདཔ་བཟོ་ ཀྲོབ་མདའ་ཡར་ཡོད་བ་ དེ་ལས་ ཕྱད་མདའ་རྐྱབ་ནི་གུ་ལྷོད་དེ་ ཡ་རྐྱབ་ནི་ཨིན་ཟེར་ འགྱོ་བའི་བསྒང་ལས།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ གྲྭ་ཚང་ སེ་ར་ འབྲས་སྤུངས་ དགའ་ལྡན་ གནམ་མེད་ས་མེད་ཀྱི་ དེ་ལས་ ཞ་ལུང་དགོན་པ་ དེ་ལས་ དཔེ་མཆོག་དགོན་པ་ དེ་ལས་ གཡུ་རུང་དྲི་གུང་དགོན་པ་ དེ་ལས་ ཡར་བླ་མ་གླིང་དགོན་པ་བརྩིས་ཏེ་ གྲྭ་ཚང་གནམ་མེད་ས་མེད་ཡོད་བ།
 • ངག་དབང་བསམ་གཏན་ Ngawang Samten
  གྲྭ་ཚང་ཆེ་ཤོས་འདི་ སེ་ར་ འབྲས་སྤུངས་ འབྲས་སྤུངས་འདི་ཚུ་འདི་ གནམ་མེད་སྦོམ་ཨིན། ནཱ་ལས་ བྱམས་ལྷ་ཁང་ཚུན་ཚོད་འདུག ཁྱིམ་སྦོམ་ཤོས་ རིང་ཤོས།
 • ངག་དབང་བསམ་གཏན་ Ngawang Samten
  འབྲས་སྤུངས་ སེ་ར་ ཨ་ནཱི་ཐལ་ས་ཅིག་འདུག་ སེ་ར། འབྲས་སྤུངས། སེ་ར། དགའ་ལྡན་འདི་ཚུ་ གནམ་མེད་ས་མེད་ ཏེ་ང་བཅས་ར་ ནཱ་འབད་བ་ཅིན་ མི་གནགཔ་བཟུམ་ཅིག་ ཡོད་ཚད་མེད་ཚད་ དགེ་སློང་ནང་འཛུལ་ཏེ་ཨིན་པས་བ་ གྲྭ་པ་ཟེར་ དགེ་སློང་འབད་དེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ དགེ་སློང་འདི་ཚུ་ག་ར་ཐོན་ཏེ་ ཕྱད་མདའ་རྐྱབ་པར་འགྱོ། ཡར་ཀྲོབ་མདའ་མཛོད་ཁང་ནང་སོང་སྟེ་ ཀྲོབ་མདའ་བཏོན་ཏེ་འོངམ་དནི་ ཏེ་མདེའུ་བཏོན་དགོ་པས་གོ་ཤིག
 • ངག་དབང་བསམ་གཏན་ Ngawang Samten
  མདེའུ་མིན་འདུག་གོ་ཤིག ཁོང་ཀྲོབ་མདའ་འདི་ཚུ་ ཕྱག་ལྟག་གུ་འབག་སྟེ་འོངམ་ད་ མདེའུ་མེད་པའི་ཀྲོབ་མདའ། དེ་ལས་རྒྱ་ནག་གིས་ ཕར་ལས་གཅིག་ ཚུར་ལས་གཅིག་ ལམ་ཁར་བཀག་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ ཁོང་གི་ཀྲོབ་མདའ་འདི་ ཨོལ་ལྐོག་གུ་བཀལ་སྦེ་ འ་ནཱི་སྦེ་ཀྲོབ་མདའ་འདི་ཚུ་ག་ར་ ལོགས་ཅིག་ཁར་སྤུངས་བཞག་སྦེ་ དེ་ལས་ རོགས་ཀྱི་ཀྲོབ་མདའ་མདེའུ་ཡོད་བ།
 • ངག་དབང་བསམ་གཏན་ Ngawang Samten
  ཁོང་གི་ཀྲོབ་མདའ་མདེའུ་མེད་པར་ ཤིང་བཟུམ་སྦེ་བརྩེགས་བཞག་སྦེ་ ཏེ་འ་ནཱི་སྦེ་ ཤོར་ཤོརཝ་མས། བླ་མ་་་་་་ ཏེ་ད་གཡང་འདི་ ལོག་སྟེ་ར་རྒྱ་ནག་ལུ་ཨིན་པས་མེན་ན་ཏེ་ལོག་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  དངུལ་འདི་ མར་ཛི་གླིང་ལས་བཏོན་ཏེ་ རོགས་ཁམས་པ་གི་ཨིན་པས། དེ་ལས་ བླུགས་ནི་རྒྱ་ནག་གིས་ བླུགས་བླུགསཔ་མས་ ཧ་གོ་ཏེ་ བླུགས་བླུགས་འོང་ཏེ་སྨོ? གཞན་གླ་མེད་པར་ ཁོང་གིས་ཡང་མི་ཉན།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་འ་ནཱི་སྦེ་འབདཝ་ད་ རྟིང་ལས་ལོག་སྟེ་ར་ རྒྱ་ནག་ལུ་ཤོར་སོང་འདུག་ཏེ། ཁོང་ར་ཚར་གཅིག་རྩིགཔ་རྐྱབ་སྟེ་ དགའ་ཏོག་ཏོ་བཟོ་སྡོད་སྡོདཔ་མས་ སྤྲོ་བ་སྟོན་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་ཕྱད་མདའ་རྐྱབ་ནི་ཨིན་པ་ཅིན་ ད་གཡང་འབག་སྟེ་ ག་ཏེ་སྐྱེལ་ནི་ཏེ། ནཱ་འབྲུག་ལུནི་ འབག་མི་ཚུགས། འབྲུག་ལུ་ འོང་ཡང་མི་བཅུག་ཏེ། མི་མང་ཧིང་རྫོགསཔ་ཅིག དེ་ལས་ ག་ཏེ་འབག་རུང་ འབག་ས་མིན་འདུག་ཏེ་ རྒྱ་ནག་གིས་གང་འོངམ་ད།
 • ངག་དབང་བསམ་གཏན་ Ngawang Samten
  སྣུམ་འཁོར་གྱི་ལམ་འདིནི་ ཁོང་ར་གིས་སེལ་ནུག དེ་ལས་ཏེ་ རོགས་ཀྱི་དབང་ལུ་ཐིམ་ཐིམ་མས། ད་གཡང་གི་རྒྱ་དགུང་ཁྲི་ དྲིན་ཅན་ཕ་མ་ལོ་ཟེར་ ཞབས་བྲོ་ཅིག་ཡང་ འཐེན་ཡི་ཧེ་མ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་ལས་ རྒྱ་དགུང་ཁྲི་གི་ད་གཡང་འདི་ ཏེ་ལོག་སྟེ་ རོགས་འབད་སར་རང་སོང་ནུག་མེན་ན་ཏེ་ བླུགས་མི་ཡང་རོགས་རང་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  རྒྱུ་འདི་ ཁོང་ར་གི་ཨིན་པས་ ཁམས་པ་གི། གཟི་ཐོན་མས་ཟེར་རུང་ ཁམས་པ་གི་ཨིན་པས། གཟི་ཡང་ རོགས་ཁམས་ལས་ཐོན་འོང་ལོ། གསེར་ཡང་ རོགས་ཁམས་ལས་ཐོན་འོང་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དངུལ་ཡང་ ཁམས་ལས་ཐོནམ་ཨིན་ལོ། བོད་ལུ་འདི་མིན་འདུག བོདཔ་འདི་ སྤྱང་ཀ་བཟུམ་ཅིག་ཨིན་པས་གོ། དེ་ལས་ ང་བཅས་ནཱ་གི་འདི་ སེ་པ་ཟེར་ མར་ལྕམ་མཁར་ཐང་ལུ་ཡོད་མི་ སེ་པ་ཟེར་ བྱང་ཉེས་བཟུམ་ཅིག་ཨིན་པས་བ། ཡར་ལྷ་ས་ལུ་ལྷོད་པ་ཅིན་ ཁྱིམ་ནང་ཡང་ འཛུལ་མ་བཅུགཔ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  སེ་པ་འདི་ཚུ་ ལྷ་ས་གི་མི་འདི་ཚུ་ བཟངམོ་བཟུམ་ཅིག་ཨིན་པས་ འ་ནཱི་སྦེ་ཡོད། ང་བཅས་ལྷོད་ཅི་བ་ཏེ། འ་ནཱི་འབད་དེ་ དང་ཕུ་དང་ད་རེས་ཀྱི་བར་ན་ ཏེ་འ་ནཱིམ་ཅིག་འགྱོཝ་མས།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་ཚྭ་འདི་ཚུ་ཡང་ ཡར་བཏོན་ཏེ་ཟ། གོ་ལ་ཡང་ ཡར་ལས་བཏོན་ཏེ་གྱོན། དེ་ལས་ རྒྱ་ནག་ཐོན་རྐྱབ་ད་ དེ་ལས་ ཚྭ་ཡང་ཡར་གྱི་མེདཔ་འགྱོ། དེ་བསྒང་འདི་ཡོད་བ། རྫོང་ཁག་ཚུ་ནང་ཡང་ ཛའི་་་་་་་་་ ཚྭ་དམར་ ཚྭ་དམར་ཟེར་ ཚྭ་དམརཔོ་འབད་མི་ཅིག་འདུག ཚྭ་ བོད་ཚྭ་ཚན་གཅིག་འདུག འ་ནཱི་འདི་ཚུ།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  ཡར་ལུ་བྱེལཝ་ཐོན་ཞིནམ་ལས་ འབྲུག་ལུ་ཚྭ་འདི་ཚུ་ག་ཏེ་ལས་བཏོན་ཡི་ག?
 • ངག་དབང་བསམ་གཏན་ Ngawang Samten
  ཚྭ་འདི་ཚུ་ རྒྱ་གར་ལས་བཏོན་ཡི།
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  རྒྱ་གར་ལས?
 • ངག་དབང་བསམ་གཏན་ Ngawang Samten
  ཨོང་་་་་། རྒྱ་གར་ལུ་ཡང་ ཧེ་མ་ ཚྭ་ཡོདཔ་ཤེས་རུང་རང་ ཚྭ་ཡོདཔ་མེདཔ་ཡང་མ་ཤེསཔ་འོང་ནི་མས་མེན་ན་ཏེ། གཱན་དི་ཇི་གི་ངོ་བོ་བསྒང་ལུ་ རྐྱངམ་ཅིག ཁོ་གིས་ཤེས་སྦེ་ ཁོ་གིས་འབད་བཏོན་མས་བ་ཚྭ།
 • ངག་དབང་བསམ་གཏན་ Ngawang Samten
  ཁོ་གིས་འབད་མི་འདི་ཚུ་ ནར་ནར་སྦེ་འཁྱིད་འབག་སྟེ་ དུས་སྟབས་བཟོ་སྦེ་ ལམ་ཡར་ལས་ཐོན་མི་དང་མར་ལས་ཐོན་མི་འདི་ཚུ་ འ་ནཱི་སྦེ་ [གྱལ་སྦེ་?] གཱན་དི་ཇི་ཁོ་ར་ ཧེ་མ་སོང་སྟེ་ དེ་ལས་འ་ཕི་ནང་ལྷོདཔ་ད་ བྱེམ་ཨིན་པས་ཏེ། བྱེམ་བཟུམ་མའི་ནང་ འ་ཕི་ནང་ལྷོདཔ་ད་ ཁོ་གིས་དབོགས་ཏེ་འབདཝ་ད་ དེ་ལས་ཚྭ་ཨིནམ་ཤེསཔ་མས་བ།
 • ངག་དབང་བསམ་གཏན་ Ngawang Samten
  གཱན་དི་ཇི་གི་ངོ་བོ་བསྒང་ལུ་བཏོན་བཏོནམ་ཨིན་ཚྭ། འ་ནཱ་ལས་ཚུར་ ཐོན་ཐོནམ་ཨིན་ཚྭ་ རྒྱ་གར་ལུ། གཞན་བོད་ཚྭ་རང་ཨིན་པས་ཏེ་ དང་ཕུ་འདི།
 • ངག་དབང་བསམ་གཏན་ Ngawang Samten
  དང་ཕུ་འདི་ ང་བཅས་ར་ནཱ་ ཇོ་བོ་དུར་ཤིང་ལས་ཡང་ཐོན་ཐོནམ་ཨིན་ལོ་ཚྭ། ཇོ་བོ་དུར་ཤིང་གི་ཚྭ་འདི་ ལུག་གི་པགས་ཀོ་གང་འབད་མི་འབག་འབགཔ་འདི་ ཀྲོང་གསར་རྫོང་ནང་ ནང་རྟེན་འབད་དེ་ཡོདཔ་ཨིན་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  ད་འབག་ཡར་སོངཔ་འོང་ གཞུང་གིས་སྨོ?
 • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
  མ་ཤེས་ལགས།
 • ངག་དབང་བསམ་གཏན་ Ngawang Samten
  འབག་འབགཔ་འོང་ད་ མི་འོང་། ནཱ་ཏེ་ ཧེ་མ་རྫོང་ནང་ བོད་ཚྭ་ ཐིག་ཚད་མེདཔ་ཅིག་ཡོད་ཏེ་ ཚྭ་དམར་བླ་མ་་་་་་་ ཚྭ་དམརཔོ་སྒོང་རང་ཨ་ནཱེམ་རེ་འབད་མི། འ་ནཱི་འདི་ཚུ་ག་ར་ ཏེ་ཤུལ་ལས་དཔོན་འདི་ཚུ་ཡང་ མ་བཞུགས་འབདཝ་ད་ ཚྭ་ཡང་ རྒྱ་གར་གྱི་ཚྭ་བཏོན་ དེ་ལས་འ་ནཱི་བོད་ཚྭ་འདི་ཚུ་ དཔོན་ཁོང་ར་ ཐིམ་ཕུག་ལས་ཕར་དང་ རྒྱ་ལས་མར་བྱོན་བཞུགས་འབདཝ་ད་ བདག་མེད་སྦེ་བཞག དེ་ལས་ ཅ་ལ་འདི་ཚུ་ཡང་ འ་ནཱི་སྦེ་ར་བརླགས་བཏང་ད་ཡི།
 • ངག་དབང་བསམ་གཏན་ Ngawang Samten
  ཁྲོ་འདི་ཚུ་ ཟངས་འདི་ཚུ་ གནམ་མེད་ས་མེད་ཡོད་དང་ཕུ་གི། ཏི་རུ་ དང་ཕུ་གི་ཏི་རུ་ (ཁྲི་ཐེག་མིན་) (ཏོག་ཅནམ་) འདི་ དོ་ཁལ་གསུམ་གསུམ་ གོ་བཤའ་རྐྱབ་རྐྱབ་ཀྱི་ཨིན་ཏེ་ ཧེ་མ་ འབྲུག་རྒྱལ་གཉིས་པའི་བསྒང་གི། དེ་འབདཝ་ད་ མར་ལྷོ་མཚམས་ཀྱི་ས་ཁྲལ་བསྡུ་བསྡུཝ་གི་ཏི་རུ་ཨིན་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  དེ་འབདཝ་ད་ དང་ཕུ་ཕྱི་གླིང་པའི་མངའ་འོག་ནང་འབད་བའི་སྟབས་ཀྱིས་ ཏི་རུ་ལེགས་ཤོམ་ཙང་ཙ་ཐོན་ཏེ་སྡོད་ནུག་བ་ཏེ། དེ་ལས་ ས་ཁྲལ་བསྡུ་སྟེ་ ང་བཅས་ར་མར་ལྷོ་མཚམས་ཀྱི་ས་ཁྲལ་བསྡུཝ་ད་ལུ་ ཏེ་ཏི་རུ་ཨ་ནཱི་ལེགས་ཤོམ་ཙང་ཙ་ཨིན་པས་བ་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ཏེ་འ་ནཱི་ མར་ལས་ཡར་ རྒྱལ་པོའི་གཟིམ་དཔོན་གཤགས་མི་དང་ འདི་ཚུ་གིས་ས་ཁྲལ་བསྡུ་སྟེ་ ནཱ་དཔོན་ལུ་ཕུལཝ་ད་ལུ་ ཏེ་དོ་དོ་འབད་དེ་བསྡམས་ཏེ་ སྒྲོམ་ནང་ན་བསྡམས་སྦེ་ སྒྲོམ་གྲུ་བཞི་ འ་ནཱེམ་རེ་ ཡར་འཐུ་ཚུགས་མ་ཚུགས་རེ་ ཕྱི་ལས་ཀོཝ་སྒྲིལ་རྐྱབ་སྟེ་ཨིན་པས་ པགས་ཀོ་གིས་སྤུར་ཏེ།
 • ངག་དབང་བསམ་གཏན་ Ngawang Samten
  ཨ་ཕར་ རྡོ་གཅལ་གྱི་ཕར་ཧོངམ་ དབུ་རྩེ་གི་གདོང་སྐོར་ལུ་ གི་ཁུག་ནང་ན་ཨིན་ཏེ་ ཏི་རུ་གི་དོ་བཙུགས་ས། རྟིང་ལས་ ཏེ་འ་ནཱ་ལས་བགོ་བཤའ་རྐྱབ་སྟེ་ གནངམ་མས།
 • ངག་དབང་བསམ་གཏན་ Ngawang Samten
  དོ་ཁལ་གསུམ་གསུམ་ ཏེ་དཔོན་ཁག་ ཁོང་ར་རེ་རེ་ལུ་ ད་འབྲུག་རྒྱལ་གསུམ་ ཡར་སོང་ཡི་བ། འབྲུག་རྒྱལ་གསུམ་པ་ལུ་ དོ་ཁལ་གསུམ་ཨིན་པས། དེ་རྒྱལ་ཚབ་ལུ་ དོ་ཁལ་གསུམ་ཨིན་པས། ཨ་ཞེ་ཆོས་སྐྱིད་ལུ་ དོ་ཁལ་གསུམ་ཨིན་པས། ཨ་ཞེ་བདེ་སྐྱིད་ལུ་ དོ་ཁལ་གསུམ་ཨིན་པས།
 • ངག་དབང་བསམ་གཏན་ Ngawang Samten
  ད་ལྟོ་ འ་ནཱི་འོང་སྟེ་ ཨ་ཞེ་པདྨ་ལུ་ དོ་ཁལ་གསུམ་ཨིན་པས་ཏེ། སྤུན་ཆ་འདི་ཚུ་ལུ་གོ་བཤའ་རྐྱབ་སྟེ་ གནང་ཡི་མེན་ན་ཏེ་ དབང་འདུས་དྲགོས་རྫོང་དཔོན་གྱིས། ཡུམ་པདྨ་བདེ་ཆེན་སྦེ་འབད་ གོ་བཤའ་རྐྱབ་སྟེ་གནང་ཡི་ ཨ་ཕར་ལས་ཏི་རུ་དོ་ དང་ཕུ་ཏེ། ཨ་ནཱི་ རྒྱ་དངུལ་གསརཔ་འདི་ཚུ་ བོད་ལས་མར་བཏོནམ་ཨིན་ལོ།
 • ངག་དབང་བསམ་གཏན་ Ngawang Samten
  ང་བཅས་ར་ཤིང་ལྕམ་དུམ་བཟུམ་གྲུ་བཞི་འ་ནཱེམ་རེ་ རྒྱ་ཤིང་ཐོ་གྲི་གང་ སྟུག་ཚད་འ་ནཱི་ལག་གང་དང་ མཐེབ་སོར་གང་ ཐད་ས་ཅིག་ཨིན་པས། དངུལ་ཏེ་ག་ནི་བ་ལེགས་པའི་དངུལ་སྡོད་ནུག་སྨ་རེད་ ད་ཞ་རྩི་བཟུམ་ཅིག་རང་ཨིན་པས་ཏེ་དངུལ་ འཇམ་ཏོང་ཏོ་ ད་འ་ནཱི་བཟུམ་མའི་དངུལ་ནེ་པཱལ་ལས་ཐོནམ་མས་ ཅ་ལ་བཟོ་སྟེ།
 • ངག་དབང་བསམ་གཏན་ Ngawang Samten
  ནེ་པཱལ་གྱི་ཆོས་ཆས་ ཏིང་ཉོ་བ་ཅིན་ དངུལ་འ་ནཱི་སྦེ་ ལེགས་ཤོམ་ཙང་ཙ་འོང་། དང་ཕུ་ ནཱ་དཔོན་འབད་སར་ ཨ་ནཱི་དངུལ་དེ་ཨིན། འཇམ་ཏོང་ཏོ་ ཏེ་དངུལ་ག་ནི་བ་ལེགས་པས།
 • ངག་དབང་བསམ་གཏན་ Ngawang Samten
  འ་ནཱི་བཟུམ་མའི་ཏི་རུ་འདུག་ཏེ་ དང་ཕུ། ཤུལ་ལས་ ག་ཏེ་འབག་ཡར་སོང་ཡི་ག་མ་ཤེས་ཏེ། དཔོན་རེ་རེ་གིས་ བླ་མ་་་་་་། ལ་ལུ་ཅིག་ཤར་ལུ་འབག་ ལ་ལུ་ནུབ་ཁ་ཐུག་འབག་ ལ་ལུ་ཅིག་ བྱང་ཁ་ཐུག་འབག་འབདཝ་དནི་ མཇུག་བསྡུ་ནུག་ཏེ།། །།