08 Aug 2012
24 min 16 sec
Video Overview
Creators:
Unknown
Two young Tibetans, Gonbhé and Tingdzingkyi, get married in the Bora area of Labrang.
- བཤད་མཁན་དང་པོ།ཨ་ཁུ་ད་དུང་སྔུན་ལ་མ་བུད་ཐལ།
- བཤད་མཁན་གཉིས་པ།སྔུན་ལ་མ་འགྲོ།
- དལ་མོ་བྱོས།
- བཤད་མཁན་གསུམ་པ།གཅིག་ཀྱང་མ་འགྲོ།
- ཁྱོད་གཉིས་སྔུན་ལ་མ་འགྲོ།
- བཤད་མཁན་བཞི་བ།ཡ་་་
- དབུས་ཕྱོགས་རྣམ་པར་སྣང་མཛད་མཆོད།
- ཤར་ཕྱོགས་རྡོ་རྗེ་ཚེ་དཔའ་མཆོད།
- ལྷོ་ཕྱོགས་རིན་ཆེན་འབྱུང་གནས་མཆོད།
- ནུབ་ཕྱོགས་སྣང་བ་མཐའ་ཡས་མཆོད།
- བྱང་ཕྱོགས་སྟོང་ཉིད་དྲུག་པ་མཆོད།
- དུས་གསུམ་གྱི་སངས་རྒྱས་མཆོད།
- རིག་གསུམ་གྱི་མགོན་པོ་མཆོད།
- [གསལ་བོ་མིན་པ།]
- ཁྱིམ་འདི་ལ་གནས་བའི་སྲུང་མ་མཆོད།
- བུ་ང་ལ་འཁོར་བའི་ལུས་ལྷ་ལ་མཆོད་ཟེར་རྒྱུ།
- བཤད་མཁན་ལྔ་བ།ཨོ་ཡེད་་་གླུ་བ་ལོ།
- བྱ་སིང་སིང་དགུང་སྔོན་གནམ་ནས་གྲགས།
- ན་ཟླ་ལོ་་་ནང་དགེ་བཅུ་འཛོམས་པའི་རྟེན་འབྲེལ་རེད།
- ཨོ་ཡེད་་་གླུ་བ་ལོ།
- གླུ་སིང་སིང་ཁྱིམ་ནས་ལེན།
- ན་ཟླ་ལོ་་་བཟའ་མགོ་རི་འཛོམས་པའི་རྟེན་འབྲེལ་རེད།
- འདི་ན་སྒོར་མོ་སུམ་ཅུ་ཐམ་པ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་དྲུག་པ།[གསལ་བོ་མིན་པ།]
- ཨོ་ཡེད་་་གླུ་བ་ལོ།
- བུ་དང་ཚ་བོ་སྟག་ལོ་རེད།
- [གསལ་བོ་མིན་པ།]
- ཨོ་ཡེད་་་གླུ་བ་ལོ།
- མ་དང་སྲུ་མོ་ལུག་ལོ་རེད།
- ལུག་ལོ་ལེར་དེད་ན་ཇེ་འཕེལ་ཡིན།
- ན་ཟླ་ལོ་ལོ་་་གླུ་ཤེས་བ་མིན་རུང་རྩེད་དགའ་ཡིན།
- བུ་རྒོད་པོ་ལ།
- ཁ་བཏགས་ཤིག་དང་སྒོར་མོ་སུམ་ཅུ་ཐམ་པ་ཡོད་ཀི།
- བཤད་མཁན་བདུན་པ།ཨོ་ཡེད་་་ཞང་ཡ་རེ་ལོ་ཡ་རེ་ལེན།
- ཁྱིམ་འདི་ན་ལོ་ལོན་བཞུགས་པ་འདི།
- ཡར་བལྟས་ན་དྲིན་ཆེན་ཕ་མ་རེད།
- ཡུལ་ཕ་མའི་སྐུ་ཚེ་བརྟན་ན།
- བུ་ཕྲུག་མང་པོའི་སྐྱིད་ཅིག་རེད།
- བཤད་མཁན་བརྒྱད་པ།[གསལ་བོ་མིན་པ།]
- འཇིག་རྟེན་ལྷ་ཆོས་མི་ཆོས།
- འཇིག་སྐྲག་རྣམ་པ་སྣ་ཚོགས།
- འཇིག་པ་སྔུན་ལ་ཐོན་དུས།
- འཇིག་སེམས་ཨ་ཅོ་དྲན་སོང་།
- འཇིག་སེམས་ཨ་ཅོ་དྲན་སོང་།
- བཤད་མཁན་དགུ་བ།ཡེད་་་་སེར་པོ་གསེར་གྱི་ཁྲི་ཐོག་ན།
- མགོ་སེར་པོ་ཅན་གྱི་བླ་མ་བཞུགས།
- གན་ཡང་ཡང་བཞུགས་པའི་སྨོན་ལམ།
- ཨོ་ཡེད་་་
- གོམ་པ་ཅན་གྱི་རྟ་ཐོག་ན།
- རྟ་བདེ་ལེགས་ཅན་གྱི་སྟག་ཤར་སྐྱིད།
- གན་ཡང་ཡང་སྐྱིད་པའི་སྨོན་ལམ།
- ཨོ་ཡེད་་་
- དཀར་པོ་བལ་གྱི་གདན་སྟེང་ན།
- བློ་རིག་པ་ཅན་གྱི་དཔོན་པོ་སྐྱིད།
- གན་ཡང་ཡང་སྐྱིད་པའི་སྨོན་ལམ།
- བཤད་མཁན་བརྒྱད་པ།རླུང་རྟ་དར་ཡ་སྙན་གྲགས་རྒྱས་ཡ་རླུང་རྟ་དར།
- ཁ་བ་ཅན་ལ་རླུང་རྟ་དར་ཡ་ཁ་ལས་ཅན་ལ་སྐུ་བསོད་རྒྱས།
- ཁ་བ་ཅན་གྱི་ཕོ་རྒོད་ཚོ།
- ཁ་བའི་ཡུལ་ནས་རླུང་རྟ་དར།
- ཁ་བ་ཅན་གྱི་ཕོ་རྒོད་ཚོ་ཡ་ཁ་བའི་ཡུལ་ནས་རླུང་རྟ་དར།
- དངོས་གྲུབ་སྩོལ་ཡ་གཡུ་འབྲུག་གྲགས་ཡ་དངོས་གྲུབ་སྩོལ།
- གཡུ་འབྲུག་སྔོན་མོའི་འཁྱུག་རྩལ་བར་ནས་སྦྲང་ཆར་བསིལ་མའི་དངོས་གྲུབ་སྩོལ།
- ཞིང་བ་རྒད་པོས་ས་བོང་བཏབ་ནས་འབྲུ་རིགས་སྣ་ལྔའི་དངོས་གྲུབ་སྩོལ།
- ཞིང་བ་རྒད་པོས་ས་བོང་བཏབ་ནས་འབྲུ་རིགས་སྣ་ལྔའི་དངོས་གྲུབ་སྩོལ།
- བཀྲ་ཤིས་ཤོག་ཡ་བདེ་ལེགས་ཤོག་ཡ་བཀྲ་ཤིས་ཤོག
- ཁ་བ་ཅན་ལ་བཀྲ་ཤིས་ཤོག་ཡ་ཁ་བདེ་ཅན་ལ་བདེ་ལེགས་ཤོག
- རླུང་རྟ་དར་ཡ་བཀྲ་ཤིས་ཤོག
- ཁ་བའི་ཡུལ་ནས་བདེ་ལེགས་ཤོག
- རླུང་རྟ་དར་ཡ་བཀྲ་ཤིས་ཤོག
- ཁ་བའི་ཡུལ་ནས་བདེ་ལེགས་ཤོག
- འདི་ན་སངས་རྒྱས་མཁར་ལ་སྒོར་མོ་ཉི་ཤུ་དང་ཁ་བཏགས་ཤིག་ཡོད་ཀི
- བཤད་མཁན་བཅུ་བ།དགའ་རྟགས་ཤིག་འབབ་ཀི།
- བཤད་མཁན་བཅུ་གཅིག་པ།ཡེད་་་གསུང་སྐད་འབྲུག་སྒྲ་ནམ་མཁའ་རུ་མེད།
- གངས་ལྗོངས་ཁ་བའི་ཡུལ་ན་ཡོད།
- གངས་ལྗོངས་ཁ་བའི་ཡུལ་ན་ཡོད།
- ཡེད་་་ཚེར་ཤུག་མེ་ཏོག་སྤང་ལྗོངས་ན་མེད།
- གྲོགས་པོ་བཟང་བོའི་སེམས་ལ་བཞག་ཡོད།
- གྲོགས་པོ་བཟང་བོའི་སེམས་ལ་བཞག་ཡོད།
- གྲོགས་པོ་བཟང་བོའི་སེམས་ལ་བཞག་ཡོད།
- བཀའ་དྲིན་ཆེ།
- བཤད་མཁན་བཅུ་གཉིས་པ།ཡ་་་བསྟོད་ཡུལ་མ་ཨོ་བསྟོད་ཡུལ་མ་ཨོ།
- བསྟོད་བསྟོད་བསྟོད་ལ་འཇིག་རྟེན་མི་ཡུལ་བསྟོད།
- སྒོས་སུ་གངས་ཅན་བོད་ཡུལ་བསྟོད།
- དེ་ནས་བྱང་ཆུབ་སེམས་དཔའ་བསྟོད།
- མ་གཅིག་བྲག་གི་ལྷ་མོ་བསྟོད།
- བརྩེ་དུང་དར་དགུ་མདུད་པ་བསྟོད།
- རང་དབང་རང་འགྲིག་གནས་ལམ་རིང་མོ་བསྟོད།
- དེ་རིང་ས་འདིའི་སྡེ་བའི་སྟོན་མོར་བསྟོད།
- ཡ་་་འདིར་བཞུགས་ཀྱི་ཨ་ཞང་རྣམས་ཀྱི་རྒྱུད་ཅིག་བཤད་ན།
- འདི་མི་རྒྱུད་ཅན་གྱི་བདག་པོ་ཡིན་པ།
- དར་དཀར་ཅན་གྱི་ལྷ་རྫས་ཡིན་པ།
- དར་དམར་ཅན་གྱི་བླ་རྒྱུད་ཡིན་པ།
- རིགས་རྒྱུད་ཅན་གྱི་རྒྱུད་འདི།
- གཡུ་བྱུར་རྒྱ་མ་ཚད་ནས་སྟེར་བ།
- གསེར་དངུལ་སྲང་ལ་འཇལ་ནས་སྟེར་བ།
- སྲམ་ཕྲུག་འདོམ་ལ་ཚད་ནས་སྟེར་བ།
- མཛོ་མོ་དང་འབྲུ་མོ་སྟེར་བའི་ཨ་ཞང་ངར་བ་ཞིག་རེད།
- ཡ་་་
- [གསལ་བོ་མིན་པ།]
- འདིར་བཞུགས་ཀྱི་གཉེན་ཚང་ཚང་རེད་ཟེར་རྒྱུ།
- ཡ་་་ཕ་མའི་གཅེས་ཕྲུག་མ་འོངས་པའི་བདག་པོ།
- གངས་རིའི་ཚ་བོ།
- འདིར་བཞུགས་ཀྱི་མག་པ་ཞི་ལུ་འདི་གཅིག་བསྟོད་རྒྱུ་ན།
- [གསལ་བོ་མིན་པ།]
- ཡ་་་འདིར་བཞུགས་ཀྱི་མནའ་མ་འདི་གཅིག་བསྟོད་རྒྱུ་ན།
- ཤ་རྩ་དཀར་ལ་དམར་ཡོད་པ།
- [གསལ་བོ་མིན་པ།]
- སོ་རྩ་དུང་གི་དཀར་ཡིན་པ།
- མོ་སྒོ་སྒྲོལ་མའི་སྐུ་ཡིན་པ།
- [གསལ་བོ་མིན་པ།]
- དེ་རིང་འདི་ནས་དོན་དག་བཤད་པ་རེད།
- ཡ་་་འདི་ཚོགས་ཁྲོམ་པ་འདི་གཅིག་བསྟོད་རྒྱུ་ན།
- [གསལ་བོ་མིན་པ།]
- ཡ་་་གཡས་གྲལ་གྲལ་གྱི་གྲལ་མགོ།
- སྟག་ཐིག་ཐེ་ཅན་གྱི་གདན་བཏིངས།
- ཕ་དང་ཨ་ཁུ་རྣམ་པ་འདི་ཚོ་གཅིག་བསྟོད་རྒྱུ་ན།
- [གསལ་བོ་མིན་པ།]
- འདུག་ས་ཁྲི་ཡིན་པ།
- ཡར་གྱི་ཨ་ཁུའི་ཡན་ཆད་ན་ཤཱཀྱ་ཐུབ་པའི་ཆོས་ཡོད་པ།
- དེའི་མར་གྱི་ཨ་ཁུའི་མན་ཆད་ན།
- [གསལ་བོ་མིན་པ།]
- སྲིད་པ་རྒན་པོའི་གཏམ་ཡོད་པ་འདིར་བཞུགས་ཀྱི་ཕ་དང་ཨ་ཁུ་རྣམ་པ་རེད།
- ཡ་་་བཀྲ་ཤིས་རྟགས་ཅན་གྱི་ཁ་བཏགས་འདི།
- འདི་སྟོད་ནས་མ་བུད་སྨད་ནས་བུད།
- སྨད་རྒྱ་ནག་རྒྱ་ཡི་ཡུལ་ནས་བུད།
- འདི་སྟོད་ལ་ཁྱེར་ན་མཇལ་དར་ཉན་ན།
- [གསལ་བོ་མིན་པ།]
- བོད་གངས་ཅན་ཡོངས་ཀྱིས་བརྩེ་དར་ཉན་ན།
- རྒྱལ་སྲིད་སྣ་བདུན་གྱི་རི་མོ་ཚང་བ།
- སྟང་སེང་ཁྱུང་འབྲུག་གི་བསྟོད་པ་ཚང་བ།
- དཔའ་བོ་སུམ་འཛོམས་ཀྱི་རི་མོ་ཚང་བ།
- ངའི་ལག་གི་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་འདི།
- འདི་སྟོད་ནས་མ་བུད་སྨད་ནས་བུད།
- སྨད་རྒྱ་ནག་ཅིག་གི་མཁར་ནས་བུད་པ།
- ཕ་ཨ་ཁུ་ཚོགས་ནས་རྟ་ཞིག་འབབ་ཀི་བཤད་བྱུང་།
- མ་སྲུ་མོ་ཚོགས་ནས་འབྲུ་ཞིག་འབབ་ཀི་བཤད་བྱུང་།
- [གསལ་བོ་མིན་པ།]
- ཡ་་་འདིའི་ནང་གི་བདུད་རྩི་བསིལ་མ་འདི་གཅིག་བསྟོད་རྒྱུ་ན།
- སྟོད་མངའ་རིས་ཡུལ་ནས་ནས་དཀར་དར་བ།
- ནས་དཀར་དུང་དཀར་འདྲ་འདྲ་ཡིན་ནས་ཟེར་གི།
- སྨད་རྒྱ་ནག་ཡུལ་ནས་ནས་ནག་དར་བ།
- ནས་ནག་ཕུག་རོན་འདྲ་འདྲ་ཡོད་ནས་ཟེར་གི།
- ནས་དཀར་ནག་གཉིས་ཀྱིས་མཉམ་དུ་བདུད་རྩི་སྔོན་མོ་ལས་པ་ཡིན།
- ཡ་་་་
- [གསལ་བོ་མིན་པ།]
- འདི་མཐོན་པོ་བླ་མས་འཐུང་ན་གྲུབ་རྟགས་སྟོན་ལ།
- ཚོན་པོ་དཔོན་པོས་འཐུང་ན་མཁས་རྟགས་སྟོན་ན།
- དེ་རིང་ཁྲོམ་པ་ཡོངས་ཀྱིས་འཐུང་ན་དོ་དགོང་གི་བརྩེ་རྟགས་སྟོན་ན་ཟེར་རྒྱུ་ཅན་ཞིག་རེད།
- ཡ་་་
- [གསལ་བོ་མིན་པ།]
- བཤད་མཁན་བཅུ་གསུམ་པ།སེང་ཆེན་ལ་སྒོར་མོ་ལྔ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་བཅུ་བཞི་བ།སྒོར་མོ་ལྔ་བཅུ་ཐམ་པ་དང་ཁ་བཏགས་ཤིག་བཞག་འདུག
- བཤད་མཁན་བཅོ་ལྔ་བ།བཀྲ་ཤིས་ཡེད།
- ཉི་མ་ཤར་ས་ཨ་སྔོན་ནས་ལ།
- སོ་་་ཉི་རྩེ་རྒྱག་ས་དཔོན་པོ་ནས་གཟིམ་ཆུང་།
- [གསལ་བོ་མིན་པ།]
- བཀྲ་ཤིས་ཡེད་་་