03 Feb 2010
14 min 53 sec
Video Overview
Creators:
Unknown
Two young Tibetans, Dorjé Rinchen and Dorjekyi, get married in Tshangutang Village in the Bora area of Labrang.
- Labrang
- བཤད་མཁན་དང་པོ།དེ་དུས་ཁ་པར་བརྒྱབ་ཡོང་།
- བཤད་མཁན་གཉིས་པ།ཨོ་ཡ།
- བཤད་མཁན་གསུམ་པ།ནང་དུ་ཁྱེར་དང་།
- བཤད་མཁན་བཞི་བ།ཇ་ཞིག་འཐུང་དང་།
- དེ་རུ་སྡོད།
- འདི་ཕྱོགས་སུ་ཚུར་ལྟོས།
- བཤད་མཁན་ལྔ་བ།ཨོ་ཡེད་་་་གླུ་བ་ལོ།
- ང་གླུ་བ་ཡོང་ཡོང་བྱང་ནས་ཡོང་།
- བཤད་མཁན་དྲུག་པ།འདི་ན་སྒོར་ལྔ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་བདུན་པ།ཨོ་་་ཨོ་་་
- [གསལ་བོ་མིན་པ།]
- བཤད་མཁན་དྲུག་པ།བན་ཏེ་མཚོ་ལ་སྒོར་ལྔ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་བརྒྱད་པ།གངས་རིའི་འདབས་ནས་སྐྱེས་པའི་བུ་ཆུང་ང།
- སྤོབས་པའི་སྙིང་སྟོབས་གངས་དཀར་ལྷུན་པོ་ཡིན།
- མིང་རུས་གཅིག་དང་རིགས་མཐུན་སྤུན་ཟླ་ཚོ།
- གངས་དཀར་རྩེ་ལ་གངས་སེང་བསུ་རུ་འགྲོ།
- མིང་རུས་གཅིག་དང་རིགས་མཐུན་སྤུན་ཟླ་ཚོ།
- གངས་དཀར་རྩེ་ལ་གངས་སེང་བསུ་རུ་འགྲོ།
- ཨ་ཕ་གཅིག་གི་བྱང་སེམས་རིགས་མཐུན་ཚོ།
- བོད་ཡིག་རིག་གནས་འཛམ་གླིང་ཡང་རྩེ་ཡིན།
- བོད་ཡུལ་མཐོ་སྒང་རི་ཆུའི་འབྱུང་གནས་ཡིན།
- བོད་ཡུལ་མཐོ་སྒང་རི་ཆུའི་འབྱུང་གནས་ཡིན།
- བོད་ཀྱི་རིག་གནས་འཛམ་གླིང་ཡང་རྩེ་ཡིན།
- རང་རིགས་སྐྱོང་བའི་ཁུ་ཚུར་ང་ལ་མེད།
- རང་རིགས་གཡོ་བའི་བསླུ་བྲིད་ང་ལ་མེད།
- རང་སེམས་ཞིང་གི་ལྷག་བསམ་དཀར་པོ་འདི།
- འདིར་ཚོགས་ཁྲོམ་པར་འབུལ་བའི་སེམས་གཅིག་ཡིན།
- རང་སེམས་ཞིང་གི་ལྷག་བསམ་དཀར་པོ་འདི།
- རང་རིགས་འཆམ་མཚུན་ལ་ཕུལ་བའི་ལས་གཅིག་ཡིན།
- བཤད་མཁན་དྲུག་པ།འདི་ན་སྒོར་ལྔ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་བརྒྱད་པ།ཨོ་་་ཡ།
- བཤད་མཁན་དགུ་བ།ཡ་་་གཉེན་གྱི་དར་བ་རྣམ་གསུམ་བཤད་ན།
- དང་པོ་ལྷ་ཀླུ་གཉིས་ཀ་གཉེན་བྱས།
- སྲས་མོ་འཆི་མེད་བཟང་བོ་མི་འགྱུར་གཙུག་ན་རིན་ཆེན་ལ་མནའ་མར་བྱིན།
- བུ་ཆུང་པདྨ་ཆེན་པོ་མག་པ་བྱས།
- བུ་ཆེན་དུང་ཆུང་དཀར་པོ་བར་བ་བྱས།
- [གསལ་བོ་མིན་པ།]
- དགུང་ཉི་ཟླ་གཉིས་ཀྱིས་སྟོན་མོ་བྱས་པ་རེད་ཟེར་རྒྱུ་ཅན་ཞིག་རེད།
- བཤད་མཁན་བཅུ་གཅིག་པ།[གསལ་བོ་མིན་པ།]
- དལ་མོ་བྱོས།
- ཨེ་གོ་ཐལ།
- ཨ་ལ་ལ་ཡི་ལ་མོ་ལ་ལེད་ལེན།
- [གསལ་བོ་མིན་པ།]
- བཤད་མཁན་བཅུ་གཉིས་པ།སྒོར་མོ་ཉི་ཤུ་དང་ཁ་བཏགས།
- བཤད་མཁན་བཅུ་གསུམ་པ།ཨོ་ཡ།
- ཨ་ཁུ་རྣམས་ནས་སྒོར་མོ་ཉི་ཤུ་དང་ཁ་བཏགས་རེ་ཡོད་ཀི།
- འདི་ན་ཡང་གོས་ཤིག་ཡོད་ཀི།
- བཤད་མཁན་བཅུ་གསུམ་པ།ཨོ་ཡ།
- [གསལ་བོ་མིན་པ།]
- ཚེ་སྐྱིད་ལ་སྒོར་མོ་བརྒྱ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་བཅུ་བཞི་བ།ཚེ་སྐྱིད་ལ་སྒོར་མོ་ལྔ་བཅུ་དང་ཁོ་ལ་སྒོར་མོ་བརྒྱ།
- བཤད་མཁན་བཅོ་ལྔ་བ།ཨོ་ཡ།
- བཤད་མཁན་བཅུ་གསུམ་པ།འདི་ན་སྒོར་མོ་ཉི་ཤུ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་བཅུ་གཉིས་པ།ཡ།
- ལྷ་རྫས་རེད།
- བཤད་མཁན་བཅུ་གསུམ་པ།མ་སྲུ་ལ་ར་ཞིག་གི་ཚབ་ཏུ་ཁ་བཏགས་ཤིག་དང་སྒོར་མོ་ཉི་ཤུ་ཉེར་ལྔ་ཡོད་ཀི།
- ཕྲུ་གུ་ཐར་ལ་སྒོར་མོ་ཉི་ཤུ་དང་ཁ་བཏགས་ཤིག་ཡོད་ཀི།
- བཤད་མཁན་བཅུ་དྲུག་པ།ཁྱེད་ཚོར་ལམ་ཆང་ཡོད་དམ།
- བཤད་མཁན་བཅུ་བདུན་པ།ཡོད།
- [གསལ་བོ་མིན་པ།]