Skip to main content Skip to search
01 Sep 2018
3 min 8 sec
Video Overview
Creators: 
Duptho, Sonam Chophel

This unique offering song is sung by Karma Yangzom and her friend from Borongmang village. The lyrics do not explicitly describe an offering to the gods and local deities but instead the song mentions the sky, the mountains and the villages. These should be understood as referring to the gods, the local deities and the village elders respectively. Therefore these gods and spirits were offered locally brewed alcohol called sinchang and later the leftovers were drank by the people.

སིང་ཆང་སེར་མོ་ཟེར་མི་གླུ་གཞས་འདི་ བཀྲིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ནང་འཐེན་སྲོལ་ཡོད་མི་ གཞན་དང་མ་འདྲ་བའི་གླུ་གཞས་ཅིག་ཨིནམ་ད་ སག་སྟེང་རྒེད་འོག་ བོ་རང་མང་གཡུས་ཚན་ལས་ ཀརྨ་དབྱངས་འཛོམས་དང་ཆ་རོགས་ཀྱིས་འབད་འཐེན་ཏེ་འདུག གླུ་གཞས་འདི་ སྤྱིར་བཏང་གི་ང་བཅས་ར་ཡོངས་གྲགས་ཅན་གྱི་གླུ་གཞས་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ར་ཨིན་རུང་ བར་ན་ལས་ཚིག་ལ་ལུ་ གཡུས་སྐད་ཚུ་བཙུགས་ཏེ་ཡོདཔ་ལས་ བཅུད་དོན་ངོ་མ་ག་ཅི་ཨིན་ན་ཧ་གོ་མི་ཚུགས་པས། ཨིན་རུང་ གླུ་གཞས་འདི་ འབྲུག་རྒྱལ་ཁབ་ཀྱི་ས་གནས་གཞན་ཁ་ལུ་འཐེན་སྲོལ་མེད་པའི་གླུ་གཞས་ གཞན་དང་མ་འདྲཝ་ཅིག་ར་འདུག

Transcript search
No results found for this search
0 of 0
  • ཀརྨ་གཡང་འཛོམས་དང་ཆ་རོགས་ཚུ་
    རྒྱབ་སེ་མ་ལ་ རྒྱབ་སེ་མ་ལ་རུང་། །རུང་ཆང་མ་ལ་ རུང་ཆང་མ་ལ་རུང་། །
    སིང་ཆང་ སིང་ཆང་གི་སེར་མོ་ལ། །སིང་ཆང་ སིང་ཆང་གི་སེར་མོ་ལ། །ཡར་གྱི་དགུང་སངས་མཐོན་པོའི་གི་ཕྱོགས་ལ་ ཨོ་ལེ་སང་རེད། །
    རྒྱབ་སྟེ་གྱིར་ ལོག་ཕྱེ་མུར། །
  • ཀརྨ་གཡང་འཛོམས་དང་ཆ་རོགས་ཚུ་
    རྒྱབ་སེ་མ་ལ་ རྒྱབ་སེ་མ་ལ་རུང་། །རུང་ཆང་མ་ལ་ རུང་ཆང་མ་ལ་རུང་། །
    སིང་ཆང་ སིང་ཆང་གི་སེར་མོ་ལ། །སིང་ཆང་ སིང་ཆང་གི་སེར་མོ་ལ། །ཡར་གྱི་གངས་སྟོད་མཐོན་པོའི་གི་ཕྱོགས་ལ་ ཨོ་ལེ་སང་རེད། །
    རྒྱབ་སྟེ་གྱིར་ ལོག་ཕྱེ་མུར། །
  • ཀརྨ་གཡང་འཛོམས་དང་ཆ་རོགས་ཚུ་
    རྒྱབ་སེ་མ་ལ་ རྒྱབ་སེ་མ་ལ་རུང་། །རུང་ཆང་མ་ལ་ རུང་ཆང་མ་ལ་རུང་། །
    སིང་ཆང་ སིང་ཆང་གི་སེར་མོ་ལ། །སིང་ཆང་ སིང་ཆང་གི་སེར་མོ་ལ། །ཕར་གྱི་སྤང་སྟོད་མཐོན་པོའི་གི་ཕྱོགས་ལ་ ཨོ་ལེ་སང་རེད། །
    རྒྱབ་སྟེ་གྱིར་ ལོག་ཕྱེ་མུར། །
  • ཀརྨ་གཡང་འཛོམས་དང་ཆ་རོགས་ཚུ་
    སིང་ཆང་ སིང་ཆང་གི་སེར་མོ་ལ། །སིང་ཆང་ སིང་ཆང་གི་སེར་མོ་ལ། །ཕར་གྱི་རྫོང་སྟོད་མཐོན་པོ་གི་ཕྱོགས་་་་། །
  • ཞིབ་འཚོལ་བ་གྲུབ་ཐོབ/Researcher Dupthob:
    འ་ན་ལས་ ལོག་འཐོན་གནང་། འ་ན་ལས་ ལོག་འཐོན་གནང་།
  • ཀརྨ་གཡང་འཛོམས་དང་ཆ་རོགས་ཚུ་
    མར་གྱི་རྫོང་་་་་ དབའི་སིང་ཆང་ལས་འགོ་བཙུགས་ཟེར་
  • ཀརྨ་གཡང་འཛོམས་དང་ཆ་རོགས་ཚུ་
    རྒྱབ་སེ་མ་ལ་ རྒྱབ་སེ་མ་ལ་རུང་། །རུང་ཆང་མ་ལ་ རུང་ཆང་མ་ལ་རུང་། །
    སིང་ཆང་ སིང་ཆང་གི་སེར་མོ་ལ། །སིང་ཆང་ སིང་ཆང་གི་སེར་མོ་ལ། །མར་གྱི་རྫོང་སྟོད་མཐོན་པོའི་གི་ཕྱོགས་ལ་ ཨོ་ལེ་སང་རེད། །
    རྒྱབ་སྟེ་གྱིར་ ལོག་ཕྱེ་མུར། །
  • ཀརྨ་གཡང་འཛོམས་དང་ཆ་རོགས་ཚུ་
    རྒྱབ་སེ་མ་ལ་ རྒྱབ་སེ་མ་ལ་རུང་། །རུང་ཆང་མ་ལ་ རུང་ཆང་མ་ལ་རུང་། །
    སིང་ཆང་ སིང་ཆང་གི་སེར་མོ་ལ། །སིང་ཆང་ སིང་ཆང་གི་སེར་མོ་ལ། །ཕར་གྱི་གཡུས་བཟང་མཐོན་པོའི་གི་ཕྱོགས་ལ་ ཨོ་ལེ་སང་རེད། །
    རྒྱབ་སྟེ་གྱིར་ ལོག་ཕྱེ་མུར། །