Video Overview
Lumo Tsering from Chuma village in Repgong tells the humorous tale of how a baby rabbit outsmarted and killed a mother brown bear.
འདིར་རབ་བཏགས་ཀྱི་འབྲི་ཐབས་སྤྱད་ནས་རི་བོང་གི་བྱ་སྤྱོད་དང་བློ་རིག་ནི་དགོད་བྲོ་བའི་སྐད་ཆས་བརྗོད་ཡོད་པ་ཡིན།
གཏམ་རྒྱུད་འདི་ནི་རབ་བཏགས་ཀྱི་འབྲི་ཐབས་སྤྱད་ནས་རི་བོང་གི་བྱ་སྤྱོད་དང་བློ་རིག་ནི་དགོད་བྲོ་བའི་སྐད་ཆས་བརྗོད་ཡོད་པ་ཡིན་ལ། སྔོན་རིག་ཕྲུག་ཅིག་གི་ཨ་མ་དྲེད་མོང་གིས་བསད་པས། རིག་ཕྲུག་གིས་འཁོན་ལན་སློག་ཆེད་དྲེད་མོང་གི་དྲེད་ཕྲུག་བསད་པ་རེད། དེ་ནས་དྲེད་མོང་གིས་རིག་ཕྲུག་འཛིན་པའི་ལམ་བར་དུ་ལུག་དང་རྟ་ལ་འཕྲད་ཀྱང་རིག་ཕྲུག་ལ་རོགས་རམ་མ་བྱས། དེ་ནས་འབྲོང་ཞིག་གི་རྣ་ཁུང་དུ་བཞའ་བ་དང་འབྲོང་གིས་རྭ་གཡུག་ཅིག་བྱས་ནས་དྲེད་མོང་བསད། རི་བོང་གིས་འབྲོང་ལ་ཨ་ཁུ་འབྲོང་གི་ཁ་གསེར་ཁ་རེད། རྣ་གསེར་རྣ་རེད། མིག་གསེར་མིག་རེད། རྭ་གསེར་རྭ་རེད་ཅེས་བསྟོད་པ་བྱས་པ་དང་། ཡང་གཅིག་བསྟོད་ཟེར་ནས་རི་བོང་གིས་འབྲོང་དེ་གད་པ་ཞིག་གི་འོག་ཏུ་འགྲོ་རུ་བཅུག་ནས་ཨ་ཁུ་འབྲོང་གི་ཁ་སྐྱག་ཁ་རེད། སྣ་སྐྱག་སྣ་རེད་ཟེར་ནས་འབྲོང་ཁོང་ཁྲོ་ལངས་ཏེ་རྭ་གཡུག་ཅིག་བྱས་ཏེ་གད་པའི་འོག་ཏུ་བཅུག་ནས་ཤི་སོང་བ་རེད།
本段视频用拟人的手段讲述了一只兔子的故事,既幽默又滑稽的情节能给人带来很多乐趣。
这段故事用拟人的手段讲述了一只兔子的故事,从前有一只小兔子的妈妈被一只棕熊杀死了,小兔子为了报仇把棕熊的孩子给杀了。在追逐小兔子的路上碰到了羊和马但是没有帮助小兔子,最后遇到了一头牦牛让兔子藏在鼻孔里,当棕熊找到时牦牛用牛角一拽把它给杀死了。兔子开始赞颂牦牛,当想让再次赞美时兔子又把它送死了。
- ཨ་མ་དྲེད་མོང་ཞིག་ཡོད་ནི་རེད།
- ཨ་མ་རི་བོང་ཞིག་ཡོད་ནི་རེད།
- ཨ་མ་དྲེད་མོང་དང་ཨ་མ་རི་བོང་གཉིས་གྲོ་མ་བརྐོ་རུ་སོང་།
- ཉིན་རྒྱུན་ཁྱིམ་མཚེས་དང་རོགས་པ་བཅོས་ནས་གྲོ་མ་བརྐོ་རུ་སོང་ན།
- ཨ་མ་རི་བོང་གིས་གྲོ་མ་གསོག་བཞིན་བསྡད།
- དྲེད་མོང་གིས་ཟ་བཞིན་བསྡད།
- ཉིན་ཞིག་དྲེད་མོང་གིས་སྙིང་འཕར་ནས་ཨ་མ་རི་བོང་བསད་པ་རེད།
- གྲོ་མ་མོས་འཁུར་ནས་ཡོང་།
- དེ་ནས་ཡུལ་ལ་ཡོང་ནས་དྲེད་ཕྲུག་ལ།
- སང་ཉིན་ནས་བཟུང་རི་ཕྲུག་དང་མཉམ་དུ།
- ཁོ་གཉིས་ལ་བྱིས་པ་གཅིག་ལ་རི་ཕྲུག་དང་།
- གཅིག་ལ་དྲེད་ཕྲུག་ཅིག་ཡོད་ནི་རེད།
- ཁོ་གཉིས་རྩེད་རོགས་ཡིན་ནི་རེད།
- ཁྱོད་གན་དང་མཉམ་དུ་མ་རྩེད།
- སང་ཉིན་ནས་བཟུང་གན་དང་མཉམ་དུ་མ་རྩེད།
- ངས་ཁོ་ཚང་གི་ཨ་མ་བསད་ནས་གྲོ་མ་འཁུར་ནས་ཡོང་ཡོད།
- ཁྱོད་གན་དང་མཉམ་དུ་མ་རྩེད་ཟེར།
- རི་ཕྲུག་གིས་ངེད་ཚང་གི་ཨ་མ་ཡོང་བཞིན་ཡོད་དམ་ཟེར།
- ཨ་མ་དྲེད་མོང་ངེད་ཚང་གི་ཨ་མ་ཡོང་བཞིན་ཡོད་དམ་ཟེར།
- ཁྱོད་ཚང་གི་ཨ་མ་ཡོང་བཞིན་ཡོད།
- གང་ན་ཡོང་བཞིན་ཡོད་ཟེར།
- ཁྱོད་ཚང་གི་ཨ་མ་གྲོ་སའི་གྲོ་ལུང་གོང་མ་ན་ཡོང་བཞིན་ཡོད་ཟེར།
- ཡ་ཞེས་བཤད་དེ་བལྟས་ནས་བསྡད་པས་མ་ཡོང་བ་རེད།
- ཨ་མ་དྲེད་མོང་ངེད་ཚང་གི་ཨ་མ་གང་ན་ཡོང་བཞིན་ཡོད་ཟེར།
- སྡོད་དང་ཨ་མ་གྲོ་སའི་གྲོ་ལུང་བར་མ་ན་ཡོང་བཞིན་ཡོད་ཟེར།
- ཡ་ཞེས་བཤད་དེ་རི་ཕྲུག་གིས་བལྟས་ནས་བསྡད་པས་ཨ་མ་མ་ཡོང་བ་རེད།
- ས་རུབ་ལ་ཉེ་དུས་ཡང་སོང་ནས།
- ཨ་མ་དྲེད་མོང་ངེད་ཚང་གི་ཨ་མ་གང་ན་ཡོང་བཞིན་ཡོད་ཟེར།
- སྡོད་དང་ཡོང་བ་རེད།
- གྲོ་སའི་གྲོ་ལུང་ཞོལ་མ་ལ་ཐོན་པ་རེད་ཟེར།
- དེ་ནས་བསྡད་པས་མ་ཡོང་བ་རེད།
- ངའི་ཨ་མ་འདི་ཅི་ཞིག་ལ་མ་ཡོང་བ་ཡིན་ནམ་ཞེས།
- རི་ཕྲུག་སོང་ནས་ཁོ་མ་བུ་གཉིས་ཀྱི་ཀ་ཁུང་ཁ་ནས་ཉན་པས།
- སང་ཉིན་ནས་བཟུང་རི་ཕྲུག་དང་མཉམ་དུ་མ་རྩེད།
- ངས་ཁོ་ཚང་གི་ཨ་མ་བསད་པ་ཡིན་ཞེས་དེ་ལྟར་བཤད།
- ཁོ་གཉིས་ཀྱིས་དེ་ལྟར་གྲོས་བྱས་ནས་ཕྱི་ཉིན་དྲེད་མོང་གྲོ་མ་བརྐོ་རུ་སོང་།
- རི་ཕྲུག་སོང་ནས་དྲེད་ཕྲུག་རྒྱ་རིས་ངེད་གཉིས་རྩེད་རུ་འགྲོ་ཟེར།
- ངེད་ཚང་གི་ཨ་མས་ཁྱོད་དང་མཉམ་དུ་མ་རྩེད་ཟེར།
- ང་རྩེད་རྒྱུ་མིན་ཟེར།
- འོ་ན་ངེད་གཉིས་ལྡ་མ་ལྡིང་རེས་བྱེད་དུ་འགྲོ་ཟེར།
- ལྡ་མ་ལྡིང་རེས་བྱེད་དུ་མི་འགྲོ།
- ངེད་ཚང་གི་ཨ་མས་ཁྱོད་དང་མཉམ་དུ་མ་རྩེད་ཟེར།
- འོ་ན་ངེད་གཉིས་དར་མ་དར་འཕྱུར་བྱེད་དུ་འགྲོ་ཟེར།
- ཡ་དེ་ཆོག་གི་འགྲོ་ན་འགྲོ་ཞེས།
- དེ་མ་རྩེད་མི་ཟེར་བས་འགྲོ་ན་འགྲོ་ཞེས་བཤད་དེ་ཁོ་གཉིས་སོང་།
- སོང་ནས་ད་ཐེངས་ང་རྟག་དང་དེའི་འཕྲོར་ཁྱོད་རྟོག་ཟེར།
- ཡ་དེ་ཆོག་གི་ཞེས་བཤད་དེ་རི་ཕྲུག་སྔོན་ན་བརྟག་ནས་སོང་སྟེ་གྲི་ཞིག་འཛར་ནས་བཞག
- དྲེད་ཕྲུག་རྒྱ་རིས་རྗེས་ནས་བརྟག་ནས་སོང་སྟེ་གྲི་ཡིས་གྲི་མགོར་བསྐོན་ནས་ཤི་སོང་།
- དེ་ནས་ཡོང་སྟེ་དྲེད་ཕྲུག་རྒྱ་རིས་ཀྱི་རོ་རི་ཕྲུག་གིས་སྦས་ནས།
- ཡུལ་ལ་ཡོང་ནས་རྐོང་ནས་བསྡད།
- ཕྱི་དྲོ་ཨ་མ་དྲེད་མོང་ཐོན་པ་རེད།
- ཡོང་དུས་དྲེད་ཕྲུག་ཤི་ནས་བསྡད་ཡོད།
- དྲེད་མོང་གི་སྙིང་འཕར་ནས།
- རི་ཕྲུག་གིས་ངའི་བྱིས་པ་བསད་ཟིན་ཞེས་བདས་པ་རེད།
- བདས་པས་རི་ཕྲུག་བྲོས་པ་རེད།
- བྲོས་ནས་སོང་སྟེ་ཕ་རོལ་ཞིག་ན་ཨ་ཁུ་ལུག་རྫི་ཞིག་ཡོད།
- ཕ་རོལ་ཨ་ཁུ་ལུག་རྫི།
- གཞའ་ས་ཡོད་ན་གཞའ་རན་རེད།
- རྐོང་ས་ཡོད་ན་རྐོང་རན་རེད།
- མ་ཞིག་ཡོད་ལ་དྲེད་ཀྱིས་བསད་པ་རེད།
- ཕ་ཞིག་ཡོད་ལ་གླག་གིས་བསད་པ་རེད།
- དེ་ལྟར་བཤད་པས་ལུག་རྫི་ཡིས།
- ངའི་ལུག་གི་བལ་གྱི་གསེང་ལ་རྐོང་ཟེར།
- ལུག་གི་བལ་གྱི་གསེང་ལ་རྐོང་ནས་བསྡད་དུས།
- དྲེད་མོང་ཐོན་པ་རེད།
- ཕ་རོལ་གྱི་ལུག་རྫི།
- རྣ་འཇོག་ཅོར་ཅོར་སུག་པ་ཐུང་ཐུང་ཞིག་མ་རིག་གམ།
- རིག་ན་རིག་ཅེས་ཤོད་མ་རིག་ན་མ་རིག་ཅེས་ཤོད།
- དེ་མིན་ན་འཆའ་རྒྱུ་ཟེར།
- ངའི་ལུག་གི་བལ་གྱི་གསེང་ལ་ཅིག་བཞའ་བ་རེད་ཟེར།
- དེ་ནས་ཁོ་ལུག་གི་བལ་གྱི་གསེང་ནས་བྲོས།
- བྲོས་ནས་སོང་སྟེ་ཨ་ཁུ་རྟ་རྫི་ཞིག་ལ་ཐུག
- ཕ་རོལ་ཨ་ཁུ་རྟ་རྫི།
- གཞའ་ས་ཡོད་ན་གཞའ་རན་རེད།
- རྐོང་ས་ཡོད་ན་རྐོང་རན་རེད།
- ཕ་ཞིག་ཡོད་ལ་གླག་གིས་བསད་པ་རེད།
- མ་ཞིག་ཡོད་ལ་དྲེད་ཀྱིས་བསད་པ་རེད།
- དྲེད་ཕྲུག་རྒྱ་རིས་རང་གིས་བསད་པ་ཡིན་ཟེར།
- ངའི་རྟ་ཡི་རྔོག་མའི་གསེང་ལ་རྐོང་ཟེར།
- རྟ་ཡི་རྔོག་མའི་གསེང་ནས་རྐོང་ནས་བསྡད་དུས།
- ཡང་དྲེད་མོང་ཐོན་པ་རེད།
- ཕ་རོལ་ཨ་ཁུ་རྟ་རྫི།
- རྣ་འཇོག་ཅོར་ཅོར་སུག་པ་ཐུང་ཐུང་ཞིག་མ་རིག་གམ།
- རིག་ན་རིག་ཅེས་ཤོད་མ་རིག་ན་མ་རིག་ཅེས་ཤོད།
- དེ་མིན་ན་འཆའ་རྒྱུ་ཟེར།
- ངའི་རྟ་ཡི་རྔོག་མའི་གསེང་ལ་ཅིག་བཞའ་བ་རེད་ཟེར།
- དེ་ནས་རྟ་ཡི་རྔོག་མའི་གསེང་ནས་ཡང་བྲོས་ནི་རེད།
- བྲོས་ནས་སོང་དུས་ཕ་རོལ་ཞིག་ན་ཨ་ཁུ་འབྲོང་ཞིག་ཡོད།
- ཕ་རོལ་ཨ་ཁུ་འབྲོང་།
- གཞའ་ས་ཡོད་ན་གཞའ་རན་རེད།
- རྐོང་ས་ཡོད་ན་རྐོང་རན་རེད།
- ཕ་ཞིག་ཡོད་ལ་གླག་གིས་བསད་པ་རེད།
- མ་ཞིག་ཡོད་ལ་དྲེད་ཀྱིས་བསད་པ་རེད།
- དྲེད་ཕྲུག་རྒྱ་རིས་རང་གིས་བསད་པ་ཡིན་ཟེར།
- ངའི་སྣ་ཡི་ནང་ནས་རྐོང་ཟེར།
- ཡ་ཞེས་བཤད་དེ་འབྲོང་གི་སྣ་ནང་ནས་གཞའ་ནས་བསྡད།
- དྲེད་མོང་ཐོན་པ་རེད།
- ཕ་རོལ་ཨ་ཁུ་འབྲོང་།
- རྣ་འཇོག་ཅོར་ཅོར་སུག་པ་ཐུང་ཐུང་ཞིག་མ་རིག་གམ།
- རིག་ན་རིག་ཅེས་ཤོད་མ་རིག་ན་མ་རིག་ཅེས་ཤོད།
- དེ་མིན་ན་འཆའ་རྒྱུ་ཟེར།
- ངས་མ་རིག་འཆའ་རྒྱུ་ན་འཆོ་ཟེར།
- དྲེད་མོང་གིས་འཆའ་རྩིས་བྱས་དུས།
- འབྲོང་གིས་རྭ་ཅོ་གཡུག་པས་དྲེད་མོང་བསད་པ་རེད།
- སྒོར་ཤོག་དང་ངས་དྲེད་མོང་བསད་པ་ཡིན་ཟེར།
- མ་ཡོང་བ་རེད།
- ཧྭང་ཞེས་སྣ་ཕུར་ཞིག་བྱས་པས་ཐང་ལ་གཡུག་པ་རེད།
- ངས་དྲེད་མོང་བསད་པ་ཡིན་ཟེར།
- ཨ་ཁུ་འབྲོང་ཁྱོད་བཟང་གི་ཞེས་ང་ལ་བསྟོད་བཀྲ་ཞིག་བྱོས་དང་ཟེར།
- རི་རྒན་མ་ཁྱོད་ཁ་བདེ་བས་ང་ལ་བསྟོད་བཀྲ་ཞིག་བྱོས་དང་ཟེར།
- དེ་ཆོག་གི་ཞེས་བཤད་དེ།
- ཨ་ཁུ་འབྲོང་གི་ཁ་གསེར་ཁ་རེད།
- ཨ་ཁུ་འབྲོང་གི་སྣ་གསེར་སྣ་རེད།
- ཨ་ཁུ་འབྲོང་གི་མིག་གསེར་མིག་རེད།
- ཨ་ཁུ་འབྲོང་གི་རྭ་གསེར་རྭ་རེད་ཟེར།
- དེ་ཡག་སྟེ་བསྟོད་བཀྲ་དེ་ཅི་འདྲའི་ཡག་པ་ལ།
- ད་རུང་བསྟོད་བཀྲ་ཞིག་བྱོས་ཟེར།
- དེ་ཆོག་སྟེ་ཕ་རོལ་གྱི་གད་པ་དེའི་འདབ་ལ་འགྲོ་དང་བསྟོད་བཀྲ་བྱེད་ཟེར།
- ཡ་ཞེས་བཤད་དེ་དེར་སོང་ནས།
- ཨ་ཁུ་འབྲོང་གི་ཁ་སྐྱག་ཁ་རེད།
- ཨ་ཁུ་འབྲོང་གི་སྣ་སྐྱག་སྣ་རེད།
- ཨ་ཁུ་འབྲོང་གི་མིག་སྐྱག་མིག་རེད།
- ཨ་ཁུ་འབྲོང་གི་རྭ་སྐྱག་རྭ་རེད་ཟེར།
- རི་ཕྲུག་མ་ངས་ཁྱོད་ཀྱིས་སྲོག་སྐྱབས་ན།
- ཁྱོད་ཀྱིས་ང་དེ་ལྟར་བཤད་པ་རེད་དམ་ཞེས།
- འབྲོང་གིས་སྙིང་འཕར་ནས་རྭ་ཅོ་གཡུག་ནས།
- ཁོ་ཡི་རྭ་རྫོགས་ནས།
- ཁོ་ཡིས་ཁོ་རང་ཉིད་བསད་པ་རེད།
- རི་ཕྲུག་གིས་ས་ཆ་དེར་སོང་ནས་འབྲོང་ཤ་ཟ་བར་ཤོག་ཅེས་བཤད་དེ།
- འབྲོང་ཤ་ལེན་དུ་ཤོག་ཅེས་སེམས་ཅན་ལ་བརྡ་བཏང་ནས་བསྡད་པས།
- རྒད་པོ་རྒན་པོ་གཉིས་ལ་བྱིས་པ་ཆུང་ཆུང་ཞིག་ཡོད།
- དེ་གཉིས་ཀྱིས་ངེད་གཉིས་འབྲོང་ཤ་ལེན་དུ་འགྲོ་མི་ཐུབ།
- ངེད་གཉིས་ཀྱིས་བྱིས་པར་བདག་བྱེད་དགོས་ཟེར།
- ཡ་ཁྱེད་གཉིས་འབྲོང་ཤ་ལེན་དུ་སོང་དང་།
- ཁྱེད་གཉིས་ཀྱི་བྱིས་པ་ལ་ངས་བལྟ་ནས་འདུག་ཟེར།
- རི་ཕྲུག་གིས་རྒད་པོ་རྒན་མོ་གཉིས་ལ་མགོ་གཡོག་ནས།
- དེ་གཉིས་འབྲོང་ཤ་ལེན་དུ་འགྲོ་རུ་བཅུག་ནས།
- ཁོ་ཡིས་རྒད་པོ་རྒན་མོ་གཉིས་ཀྱི་བྱིས་པ་ལ་བལྟ་ཁ་བྱས་ནས།
- བྱིས་པ་བསད་ནས་ཉལ་སའི་ནང་ལ་ཕུག་རོན་ཞིག་བཅུག་ནས།
- མགོ་སྔས་མགོར་བཞག་ནས་རྒྱུ་མ་རྒྱ་སྒོ་ནང་ལ་བཞག་ནས།
- བྱིས་པ་ཡི་ཤ་སླ་ངའི་ནང་དུ་བཙོས་ནས་བསྡད་པས།
- རྒད་པོ་རྒན་མོ་གཉིས་ཀྱིས་འབྲོང་ཤ་འཁུར་ནས་ཡོང།
- རི་ཕྲུག་ངེད་གཉིས་ཀྱི་བྱིས་པ་ཞེས་དྲིས་པར།
- ཁྱོད་གཉིས་ཀྱི་བྱིས་པ་གན་ན་སྙལ་ནས་བཞག་ཡོད་ཟེར།
- དེ་ན་བཟང་གི་ཟེར།
- ཁྱོད་གཉིས་སོང་ནས་སླ་ང་ནང་དུ་ཤ་བཙོས་ཡོད།
- ཤ་ཟོ་ཁུ་བ་འཐུང་ནས་སྡོད་ཟེར།
- རྒད་པོ་རྒན་མོ་གཉིས་སོང་ནས་ཤ་ཟོས་ནས་ཁུ་བ་འཐུང་ནས་བསྡད།
- རྒྱུ་མ་ཞིག་ཡོད་པ་དེ་ལག་མགོར་དཀྲི་ལ་ཉེ།
- རི་ཕྲུག་གིས་ཀ་ཁུང་ནང་ལ་སོང་ནས།
- ཨ་ལ་ལ་བུ་ཤ་ཟ་ནི་གཉིས་ཀ
- ཨ་ལ་ལ་བུ་ཁྲག་འཐུང་ནི་གཉིས་ཀ
- ཨ་ལ་ལ་བུ་རྒྱུ་ལག་མགོར་དཀྲི་ནི་གཉིས་ཀ་ཟེར།
- ཨ་རྒན་མོ་གན་གྱིས་ཅི་ཞིག་བཤད་བཞིན་པ་རེད།
- སོང་ནས་ངེད་གཉིས་ཀྱིས་བྱིས་པ་ལ་གཅིག་ལྟོས་ཟེར།
- རྒད་པོ་ངེད་གཉིས་ཀྱིས་བྱིས་པ་ཉལ་ནས་བསྡད་འདུག་ཟེར།
- དེ་ནས་ཡོང་ནས་ཁོ་གཉིས་ཀྱིས་བྱིས་པའི་ཤ་དང་ཁུ་བ་ཡིན་པ་མ་ཤེས་བར།
- དེ་ཟོས་ནས་འཐུང་ནས་བསྡད།
- ཨ་ལ་ལ་བུ་ཤ་ཟ་ནི་གཉིས་ཀ
- ཨ་ལ་ལ་བུ་ཁྲག་འཐུང་ནི་གཉིས་ཀ
- བུ་རྒྱུ་ལག་མགོར་དཀྲི་ནི་གཉིས་ཀ་ཟེར།
- ཨ་རྒད་པོ་ཁྱོད་སོང་ནས་ལྟོས་དང་།
- གན་གྱིས་ཅི་ཞིག་བཤད་བཞིན་པ་རེད་ཟེར།
- རྒད་པོ་སོང་ནས་ཉལ་ཐུལ་གནམ་ན་བཀྱེགས་དུས།
- བྱིས་པའི་མགོ་ལྷུང་སོང་།
- ཕུག་རོན་འཕུར་ནས་བུད་སོང་།
- རྒད་པོ་རྒན་མོ་གཉིས་སྙིང་འཕར་ནས།
- ཁོ་གཉིས་ཀྱིས་རི་རྒན་མ་ཞེས་བདས་ནས་མ་ཟིན་པ་རེད།
- ཁོ་གཉིས་ཀྱིས་རི་ཕྲུག་ཡོང་ངེས་འདོད་ནས།
- ཁོ་གཉིས་ཀྱིས་སྤྱིན་ཞིག་སྐོལ་ནས་ཀ་ཁུང་ཁར་བླུགས་ཡོད་དུས།
- ཀ་ཁུང་ཁར་རི་ཕྲུག་ཡོང་ནས།
- ཡང་ཁོ་གཉིས་ལ་སྡུག་དམོད་བྱེད་དུ་ཡོང་།
- རྒད་པོ་རྒན་མོ་གཉིས་ལ་ཕྱིར་སྡུག་དམོད་བྱེད་དུ་ཡོང་དུས་འབྱར་སོང་།
- རྒད་པོ་རྒན་མོ་གཉིས་སྙིང་འཕར་ནས།
- རི་ཕྲུག་མ་ད་ཐེངས་ཁྱོད་ལག་ལ་ཆུད་སོང་ཞེས།
- བདས་ནས་སོང་སྟེ་གསོད་རྒྱུ་ཞེས་འཛིན་རྩིས་བྱེད་དུས།
- རྒད་པོ་རྒན་མོ་གཉིས་ལ་རི་བོང་གིས་ཐབས་ཤིག་བཀོལ་ནས།
- ཁྱོད་གཉིས་སྡོད།
- ཁྱོད་གཉིས་ཀྱིས་ཤེས་བཞིན་མེད།
- ཁྱོད་གཉིས་ཀྱིས་ངའི་འོང་ཤའི་འོག་ལ་ཐ་ཁོལ་མ་ཞིག་བླུགས་ན།
- ང་ཚོས་ཡང་གིས་བྱེད་ཟེར།
- དེ་ནས་ཁོ་གཉིས་ཀྱིས་རི་ཕྲུག་བཟུང་ནས།
- རི་ཕྲུག་གསོད་རྩིས་བྱས་ནས།
- དེ་ལྟར་བྱས་ནས་རྒད་པོ་རྒན་མོ་གཉིས་ཀྱིས།
- དེའི་བར་ནས་རི་ཕྲུག་ཤོར་ནས་བྲོས་སོང་།