Skip to main content Skip to search
05 Sep 2018
2 min 51 sec
Video Overview
Creators: 
Sonam Tobgye

The story of Azhi (Queen) Nangsa is a popular legend in Bhutan and Tibet, and is told in a series of segments.  This particular song acts as an introduction to Azhi Nangsa, and describes how she was watching the annual festival when the King noticed her. As Azhi Nangsa was extremely beautiful, the King sent his attendant to find out more about her. Some women told the attendant that she is from Rignang region and her name is Nangsa Yoed Bum.

 

༉  ཨ་ཞེ་སྣང་སའི་ལོ་རྒྱུས་འདི་ བོད་དང་འབྲུག་རྒྱལ་ཁབ་ནང་ སྔོན་དང་ཕུ་ལས་ ཡོངས་གྲགས་སྦེ་དར་ཁྱབ་སོང་ཡོདཔ་ལས་ མོ་གི་སྐོར་ལས་སྲུང་དང་གླུ་གཞས་ལེ་ཤ་ཅིག་ར་ཡོད། ད་ལྟོ་ ལྷུན་རྩེ་རྫོང་ཁག་རྒྱ་ས་སྦི་ལས་ བསོད་ནམས་གཡུ་སྒྲོན་གྱིས་འཐེན་མི་གླུ་གཞས་དེ་ཡང་ ཨ་ཞེ་སྣང་ས་དེ་ ཚེས་བཅུ་ཅིག་ནང་སྟོནམོ་གཟིགས་བཞུགས་པའི་སྐབས་ལུ་ རྒྱལཔོ་གིས་གཟིགས་ཏེ་ རྒྱལཔོ་དེ་ མོ་གི་གཟུགས་གཤིས་དང་བྱད་ངོ་རི་ལུ་ཐུགས་ཆགས་ཏེ་ གཟིམ་དཔོན་ལུ་ མོ་གི་མིང་དང་གཡུས་ དེ་ལས་ག་ཏེ་ལས་འོང་འོངམ་ཨིན་ན་འདྲི་བཅུག་སྟེ་ འདྲི་བ་དྲིས་ལན་གནང་བའི་སྐོར་ལས་ཨིནམ་ད་ གཟིམ་དཔོན་གྱིས་འདྲི་བའི་སྐབས་ལུ་ མོ་གིས་ གཡུས་དང་བཅསཔ་སྦེ་ངོ་སྤྲོད་མཛད་གནང་གནང་གི་ཚིག་ཚུ་ གླུ་གཞས་སྦེ་འཐེན་འཐེནམ་ཅིག་ཨིན་པས།

Transcript search
No results found for this search
0 of 0
 • བསོད་ནམས་གཡུ་སྒྲོན་ Sonam Youden
  ད་ཡང་མི་འགྲོ་ད་ཡང་འགྲོ་ད་ཡང་འགྲོ། །ལས་ངན་སེང་ཕྲུག་ལྟད་མོ་བལྟ་ལ་ཏ་འགྲོ། །ལས་ངན་སེང་ཕྲུག་ལྟད་མོ་བལྟ་ལ་ཏ་འགྲོ། །
  Thought of not going but going, to watch the lions.
 • བསོད་ནམས་གཡུ་སྒྲོན་ Sonam Youden
  ལྟད་མོ་ཆེ་བ་རྣམ་གསུམ་གནམ་ལས་གཟིགས། །བྱིན་རླབས་ཆེ་བ་གུ་རུའི་མཚན་ལས་ཏ་ཞུ། །བྱིན་རླབས་ཆེ་བ་གུ་རུའི་མཚན་ལས་ཏ་ཞུ། །
  Three shows were showing from sky, get great blessings from Guru.
 • བསོད་ནམས་གཡུ་སྒྲོན་ Sonam Youden
  དཔོན་པོས་རབ་གསལ་ནང་ལས་སྤྱན་ཅིག་གཟིགས། །གཟིམ་དཔོན་བསོད་ནམས་དཔལ་ལྡན་ཡར་ཤོག་ཏ་གསུངས། །གཟིམ་དཔོན་བསོད་ནམས་དཔལ་ལྡན་ཡར་ཤོག་ཏ་གསུངས། །
  Among them one is the avalokiteshvara, calls for us
 • བསོད་ནམས་གཡུ་སྒྲོན་ Sonam Youden
  ཡར་ལ་ཕྱིན་པའི་དུས་སུ་བཀའ་གཅིག་གནང་། །བུ་མོ་འཁྲུངས་ས་འཁྲུངས་བའི་(འཁྲུངས་པའི་འཁྲུངས་ས་)བཤད་ཤོག་ཏ་གསུངས། །བུ་མོ་འཁྲུངས་ས་འཁྲུངས་བའི་(འཁྲུངས་པའི་འཁྲུངས་ས་)བཤད་ཤོག་ཏ་གསུངས། །
  It’s difficult to reach there, but was asked to come homeland.
 • བསོད་ནམས་གཡུ་སྒྲོན་ Sonam Youden
  བུ་མོ་འཁྲུངས་ས་རི་ནང་ཕྱོགས་ལས་ཡིན། །ང་རའི་མིང་ཡང་སྣང་ས་འོད་འབུམ་ཏ་ཟེར། །ང་རའི་མིང་ཡང་སྣང་ས་འོད་འབུམ་ཏ་ཟེར།། །།
  I was born from the peak, my name is Nangsa Yoebum.