Video Overview
In this song, a family named Nyagé Tsang from Amdo Golok proposes to a young woman from another place.
གླུ་འདི་ནི་བོད་མདོ་སྨད་མགོ་ལོག་ས་ཆའི་ཉྭ་དགེ་ཚང་ཟེར་བའི་ཁྱིམ་ཆེན་ཞིག་གིས་སྡེ་བ་གཞན་པའི་བུ་མོ་ཞིག་ལ་གཉེན་སློང་བའི་གནས་ཚུལ་བརྗོད་པ་ཞིག་རེད།
བླང་རབས་འདི་ནི་སྤྱིར་བཏང་གི་གླུ་ཙམ་མ་ཡིན་པར། གཉེན་སློང་བའི་གནས་ཚུལ་བརྗོད་པའི་གླུ་ཞིག་རེད། གནས་ཚུལ་དེ་ཡིས་བོད་ཀྱི་འདས་པའི་སྤྱི་ཚོགས་ཁྲོད་གླུ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བརྡ་འཕྲིན་མང་བོ་ཞིག་བརྒྱུད་སྤྲོད་བྱེད་ཀྱིན་པ་ཤེས་ཐུབ་པ་ཞིག་རེད། གླུ་འདིའི་ནང་དོན་གནད་བསྡུས་ཤིག་ངོ་སྤྲོད་ཞུས་ན། བོདམདོ་སྨད་འགོ་ལོག་གི་ཉྭ་དགེ་ཚང་ཞེས་པའི་ཁྱིམ་ཚང་ཆེན་པོ་ཞིག་གིས་རོང་སྡེའི་བུ་མོ་ཞིག་མནའ་མར་བསུ་འདང་བྱས་ཀྱང་བུ་མོ་དེ་འཐད་པ་མ་བྱུང་བས་གཉེན་ལམ་དེ་ལེགས་འགྲུབ་མ་བྱུང་བ་ཡིན་འདུག
这首歌主要讲述了果洛地区一户叫尼尔仓的人家向来自另一个地方的女孩求婚的故事。
这不是一首简单的民歌,而是一首求婚之歌。在过去,社会中的许多新闻都是通过歌曲传唱的方式传播的。这首歌主要讲述了安多果洛地区一户叫尼尔仓的人家向一个来自农区的大家庭女孩求婚的故事。歌曲的结尾女孩断然拒绝,结果求婚以失败告终。
- Golok Tibetan Autonomous Prefecture
- ཁོ་འགོ་ལོག་ཉྭ་དགེ་ཚང་གིས།།
- ཁོ་འགྲུལ་ལན་སྔོན་མའི་ལག་ལ།།
- ད་སིལ་མའི་སྲབ་ཅིག་བསྐུར་ཡོད།།
- ཁྱེད་དེ་ལེན་མ་ཡོང་ད་ཡ།།
- ཁྱེད་དེ་ལེན་ཅི་ཡིས་མ་ཡོང་།།
- ཁྱོད་མ་ཐིངས་ནི་ཞིག་འེ་རེད།།
- ཁོང་འགོ་ལོག་ཉྭ་དགེ་ཚང་གིས།།
- ཡང་འགྲུལ་ལན་བར་མའི་ལག་ལ།།
- ད་བེ་ཤིང་སྒ་ཞིག་བསྐུར་ཡོད།།
- ཁྱེད་དེ་ལེན་ཅི་ཡིས་མ་ཡོང་།།
- ཁྱོད་མ་ཐིངས་ནི་ཞིག་འེ་རེད།།
- ངེད་འགོ་ལོག་ཉྭ་དགེ་ཚང་གིས།།
- ཁོ་འགྲུལ་ལན་རྗེས་མའི་ལག་ལ།།
- ཡང་གྱ་རྟའི་ལྕག་ཞིག་བསྐུར་ཡོད།།
- ཁྱེད་དེ་ལེན་ཅི་ཡིས་མ་ཡོང་།།
- ཁྱོད་མ་ཐིངས་ནི་ཞིག་འེ་རེད།།
- ཡང་བདེན་བདེན་བདེན་ན་ཁྱེད་བདེན།།
- ཁྱེད་འགོ་ལོག་ཉྭ་དགེ་ཚང་གི།།
- ད་འགྲུལ་ལན་སྔོན་མའི་ལག་ལ།།
- ཡང་སིལ་མའི་སྲབ་ཞིག་སྐུར་ནོ།།
- མོ་མ་ཐིངས་ནི་ཞིག་མ་རེད།།
- སྟོན་འགོ་མའི་ཚེས་པ་གསུམ་ལ།།
- ནས་འབྲུ་དྲུག་འཁོར་བ་མ་བསྡུས།།
- མོ་མི་ཡོང་དོན་པོ་དེ་རེད།།
- ཁྱེད་འགོ་ལོག་ཉྭ་དགེ་ཚང་གི།།
- ཡང་འགྲུལ་ལན་བར་མའི་ལག་ལ།།
- ཡང་བེ་ཤིང་སྒ་ཞིག་སྐུར་ནོ།།
- མོ་མ་ཐིངས་ནི་ཞིག་མ་རེད།།
- འདི་དགུན་ཟླ་འབྲིང་བོའི་ནང་རེད།།
- ཙག་བསེར་བུའི་སེར་ཁ་ཆེ་གི།།
- མོ་མི་ཡོང་དོན་པོ་དེ་རེད།།
- ཁྱེད་འགོ་ལོག་ཉྭ་དགེ་ཚང་གི།།
- ད་འགྲུལ་ལན་རྗེས་མའི་ལག་ལ།།
- ད་གྱ་རྟའི་ལྕག་ཅིག་སྐུར་ནོ།།
- འདི་དཔྱིད་ཟླ་མཐའ་མའི་ནང་རེད།།
- རྟ་འདོ་བའི་གྲུག་ཤ་གཉོམ་གི།།
- མོ་མི་ཡོང་དོན་པོ་དེ་རེད།།
- ཁྱེད་འགོ་ལོག་ཉྭ་དགེ་ཚང་གི།།
- འདིའི་འབྲི་རྡང་བཅུ་བཞིའི་བར་ནས།།
- བཞོ་ཟེར་ན་ཨ་ཡོ་ཡོ་རེད།།
- བསྐྱུར་ཟེར་ན་འཁོར་བ་དེ་རེད།།
- མོ་དགུན་ཟླ་གསུམ་ལ་ཡོང་ན།།
- ཁྱོས་མི་འཁྱག་ཁས་ལེན་འེ་ཐུབ།།
- མོ་དབྱར་ཟླ་གསུམ་ལ་ཡོང་ན།།
- ཁྱོས་མི་ཚེགས་ཁས་ལེན་འེ་ཐུབ།།
- མོ་དཔྱིད་ཟླ་གསུམ་ལ་ཡོང་ན།།
- ཁྱོས་མི་ལྟོགས་ཁས་ལེན་འེ་ཐུབ།།
- ད་བདེན་བདེན་བདེན་ན་ཁྱོད་བདེན།།
- ཁྱོད་དགུན་ཟླ་གསུམ་ལ་ཤོག་དང་།།
- གོས་རབ་འབྲིང་གསུམ་རེ་བཟོ་བ།།
- ཁྱོད་མི་འཁྱག་ཁེས་ལན་དེ་ཡིན།།
- ཁྱོད་དབྱར་ཟླ་གསུམ་ལ་ཤོག་དང་།།
- གཡོག་རབ་འབྲིང་གསུམ་རེ་འཇོག་ག།
- ཁྱོད་མི་ཚེགས་ཁེས་ལན་དེ་ཡིན།།
- ཁྱོད་དཔྱིད་ཟླ་གསུམ་ལ་ཤོག་དང་།།
- མར་ཆུར་བས་དོ་མཁར་རྩིག་ག།
- ཁྱོད་མི་ལྟོགས་ཁེས་ལན་དེ་ཡིན།།
- མོས་ཨ་ལ་ཀུ་རེ་བརྩེས་ནི།།
- མོས་ཨ་ལ་རྩེད་མོ་བྱས་ནི།།
- ཁྱོད་འགོ་ལོག་ཉྭ་དགེ་ཚང་ལ།།
- ངའི་ཁང་རྒན་གྲུ་བཞི་སྒམ་རེད།།
- སྒམ་གྲུ་བཞིའི་ཁ་མ་ཁྱེད་མེད།།
- ངའི་སྒོ་ཞིང་ལི་མ་ནས་རེད།།
- ནས་འབྲུ་རིགས་ཁ་མ་ཁྱེད་མེད།།
- མོའི་དྲིན་ཆེན་ཕ་མ་ལྷ་རེད།།
- ལྷ་སྟོན་པའི་ཁ་མ་ཁྱེད་མེད།།
- ད་བདེན་བདེན་བདེན་ན་ཁྱེད་བདེན།།
- ཁྱོའི་སྒོ་ཞིང་ལི་མ་ནས་རེད།།
- ནས་འབྲུ་རིགས་ཁ་མ་ཟོག་རེད།།
- ཁྱོའི་ཁང་རྒན་གྲུ་བཞི་སྒམ་རེད།།
- སྒམ་གྲུ་བཞིའི་ཁ་མ་སྦྲ་རེད།།
- ཁྱོའི་དྲིན་ཆེན་ཕ་མ་ལྷ་རེད།
- ལྷ་སྟོན་པའི་ཁ་མ་ཁོས་བྱེད།།
- མོས་ཨ་ལ་ཀུ་རེ་བརྩེས་ནི།།
- མོས་ཨ་ལ་རྩེད་མོ་བྱས་ནི།།
- ཁྱོད་འགོ་ལོག་ཉྭ་དགེ་ཚང་གི།།
- རྒྱུ་ཡོད་ནོ་རྩྭ་མགོའི་ཟིལ་བ།།
- དགུང་སྔ་དྲོ་ཡོད་རྒྱུ་ཞིག་རེད།།
- དགུང་ཕྱི་དྲོ་མེད་རྒྱུ་ཞིག་རེད།།
- མོ་མི་ཡོང་དོན་པོ་དེ་ཡིན།།
- ཨ་བདེན་བདེན་བདེན་ན་ཁྱེད་བདེན།།
- ཁྱོའི་མིང་ལོ་མདའ་ཕྱར་ཆག་གཅིག།
- ཁྱོད་བུ་ལོ་མདའ་དམར་ཁེར་སྒྲོན།།
- ཕྱོགས་ཕྱོགས་སུ་འཕེན་འདང་བྱེད་གི།།
- འཕང་བཞག་ནས་ཉི་མ་ཞིག་ལ།།
- ངའི་ཕྱོགས་ལ་འཕེན་གི་སྨོན་ལམ།།