Skip to main content Skip to search
05 Dec 2016
7 min 38 sec
Video Overview
Creators: 
Penchela

Khandu from Thasa village of Larjab gewog in Dagana district weaves a cane local strainer mostly used for straining locally brewed alcohol from the fermanted mash. He tell that he weaves very rarely and sells them for Nu.100 while his major weaving of such bamboo and cane products are agricultural carrying baskets. Such strainers are mostly used in rural households.

དར་དཀར་ན་རྫོང་ཁག་ ལ་རྒྱབ་རྒེད་འོག་ ཐ་ས་གཡུས་མཚན་ལས་ མཁའ་འགྲོ་གིས་ སྦང་ཆང་བཙག་ནི་གི་དོན་ལུ་ ལག་ལེན་འཐག་མི་ ཆང་ཤོར་འཐགཔ་ཨིན་པས། ཁོ་གིས་སླབ་མི་ནང་ ཆང་ཤོར་ཨ་རྩི་རེ་ལས་འཐག་ནི་མེདཔ་ད་ འདི་ཚུ་ཡང་ གོང་ཚད་དངུལ་ཀྲམ་ ༡༠༠ རེ་སྦེ ་བཙོང་དོ་ཟེར་ཨིནམ་ད་ ཁོ་གིས་ མང་ཤོས་ཅིག་ར་ ཚར་གྱི་སྦེ་ ས་ནམ་གྱི་ཅ་ཆས་འབག་ནིའི་ ཙིའུ་འདི་འཐགཔ་ཨིན་པས། ཆང་ཤོར་འདི་ མང་ཤོས་ཅིག་ མཐའ་ཟུར་གྱི་ཁྱིམ་ཚུ་ནང་ ལག་ལེན་འཐགཔ་ཨིན་པས། 

Transcript search
No results found for this search
0 of 0
  • དཔོན་ཆེན་ལ་ ཏེ་ཨ་ནཱི་ཆང་བཤོ་གི་འདི་ ག་ཅི་གིས་འཐགཔ་སྨོ་ལགས?
    Penchenla:
  • མཁའ་འགྲོ་ ཆང་བཤོ་འདི་སྤ་ཚར་གྱི་ཨིན་ལགས།[མུ་?] གིས་ཡང་འཐག་འོང་འཐག་ནི་འདི་དེ་འབདཝ་ད་ ཨ་ཙི་ཅིག་ཧལ་ཧོལ་འཚམས་ཅིག་སྦེ་ལེགས་ཤོམ་སྦེ་འགྱོ་མི་བཏུབ་པས་ལགས་ཨ་ནཱི་གིས་འདི་ཁོ་སྲ་ཀྲག་ཨ་ཙི་སྲ་ཀྲག་འཚམས་ཅིག་ཡོད་ལགས།
    Khandro:
  • དཔོན་ཆེན་ལ་ ཆང་བཤོ་འབད་བ་ཅིན་སྨོ་ལགས?
    Penchenla:
  • མཁའ་འགྲོ་ Khandro
    ཨོང་ལགས།
  • དཔོན་ཆེན་ལ་ Penchenla
    ཆང་བཤོ་ལྷམ་པ་ག་དེམ་ཅིག་འོང་?
  • མཁའ་འགྲོ་ ཆང་བཤོ་ལྷམ་པ་འདི་གཉིས་དེ་ཅིག་གི་རྩིས་ཨིན་ལགས།གསུམ་སྦེ་ཡོད་ལགས་མ་པ་ཡོད་ནི་འདི་ཇ་བཙག་ཟེར་སྨོ་ལགས? གཅིག་
    Khandro:
  • དཔོན་ཆེན་ལ་ ཨོང་།
    Penchenla:
  • མཁའ་འགྲོ་ ཇ་བཙག་ཟེར་མི་འདི་ཨ་ནཱི་མར་ལས་ཁ་ང་བཅས་ཨ་ནཱི་ ཨ་ནཱི་བཟུམ་མས་སྦོ་བྱ་གི་དོན་ཧིང་བཟུམ་སྦེ་ཆུང་ཀུ་སྦེ་ཡར་ལས་མགུ་སྦོམ་སྦེ་ལགས།དེ་ལས་ལགཔ་བཤེད་སའི་ཁ་ཤིང་བཅིང་ཏེ་དེ་ལས་ཨེབ་ཅང་ཟེར་མི་གཅིག་ཡོད་ལགས།ཨེབ་ཅང་འདི་མར་ར་ཏོ་ཨ་ཙི་ཆུང་སུ་ཅིག་སྦེ་ཏེ་ཡར་གྱི་ཨ་ནཱི་ག་ཅི་ལོ་ཤངས་འདི་སྦོམ་སུ་ཅིག་སྦེ་དེ་ལས་འ་ནཱི་ཆང་བཤོ་ངོ་མ་འདི་ད་ལྟོ་ང་གི་འཐག་སྟེ་ ནཱ་ལུ་ཕུལ་ནི་འབད་མི་འདི་ག་ཅི་ལོ་མར་ལས་ཕྲང་ཕྲང་སྦེ་ལགས།[འ་ནི་མཐའམ་ཅིག?]
    Khandro:
  • དཔོན་ཆེན་ལ་ ཨ་པ་གིས་ཨ་ནཱི་བཟུམ་ ཆང་བཤོ་འཐག་སྟེ་བཙོང་ནི་ཡོད་ག་ལགས?
    Penchenla:
  • མཁའ་འགྲོ་ བཙོང་ནི་ཡོད་ལགས་ ཨ་ཙི་རེ་ད་དལཝ་ཁོམ་ད་ཨ་ཙི་རེ་སྐབས་སྐབས་ཨ་ཙི་རེ་ཨ་ཙི་རེ་ཉོཝ་མས་ལགས་ཉོ་ནི་འདི།
    Khandro:
  • དཔོན་ཆེན་ལ་ ག་དེམ་རེ་སླབ་སྨོ་ལགས? རེ་རེ།
    Penchenla:
  • མཁའ་འགྲོ་ བརྒྱ་རེ་བརྒྱ་རེ་སྦེ་བཙོང་ཡི་ལགས་ད་ལྟོ་འདི་རེ་རེ་ལུ།ད་འབདན་མིག་གིས་ཡང་མི་མཐོང་པས་སྨ་རེད་ལགས་ང་བཅས་[མཚམས་པ་ད་?]ལེགས་ཤོམ་སྦེ་ལགས།ལགཔ་གིས་ལགཔ་གིས་མི་བཏུབ་པས་ཀ་ཀྲ་ཀོ་ཀྲེ་བཏང་སྟེ་ཧེ་ཧེ་ཧེ།
    Khandro:
  • དཔོན་ཆེན་ལ་ ཚར་བཟོ་གི་རིགས་ལས་ཨ་པ་གིས་ག་ཅི་ར་རྐྱབ་སྨོ་ལགས?
    Penchenla:
  • མཁའ་འགྲོ་ ཚར་བཟོ་འདི་ད་ཆང་བཤོ་[མར་བཙིར་ཀུམ་?] དེ་ལས་ [ལྷམ་རྩ་?] དེ་ལས་མང་ཤོས་ར་ཨ་ནཱི་ཙེའུ་དེ་ར་ཨིན་ལགས།ཙེའུ་རྐྱངམ་ཅིག་གཙོ་བོ་བཏོན་སྡོདཔ་ཨིན་ལགས།ཨ་ཙི་རེ་ད་རང་འཇིག་རྟེན་མི་གནག་པའི་མི་ཨ་ཙི་རེ་ལགཔ་མ་སྤར་བ་ཅིན་ འཐོན་ཁུངས་ག་ཅི་ཡང་མིན་འདུག་ལགསཨ་ནཱི་འབད་ནི་འདི་གིས་ཏེ་རོགས་མང་ཤོས་ར་ ཨ་ནཱི་ཙེའུ་འདི་གུ་ར་ཨིན་ལགས་ཙེའུ་འཐག[སྤ་རི་?] ཡང་འཐག་ཤེས་ལགས་འཐག་ནི་འདི་རེད་བརྡལ།། །།
    Khandro: