Skip to main content Skip to search
31 Aug 2018
8 min 42 sec
Video Overview
Creators: 
Penchela

Before the introdution of umbrellas to Bhutan, many people produced their own forms of protection from rain. For instance, bamboo was woven together with plant leaves. According to Harka Bdr Subba, the best quality of bamboo is the thicker bamboo known as rawa, but for easier work they make rain guards with normal, immature bamboo. These products may last from one to two years with good care, but the leaves must be changed yearly if they get torn. In rural places, most people now use plastic sheets, since plastic is lighter and more convenient to use while working. Thus, this particular rain guard has already all but disappeared.

 

ང་བཅས་རའི་རྒྱལ་ཁབ་ནང་ ཉིམ་གདུགས་མ་ཐོན་པའི་ཧེ་མ་ མི་འདི་ཚུ་གིས་ ཁོང་རའི་རིག་པའི་རྣམ་དཔྱོད་ཀྱི་ཐོག་ལས་ ཚར་དང་ཤིང་གི་ཤོག་འདབ་གཉིས་ སླ་བསྲེ་ཞིནམ་ལས་ ཆར་བཀག་བཟོ་སྟེ་ ལག་ལན་འཐབ་སྡོད་ནུག། ཏེ་ཧར་ཀཱ་བྷ་དུར་སུབ་བཱ་དང་འཁྲིལ་བ་ཅིན་ ཆར་བཀབ་བཟོ་ནིའི་ཚར་དྲག་ཤོས་འདི་ར་ ར་ཝ་ཟེར་འདི་ཨིན་རུང་ ལཱ་འཇམ་ནིའི་དོན་ལུ་ སྦ་མ་ཁུགཔ་གི་སྦེ་བཟོ་དོ་ཡོདཔ་ད་ ཅ་ཆས་འདི་ཚུ་ བདག་འཛིན་ལེགས་ཤོམ་སྦེ་འབད་བ་ཅིན་ ལོ་གཅིག་དང་ཡངན་ཅིན་ ལོ་གཉིས་གཉིས་དེ་ར་ཐུག་ཚུགས་དོ་ཡོད་རུང་ ལོ་རེ་རེའི་བར་ན་ ཤིང་གི་འདབ་མ་རལ་འགྱོཝ་ད་ ཚར་རེ་སོར་དགོཔ་མས། ཏེ་ཁྲོམ་སྡེའི་ས་ཁོངས་ཚུ་ནང་ ལཱ་འབད་བའི་སྐབས་ མང་ཤོས་ཅིག་ཆུ་ཤོག་ཚུ་ལག་ལན་འཐབ་དོ་ཡོདཔ་མས། ད་དེ་བསྒང་གི་ལག་ལན་འཐབ་མི་ རང་ལུགས་ཀྱི་ཆར་བཀབ་ཀྱི་ ལམ་ལུགས་འདི་ཉམས་ཏེ་ དེང་སང་གི་གསར་བཟོའི་ ཆར་བཀབ་ཚུ་ལག་ལན་འཐབ་ཨིན་མས། 

 

Transcript search
No results found for this search
0 of 0
  • ཧར་ཀ་བྷ་དུར་སུ་བ
    འ་ནཱི་འདི་ཆར་བཀབ་བཟོ་ནི་གི་སྤག་ཤིང་ཨིན། རྩེ་བ་ (ཁ་ཀུ) ཆར་བཀབ་ འདི་ལས་རྭ་བ་འདི་ཚུ་བསྡམ་ནི་གི་ཚར་ལེགས་ཤོམ་འོང་། ལཱ་མགྱོགས་ནི་གི་དོན་ལུ་ སྤག་ཤིང་མ་ཁུགཔ་འདི་དྲག་ དེ་འབདཝ་ད་ རྩ་བ་འདི་ཚུ་ཡུན་རིམ་སྡོད་ནི་འདི་ ཁུགཔ་ཁུགཔ་འདི་རང་དྲག སྤག་ཤིང་འདི་ཡང་ཚིགས་སྦོམ་སྦེ་ཡོདན་ཚར་ལེ་ཤ་མི་ཐོན།
  • ཧར་ཀ་བྷ་དུར་སུ་བ
    ཆརཔ་བཀབ་གི་ཚར་འདི་ཕུན་ཅུང་ སྦ་ཡར་ལ་ཁ་ལས་ཐོབ་མི་འདི་ ཆརཔ་བཀབ་འདི་ཐགས་ འདི་ལས་ གུམ་སྤཏ་ཟེར་ ཤིང་གི་ཤོ་འདབ་སྦོམ་འདི་ ལེགས་ཤོམ་སྦེ་ཁྱིམ་ཐོག་བཟུམ་སྦེ་རྩིགཔ་ལག་ལེན་འཐབ་ཨིན། ཧེ་མ་ང་བཅས་ཨ་རྒས་དང་ ཨ་པ་འདི་ཚུ་གིས་ འདི་ར་ལག་ལེན་འཐབ་ཨིན། འདི་ལག་ལེན་མ་འཐབ་བ་ད་ ལོ་ ༤༠ དེ་ཅིག་ཡར་སོང་ཡི།
  • ཧར་ཀ་བྷ་དུར་སུ་བ
    འདི་ལེགས་ཤོམ་སྦེ་ ལག་ལེན་འཐབ་པ་ཅིན་ དཔེར་ན་གནམ་བྱཱར་ལག་ལེན་འཐབ དེ་ལས་དགུན་བསྡུ་བཞག་པ་ཅིན་ ལོ་གཅིག་དང་ལོ་གཉིས་རེ་ཐུབ་ འདབ་མ་འདི་འབུབ་གིས་བཟའ་ འདི་ལས་སྤོག་འགྱོཝ་ད་ ལོག་སྟེ་ར་འདབ་མ་བཙུགས་ འདི་ལས་རྩེམ་དགོ་ལོ་རིན་ཆེ་རང་།
  • ཧར་ཀ་བྷ་དུར་སུ་བ
    དེ་ལས་ད་ཤུལ་ལས་ ལོ་སུམ་བཅུ་དང་ ལྔ་་བཅུ་གི་ཧེ་མ་ཐོན་ཡོད་མི་ ཆུ་ཤོག་འདི་ལག་ལེན་འཐབ་སྟེ་ ལཱ་འཇམ་ཏོག་ཏོ་འགྱོ་སོང་ཡི་ དེ་ལས་ཚུ་སུག་ཐོན་ཏེ་ ཆར་གི་ཆརཔ་བཀབ་འདི་ ལག་ལེན་འཐབ་མི་ ཉུང་སུ་ཉུང་སུ་འགྱོཝ་མ་ཚད་ ད་མི་འདུག
  • ཧར་ཀ་བྷ་དུར་སུ་བ
    ད་འ་ནཱི་འདི་ཁར་ད་རུང་ར་ རིང་པ་གཅིག་དགོ འདི་ལས་འདབ་མ་བཀབ་ དེ་ལས་རྩེམ་འབད་ཞིནམ་ལས་ ཆར་བཀབ་འགྱུརཝ་ཨིན། འདི་གི་ང་བཅས་བཟུམ་ལུ་ཡང་བཏུབ།