Skip to main content Skip to search
28 Jun 2018
18 min 39 sec
Video Overview
Creators: 
Yeshi Wangchuk

The warrior dance of Chojam Rabney festival has its roots in the 16th century, when Zhabdrung Ngawang Namgyal came to Bhutan. Nidup Dorji said that in the past he was a warrior dancer during the Chojam Consecration, and he also has been Zhey Poen. In the 16th century, in place of an army and police, they had warriors due to the conflict between Tibetans and the whites. Now, there are no longer warriors, just the army and police. The only warriors left can be seen at Punakha Dromchen and a few other festivals.

 

དཔའ་མཛངས་པའི་འཆམ་འདི་ དུས་རབས་བཅུ་དྲུག་པའི་ནང་ དཔལ་ལྡན་འབྲུག་པ་ ངག་དབང་རྣམ་རྒྱལ་གྱི་སྐབས་ལས་ དར་ཁྱབ་བྱུང་ནུག། ཨཔ་དངོས་གྲུབ་རྡོ་རྗེ་ཁོ་ར་གིས་འབད་བ་ཅིན་ ཧེ་མ་ཁོ་ར་སྐྱོ་བྱམས་རབ་གནས་ཀྱི་སྐབས་ དཔའ་མཛངསཔ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ གཞས་དཔོན་སྦེ་ཡང་ ཕྱག་ཞུ་ཡོདཔ་ལས་ ཁོ་རའི་ཉམས་མྱོང་ཚུ་ཡང་ བཤདཔ་ཨིན་པས།  དཔའ་མཛངས་ཀྱི་ ལམ་ལུགས་འདི་ དེ་བསྒང་ དུས་རབས་ ༡༦ པའི་ནང་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ སྨན་ལྗོངས་འབྲུག་གི་ རྒྱལ་ཁབ་འདི་ནང་ བྱོན་ཞིནམ་ལས་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་སྤེལ་ཏེ་ བཞུགས་པའི་སྐབས་ བོདཔ་དང་ ཕྱི་གླིང་པའི་རྒྱལ་ཁབ་ཚུ་ལས་ དམག་འོང་བའི་སྐབས་ དམག་མིའི་ཚུལ་དུ་ དཔའ་མཛངས་ཟེར་ བཟོ་གནང་གནངམ་ཨིན་པས། ཏེ་ཤུལ་ལས་ དྲག་ཁག་གསུམ་གྱི་དམག་མི་ཟེར་ ལོགས་སུ་སྦེ་ བཟོ་གནང་ཞིནམ་ལས་ དཔའ་མཛངས་ཟེར་ སྤུན་ན་སྒྲོམ་མཆོད་ཀྱི་སྐབས་དང་ གཞན་ཡང་ དུས་ཆེན་ཚུའི་སྐབས་ རྐྱངམ་ཅིག་ ཚུལ་ཙམ་སྦེ་ཐོནམ་ཨིན་པས། ལོ་རྒྱུ་འདི་དུས་སྟོན་འདི་ཚུའི་སྐབས་ དཔའ་མཛངས་ ཐོན་དགོ་པའི་དམིགས་ཡུལ་འདི་ཡང་ གཙོ་བོ་ར་ ཕྱི་ནང་གཉིས་ཀྱི་ དགྲ་འདི་ཚུ་མེད་པར་ ཐལ་བར་རླགས་ནིའི་དོན་ལུ་ཨིན་པས།   

 

Transcript search
No results found for this search
0 of 0
  • དངོས་གྲུབ་རྡོ་རྗེ་
    ཨཱ་དཔའ་མཛངསཔ་གི་ད་ དཔའ་མཛངསཔ་གི་ཨ་ནཱི་ མ་པ་ད་ དཔའ་མཛངསཔ་ དཔའ་མཛངསཔ་འབད་མི་འདི་ སྔོན་མ་ཕར་བུམ་ཐང་པའི་ཁ་ལས་ མཛད་ནུག་བ་ལགས་ སྤུངས་ཐང་ཁ་ལས་མཛད་ནུག་བ་ལགས།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ སྤུངས་ཐང་ཁ་གི་ དཔའ་མཛངསཔ་འདི་ ཨ་ནཱི་སྔོན་མ་དཔའ་མཛངསཔ་འབད་ ཏེ་ མར་ཕྱིའི་རྒྱལ་ཁབ་ལས་ ཕྱད་མདའ་བྱུང་ ཡར་བོད་ལས་བྱུང་འབད་ཏེ་ དཔའ་མཛངསཔ་འབད་ ཏེ་ ཐོན་དགོཔ་ཐོན་ནུག་བ་ལགས།
  • དངོས་གྲུབ་རྡོ་རྗེ་
    ཏེ་ འ་ནཱི་འབད་ནི་དེ་གིས་ ཏེ་ འ་ནཱི་གི་ བརྒྱུད་དེ་བརྒྱུད་དེ་ ནཱ་ལྷོད་ལྷོདཔ་ཨིན་མས་ལགས་ ང་བཅས་ ནཱ་སྟང་ལུ་ལགས་ ང་བཅས་ནཱ་སྟང་ལུ་ འ་ནཱི་གི་བརྒྱུད་དེ་གིས་སྦེ་ ཏེ་ ནཱ་བརྒྱུད་དེ་གིས་སྦེ་ ཏེ་ འ་ནཱི་བཙུགས་དགོ་པའི་གི་ ཁུངས་འདི།
  • དངོས་གྲུབ་རྡོ་རྗེ་
    ད་དཔའ་མཛངསཔ་ཟེར་མི་འདི་ ད་ང་བཅས་ར་ འ་ནཱི་ལས་རིམ་བརྩམས་ ཏེ་ ཡར་མགོན་ཁང་ ཨཱ་་་ ཚེས་བཅུ་གཅིག་ལས་ ཨཱ་་་ཚེས་བཅུ་བཞི་ལས་ ཟླཝ་བཅུ་པའི་གི་ ཚེས་བཅུ་བཞི་ལས་ ཨེ་་་མ་པ་ལས་ར་ ཨིན་ཅི་མིན་ཅི་ཕར་ཚུར་མེད་ལགས།
  • དངོས་གྲུབ་རྡོ་རྗེ་
    ད་ཕར་ཚུར་མེད་ནི་འདི་གིས་ ད་ཨཱ་་་ཚེས་བཅུ་གཅིག་ལས་ འགོ་བཙུགས་ཏེ་གིས་ བཅོ་ལྔ་ བཅུ་དྲུག་ བཅུ་བདུན་ འ་ནཱི་དེ་ཅིག་ ཏེ་ དཔའ་རྟགས་བཏགས་ དར་ལྷག་ ཏེ་འ་ནཱི་མགུ་ལུ་ འ་ནཱི་བཀལ་སྦེ།
  • ཡེ་ཤེས་དབང་ཕྱུག་
    ཐོད།
  • དངོས་གྲུབ་རྡོ་རྗེ་
    ཨོང་་་ཐོད་བཀལ་འབད་ ཏེ་ འབད་དགོ་པའི་གི་ འ་ནཱི་སྔོན་མ་ལས་བརྩམས་བཞག་ནུག་ཟེར་ ཞུ་ནི་ལགས་ ཕམ་བཟང་པོ་འདི་ཚུ་གིས་ལགས་ ཏེ་ འ་ནཱི་བརྩམས་ཞིནམ་ལས་ད་ ང་བཅས་ཡང་ འཕྲོ་མཐུད་ཀྱི་ ཏེ་ འབད་དགོཔ་ འ་ནཱི་སྦེ་ ཏེ་ རྒྱུ་མཚན་འདི་ འདི་ལས་བརྟེན་ཏེ་གིས་ཨིན་མས་ཟེར་ ཞུ་ནི་ལགས།
  • ཡེ་ཤེས་དབང་ཕྱུག་
    ད་ནཱ་གི་ དཔའ་མཛངས་ཀྱི་ད་ ཚིག་དང་འ་ནཱི་ཚུ་གི་ དབྱེ་བ་དང་ལྷམ་པ་འདི་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ འ་ནཱི་ཚུའི་སྐོར་ལས་ཅིག
  • དངོས་གྲུབ་རྡོ་རྗེ་
    ད་འདི་ཚུ་ ང་བཅས་ནཱ་ ནཱ་གི་ར་ཨིན་ལགས་ ག་ཅི་སྨོ་ཟེར་བ་ཅིན་ ད་ང་བཅས་ར་ བཀའ་བརྒྱུད་ཀྱི་ ཞབས་དྲུང་རིན་པོ་ཆེ་གིས་ མཛད་མཛད་པའི་གི་ ཨ་ནཱི་ཚིག་འདི་ཚུ་ཨིན་མས་ལགས་ ང་བཅས་ནང་པའི་ བཀའ་བརྒྱུད་ཀྱི་ ཞུ་དོ་བ་ལགས།
  • དངོས་གྲུབ་རྡོ་རྗེ་
    ད་ཚིག་ལས་ཞུ་བ་ཅིན་ ད་སྔོན་མ་འདི་ད་ གནམ་རྩིགཔ་བརྒྱ་ གནམ་རྩིགཔ་བརྒྱ་(རྩིགཔ་བརྒྱད)ལས་འབད་རུང་བཏུབ་ ས་པདྨ་ལས་འབད་རུང་ཡང་ ཏེ་ བཏུབ་པས་ ཏེ་ དེ་འབདཝ་ད་ གནམ་རྩིགཔ་བརྒྱ་འཁོར་ལོ་སྤུབས་པའི་འོག བར་བཀྲིས་དར་བརྒྱད་ཚངས་པའི་དབྱངས།
  • དངོས་གྲུབ་རྡོ་རྗེ་
    ཨཱ་་་གནམ་གནམ་རྩིགཔ་བརྒྱ་འཁོར་ལོ་སྤུབས་པའི་འོག་ལས། ། བར་བཀྲིས་དར་བརྒྱད་མཚངས་པའི། ། ས་པདྨ་འདབ་བརྒྱད་ཚེ་ཟེར་ ཞུ་དོ་ལགས་ དེ་ལསནི་ནཱ་ལས་ ང་བཅས་ནཱ་ འ་ནཱི་འབད་བའི་བསྒང་ལས་ ཕར་རྡོ་གཅལ་ནང་ལྷོད་དགོ་ལགས།
  • དངོས་གྲུབ་རྡོ་རྗེ་
    རྡོ་གཅལ་ནང་ལྷོདཔ་ཅིག་ ཏེ་ ང་བཅས་ར་ནཱ་ གདན་ས་འདི་ གསང་གླིང་པདྨའི་དགའ་ཚལ་ཟེར་ཞུ་དོ་ལགས་ གསང་གླིང་པདྨའི་དགའ་ཚལ་མཇལ་ཡོང་པས་ལགས། རྡོ་གཞི་པདྨའི་ཐང་ལ་འཁྱམས་ཡོང་པས་ལགས་ཟེར། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་མཇལ་ཡོས་པས་ལགས་ཟེར།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ ཨེང་་ཨེང་མགོན་ཁང་གི་ བཤད་པ་ཨིན་ལགས་ མགོན་ཁང་གི་ ཨེང་་་མགོན་པའི་གི་བཤད་པ་ ཨེང་ སྤྱན་རས་གཟིགས་ཀྱི་ཞིང་ཁམས་ དེ་ལས་ ལྕགས་ཀྱི་ཨ་ལོང་ ལྕགས་ཀྱི་ཨ་ལོང་ ཨཱ་ལྕགས་ཀྱི་ཨ་ལོང་གོ་སྐབས་ ཨ་ལོང་རྒྱལ་མོ་ཞུ་ཡོང་པས་ལགས་ཟེར།
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་ལྕགས་ཀྱི་ འ་ནཱི་སྒོ་གཡབ་འདི་ ལྕགས་ཀྱི་འབད་དོ་བ་ལགས་ སྒོ་གཡབ་ལྕགས་ཀྱི་ འབད་ནི་དེ་གིས་ ལྕགས་ཀྱི་ཨ་ལོང་རྒྱལ་མོ་ མཇལ་ཡོང་པས་ལགས་ཟེར་ དེ་ལས་ དེ་ལས་ ཕར་རྣམ་ཤེས་ཕར་ ཚར་གཅིག་ཕར་བཏོན་དགོ་ལགས།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ འེང་་་ཤ་ཁྲག་བཟའ་བའི་གི་སྲིན་པོ་ཟེར། ཤ་ཁྲག་བཟའ་བའི་གི་སྲིན་པོ་གསད་ཡོང་པས་ལགས་ཟེར། །དེ་ལས་ ཤ་ཁྲག་འཐུང་པའི་གི་ ཆུ་སྲིན་འདི་ཚུ་ཡང་གསད་ཡོང་བས་ལགས་ཟེར། །དེ་ལས་ ཤ་ཁྲག་འཐུང་པའི་གི་ཆུ་སྲིན།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ སྟོབས་ལྡན་དཔའ་བོའི་ གར་སྟབས་ཚུ་ཡང་ཕུལ་ཡོང་པས་ལགས་ཟེར། སྨིན་ཆུང་བུ་མོའི་སྲིན་(སྟུ?)ཚུ་ཡང་སླེབས་ཡོང་པས་ལགས་ཟེར། །སྨིན་ཆུང་བུ་མོ་འ་ནཱི་གཞསམོ་ཁྲབ་མི་ཚུ་ཡང་ ཚིག་ནང་ཨ་ནཱི་སྦེ་འདུག་བ་ལགས།
  • ཡེ་ཤེས་དབང་ཕྱུག་
    དོན་དག་འདི་ ག་ཅི་ཨིན་ན་ལགས་ ད་ལྟོ་གསུངས་མི་གི?
  • དངོས་གྲུབ་རྡོ་རྗེ་
    ད་བཤད་པ་འདི་ ད་སྨིན་ཆུང་བུ་མོ་ཟེར་མི་འདི་ ད་ཁོ་ར་འ་ནཱི་ གཞས་མ་འཁྱམས་མི་གི་ བཤད་པ་བཟུམ་ཅིག་ཨིན་མས་ཏེ་ མ་པ་དོན་དག་ཆོདཔ་སྦེ་ ག་ནི་ཡང་མེད་ ད་ཁོ་དཔའ་མཛངསཔ་ད་ ཏེ་ འ་ནཱི་མཆོད་པའི་ལྷ་མོ་ཟེར་ ཞུ་དགོ་མི་གི་ ཏེ་ ཁོ་གི་བསྟོད་པ་གཅིག་འདི་འདུག་བ་ལགས་ སྔོན་མ་གི་བརྩམས་ཏེ་ ཨ་ནཱི་ཞུ་ཞུཝ་ཨིན་ལགས།
  • དངོས་གྲུབ་རྡོ་རྗེ་
    ད་དེ་ལས་ འ་ནེམ་ཅིག་ཨིན་མས་ ཏེ།
  • ཡེ་ཤེས་དབང་ཕྱུག་
    འ་ནཱི་ ནང་ན་མ་འཛུལཝ་ཅིག་ཁར་ གནང་དགོཔ་ཨིན་ན་ བཤད་པ་འདི་ལགས?
  • དངོས་གྲུབ་རྡོ་རྗེ་
    ཨིན་ལགས་ ནང་ན་མ་འཛུལཝ་ཅིག་ཁར་ལས་ འ་ནཱི།
  • ཡེ་ཤེས་དབང་ཕྱུག་
    སྒོ་ཁར་སྦེ་གནང་དགོཔ?
  • དངོས་གྲུབ་རྡོ་རྗེ་
    ཨེང་ ནང་ན་འཛུལཝ་ཅིག་ལགས།
  • ཡེ་ཤེས་དབང་ཕྱུག་
    ཨེང་འཛུལཝ་ཅིག་ཨིན་ན?
  • དངོས་གྲུབ་རྡོ་རྗེ་
    སྒོ་ཁར་ལས་ ས་པདྨ་འདབ་བརྒྱད་ཐིངས་པའི་ཚེ། །དེ་ལས་ འ་ནཱི་ ཨེང་་་།
  • ཡེ་ཤེས་དབང་ཕྱུག་
    སྒོ་བཤད་ཅིག་གནང་ནི་འདུག་བ་ཡ?
  • དངོས་གྲུབ་རྡོ་རྗེ་
    སྒོ་བཤད་ཀྱི་རྐྱབ་དགོ་ལགས་ སྒོ་བཤད་ཀྱི་ ཨོང་ལགས་ད་ ས་པདྨ་འདབ་བརྒྱད་ཐིངས་པའི་ཚེ། །གནམ་རྩིགཔ་བརྒྱ་འཁོར་ལོ་སྤུབས་པའི་འོག །བར་བཀྲིས་དར་བརྒྱད་ཚངས་པའི་དབྱངས། །ཚངས་པའི་དབྱངས་ཀྱི་དབྱངས་ཞུ།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ ད་སྒོ་ཁ་འདི་ ཡར་བྱང་གི་ཁ་ཐུག་འབད་དོ་བ་ལགས་ ད་ཨེང་ ཨེང་་་གདན་ཁྲི་པདྨའི་ དུར་ཁྲོད་ (གདན་ཁྲི) གདན་ཁྲི་ཚུ་ཡང་གོམ་ཡོང་པས་ལགས་ཟེར། ཨེང་་་གདན་ཁྲི་འདི་གོམ་ཡོང་པས་ལགས།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ ཨེང་་་སྒོ་མོ་བྱངགི་སྒོ་མོ་མཇལ་ཡོས་པས་ལགས། ལྷ་བྲིས་་་ཨེང་ཨེང་་་རྣལ་ཤིང་གསེར་གྱི་ ཨེང་ཨེང་་ སྒོ་ཤིང་ཤེར་གླིང་དངུལ་གྱི་བར་ལས་འཛུལ་ཡོང་པས་ལགས། །དེ་ལས་ རྣལ་ཤིང་གསེར་གྱི་བར་ལས་ འོག་ལས་ རྣལ་ཤིང་གསེར་གྱི་འོག་ལས་འཛུལ་ཡོང་པས་ལགས།
  • དངོས་གྲུབ་རྡོ་རྗེ་
    ཨེང་ དེ་ལས་ སྒོ་དཀྲོགས་ལྕགས་ཀྱི་ཨ་ལོང་དཀྲོགས་ཡོང་བས་ལགས། དེ་ལས་ རྣལ་ཤིང་གསེར་གྱི་ རྣལ་ཤིང་ཕྱེ་ཡོང་པས་ལགས། སྒོ་མོ་ཏུང་གི་སྒོ་མོ་ཕྱེ་ཡོང་པས་ལགས་ཟེར་ དེ་ལས་ཕར་རྡོ་གཅལ་ནང་འགྱོ་དགོ་ལགས།
  • དངོས་གྲུབ་རྡོ་རྗེ་
    འ་ནེམ་ཅིག་ཨིན་ལགས་ ཏེ་ ཨེང་་་མ་ཐེམ་དངུལ་གྱི་ཇན་དུམ་ཟེར་ ཏེ་ འདི་སླབ་ཅིག་ཕར་རྡོ་གཅལ་ནང་འགྱོ་དགོ་ལགས་ ཧ་ཧ་་་།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ ཕར་རྡོ་གཅལ་ན་ལས་ ལྷོདཔ་ཅིག་ལས་ རྡོ་གཅལ་པདྨའི་ ཨེང་་དེ་ལས་ གསང་གླིང་པདྨའི་ མ་པ་གདན་ས་འདི་ གསང་གླིང་པདྨའི་དགའ་ཚལ་ཟེར་ཞུ་དོ་བ།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ གསང་གླིང་པདྨའི་དགའ་ཚལ་མཇལ་ཡོང་པས་ལགས། །འ་་་རྡོ་གཅལ་པདྨའི་ཐང་ལས་འཁྱམས་ཡོང་པས་ལགས་ཟེར། དེ་ལས་ སྤྱན་རས་གཟིགས་ཀྱི་ཞིང་ཁམས་མཇལ་ཡོང་པས་ལགས། སྒོ་གཡབ་གསེར་གྱི་་ འམ་་་་སྒོ་གཡབ་ཨ་ལོང་རྒྱལ་མོ་མཇལ་ཡོང་པས་ལགས་ཟེར།
  • དངོས་གྲུབ་རྡོ་རྗེ་
    ཡེ་ཤེས་མགོན་པོའི་གནས་ཁང་ཚུ་ཡང་མཇལ་ཡོང་པས་ལགས་ཟེར། དེ་ལས་ ཤ་ཁྲག་བཟའ་བའི་སྲིན་པོ་ཚུ་ཡང་ཏེ་ ཏེ་ འ་ནཱི་འདི་ཚུ་ ཁོ་ཤ་ཁྲག་བཟའ་བའི་སྲིན་པོ་གསད་ཡོང་པས་ལགས། ཤ་ཁྲག་འཐུང་པའི་གི་ཆུ་སྲིན་ཚུ་ཡང་གསད་ཡོང་པས་ལགས་ཟེར་ཞུ་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་
    འ་ནཱི་འདི་མགོན་པོ་གི་ཨིན་པས་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    འོང་་་མགོན་པོ་གི་ཨིན་པས་ལགས་ དེ་ལས་ད་ རྣམ་ཤེས་འདི་ཕར་ཚར་གཅིག་ཕར་བཏོནམ་ཅིག་ཏེ་ ཚུར་བཀུག་དགོ་ལགས་ སྟོབས་ལྡན་དཔའ་བོའི་གར་སྟབས་ཚུ་ཡང་འཁྱམས་ཡོང་པས་ལགས་ཟེར།
  • དངོས་གྲུབ་རྡོ་རྗེ་
    ཏེ་ སྨིན་ཆུང་བུ་མོའི་སྲིན་སྟུ་ཚུ་ཡང་སླེབ་ཡོང་པས་ལགས་ཟེར། ཏེ་ འ་ནེམ་ཅིག་ཨིན་ལགས་ དོན་དག་གཅིག་འདི་ལགས།
  • ཡེ་ཤེས་དབང་ཕྱུག་
    མགོན་པོ་གི་མཇུག་བསྡུཝ་ཅིག་ ལྷ་མོ་གི་འགོ་བཙུགསཔ་ཨིན་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    ཏེ་ ལྷ་མོ་འདི་ འགོ་བཙུགས་ནི་མེད་ལགས་ ལྷ་མོ་གི་འདི་ཚིག་མིན་འདུག་ལགས་ མགོན་པོ་གི་གཅིག་ར་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་
    ཡི་དམ་གྱི་འདྲཝ་ འ་ནཱི་བཟུམ?
  • དངོས་གྲུབ་རྡོ་རྗེ་
    ད་ཡི་དམ་གྱི་འབད་བ་ཅིན་ ད་འ་ནཱི་ང་བཅས་ར་ འ་ནཱི་(རྦད)? ཟེར་ཏེ་ ཕར་ལྟ་སྟོན་ཞིནམ་ལས་ ཕར་བསྒྱིར་ ཚུར་བསྒྱུར་འབད་ཏེ།
  • ཡེ་ཤེས་དབང་ཕྱུག་
    རྦད་རྐྱབ་ནི་ཨིན་ན་དེ་ལས?
  • དངོས་གྲུབ་རྡོ་རྗེ་
    ཨོང་་་རྦད་རྐྱབ་དགོ་ལགས། ཏེ་འདི་རྦད་རྐྱབ་དགོ་པའི་ རྒྱུ་མཚན་འདི་འ་ནཱི་ སྔོན་མ་ལས་ར་ཕར་སྤུངས་ཐང་ཁ་ལས་མཛད་མཛདཔ་ཨིན་མས་ལགས། དཔའ་མཛངསཔ་ཟེར་ ཏེ་ དཔའ་མཛངསཔ་ ཝང་གཞས་ ནུབ་པའི་གཞས་ཟེར་མི་འདི།
  • དངོས་གྲུབ་རྡོ་རྗེ་
    ང་བཅས་ནཱ་གི་འདི་དང་ ཨེང་་་ཅོག་གཅིགཔ་གཅིག་ར་ཨིན་མས་བ་ལགས་ ཁོ་འདི་ལགས། ཅོག་ར་གཅིགཔ་ཅིག་ཨིན་མས་ མ་པ་ཨིན་ནི་འདི་ ཕར་ལས་མཛད་སྦེ་འོང་ ཏེ་ ང་བཅས་ནཱ་གི་འདི་ དཔའ་མཛངསཔ་ཟེར་ ཏེ་ ནད་རིམས་མུ་གེ་དང་ དགྲ་བཅོམ་པའི་གི་དོན་ལས་ དཔའ་རྟགས་བཏགས་སྦེ་ ཏེ་ རྐྱབ་དགོ་ལགས་མགོན་པོ།
  • དངོས་གྲུབ་རྡོ་རྗེ་
    ག་ར་ང་བཅས་ར་མགོན་པོའི་ ཚིག་ཡོད་ལགས་ ལེའུ་སོ་སོ་སོ་སོ་མགོན་པོ་རེ་རེ་ལུ་ ཚིག་རེ་རེ་འདུག་བ་ལགས།
  • ཡེ་ཤེས་དབང་ཕྱུག་
    ཚིག་སོ་སོ་ཨིན་ན་ལགས་ ག་དེ་སྦེ་སྨོ?
  • དངོས་གྲུབ་རྡོ་རྗེ་
    ཚིག་སོ་སོ་སོ་སོ་འདུག་ལགས།
  • ཡེ་ཤེས་དབང་ཕྱུག་
    གསུམ་བཞི་དེ་ཅིག་ཐོན་མས་བ་ལགས་མིང་ ཚར་རེ་རེ་རྐྱབ་ད་ལུ་ རྦད་རྐྱབ་ད་ལུ?
  • དངོས་གྲུབ་རྡོ་རྗེ་
    ད་རྦད་རྐྱབ་དནི་ འ་་་སོ་སོ་སོ་སོ་ཟེར་མེད་ མགོན་པོ་གི་ ཏེ་ སོ་སོ་སྦེ་རྐྱབ་དགོ་ རྐྱབ་ནི་འདི་ལགས་ ཏེ་ མགོན་པོ་ གུ་རུ་ འ་ནཱི་ཚུ་ག་ར་ཡོད་ལགས་ གུ་རུ་གི་ཡང་ ཏེ་ རྦད་རྐྱབ་ནི་ཡོད་ལགས་ ཚིག་ལགས།
  • ཡེ་ཤེས་དབང་ཕྱུག་
    འགོ་བཙུགསཔ་ད་ལུ་ ལྟེ་་་ཟེར་མི་ཅིག་འདུག་མེན་ན་ འ་ནཱི་འདི་ ག་ཅི་གི་དོན་ཨིན་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    ད་ ཀེ་་་ཁྱེད་འབད་ཞུ་ནི་འབད་དོ་བ་ལགས་ ཏེ་ འ་ནཱི་འདི་ད་ ཏེ་ ཀེ་ཁྱེད་ཟེར་མི་འདི་ ཏེ་ འ་ནཱི་ ཁོ་དང་ འ་ནཱི་གི་ དགྲ་དམག་འཁྲུག་(??)འདི་ཚུ་ལུ་ སླབ་་་ཞུ་ཞུཝ་ཨིན་མས་བ་ལགས་ དམག་འཁྲུག་འདི་ཚུ་ལུ་ ཀེ་་་ཁྱོད་ཟེར་མི་འདི།
  • དངོས་གྲུབ་རྡོ་རྗེ་
    ཨོང་ལགས།
  • ཡེ་ཤེས་དབང་ཕྱུག་
    ཞེ་ས་གི་ཚིག་ཨིན་མས་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    ཨོང་ལགས། ཁྱེད་ཟེར་མི་འདི།
  • ཡེ་ཤེས་དབང་ཕྱུག་
    ཁྱེད་ཆ་ཁྱབ་ཟེར་དོ་བཟུམ་ཅིག་ཨིན་མས་བ་ལགས།
  • དངོས་གྲུབ་རྡོ་རྗེ་
    ཨོང་ལགས། ཨོང་ལགས། ཁྱེད་ཟེར་ ཨོང་་་ཁྱེད་ཆ་ཁྱབ་འདི་ཚུ་ཏེ་ ཁྱེད་ཟེར་མི་འདི་ཏེ་ དབའི་མ་འབད་ ཁྱེད་་་ཁྱོད་ཀྱིས་ཟེར་ ཞུ་ཞུཝ་བའི་གི་ ལུགས་སྲོལ་ཅིག་ཨིན་མས་ ཧ་ཧ་་་ ཧ་ཧ་ ཨོང་ལགས།
  • ཡེ་ཤེས་དབང་ཕྱུག་
    དེ་ལསནི་ རྦད་འདི་ད་ ནང་ན་རྡོ་གཅལ་གྱི་ནང་ན་རྐྱབ་མི་དང་ ཕར་ཁྲོམ་ན་རྐྱབ་མི་ འ་ནཱི་ཚུ་ཅོག་ར་འཐདཔ་ཨིན་སྨོ་ལགས་མ་པ?
  • དངོས་གྲུབ་རྡོ་རྗེ་
    མ་པ་འདི་ ཅོག་ར་འཐད་ འདི་འབདཝ་ད་ ཡར་མགོན་པོ་ཡར་ཨོ་རྒྱན་ཆོས་གླིང་གི་ མགོན་པོ་འབད་སར་འགྱོ་དགོ་ལགས་ འ་ནཱི་འདི་ཡར་གྱི་མགོན་པོ་སྦེ་ར་ ཚིག་གཅིག་འདི་རང་རྐྱབ་དགོ་ལགས།
  • དངོས་གྲུབ་རྡོ་རྗེ་
    ཏེ་ནཱ་གི་འབད་བ་ཅིན་ གུ་རུ་གི་ སྔོན་མ་འདི་ ཨེང་་ཚིག་ ཨཱ་་་ལེའུ་གསུམ་ ལྔ་དེ་ཅིག་ རྐྱབ་དགོ་ལགས་ ཏེ་ མཇུག་རྟིང་བདའ་སྟེ་ ཨིན་ཅི་མིན་ཅི་ ནཱ་གུ་རུ་གི་ འ་ནཱི་རྦད་རང་རྐྱབ་དགོ་ལགས་ གུ་རུ་གི་མཇུག་བསྡུ་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་
    ག་དེ་སྦེ་སྨོ་ཚིག་འབད་བ་ཅིན་ ནཱ་གིས་མཁྱེན་མས་ག་ལགས?
  • དངོས་གྲུབ་རྡོ་རྗེ་
    ཚིག་འབད་བ་ཅིན་ དཔལ་རྔ་གཡབ་ལྷོ་ནུབ་སྲིན་ཡུལ་ནས། །མགོན་ཨོ་རྒྱན་པདྨ་མཐུ་སྟོབས་ཅན། །ཟེར་ཞུ་ནི་ཨིན་ལགས། དཔལ་རྔ་གཡབ་ལྷོ་ནུབ་སྲིན་ཡུལ་ནས། །མགོན་ཨོ་རྒྱན་པདྨ་མཐུ་སྟོབས་ཅན། །
  • དངོས་གྲུབ་རྡོ་རྗེ་
    འ་་་སྤྱན་གཟིགས་པ་རྒྱལ་ཁམས་ཡོངས་ལུ་གཟིགས། །ཨེང་་གཟིགསཔ་ཙམ་གྱིས་འཛམ་གླིང་བདེ་བར་བཀོད། །ཟེར་ཞུ་དོ་ལགས། འ་ནཱི་ཅིག་ཨིན་མས་ལགས་ ནཱ་གི་ལགས་ གོ་རིམ།
  • ཡེ་ཤེས་དབང་ཕྱུག་
    ཨཱ་་་ནཱ་གི་ཧེ་མ་གཞས་དཔོན་ག་ཨིན་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    འེང་་ངེ་གི་སྔོན་མ་གཞས་དཔོན་ ཕར་སྣང་སྣང་ལས་གཅིག་འདུག་ ཉི་མ་ལུང་ལས་གཅིག་འདུག་ དེ་ལས་ ད་རུང་ཉི་མ་ལུང་ལས་གཅིག་འདུག་ མ་པ་གཞས་དཔོན་འདི་ ཕར་ཉི་མ་ལུང་ལས་རང་ཐོན་དོ་ལགས་ ཐོན་ནི་འདི་ལགས་ ད་ང་གིས་ འ་ནཱི་སྦེ།
  • ཡེ་ཤེས་དབང་ཕྱུག་
    ཨིན་ཅི་མིན་ཅི་ཕར་ལས་ཐོན་དགོཔ་ཟེར་འདི་མེདཔ་འོང་ལགས?
  • དངོས་གྲུབ་རྡོ་རྗེ་
    ད་ཕར་ལས་ ཐོན་དགོཔ་ཟེར་མིན་འདུག་ ཏེ་ སྔོན་མ་ལས་རང་ ཁོ་ཕར་ལས་རང་འཐོན་དེ་གིས་ ཏེ་ ད་ལྟོ་ཡང་ ཕར་ལས་ར་ཨིན་མས་ལགས་ གཞས་དཔོན་འདི་ལགས ཧ་ཧ་་་།
  • ཡེ་ཤེས་དབང་ཕྱུག་
    ནཱ་གིས་ ག་དེམ་ཅིག་མཛད་ཡི་ལགས? ལོ་ག་དེམ་ཅིག་འབད་ཡི?
  • དངོས་གྲུབ་རྡོ་རྗེ་
    ང་གིས་ ལོ་བཅུ་གཉིས་འབད་ཡི་ལགས་ ཕྱག་ཞུ་ཡི་ལགས་ ང་གཞས་དཔོན་ལགས་ ལོ་བཅུ་གཉིས་དེ་ཅིག་ལགས།
  • ཡེ་ཤེས་དབང་ཕྱུག་
    ད་ཨིན་རུང་ ད་འགོ་བཙུགསཔ་ད་ལུ་ གཞས་གཡོགཔ་ནང་ལས་ འགོ་བཙུགས་དགོཔ་ཟེར་ཡོདཔ་ཨིན་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    ད་འགོ་བཙུགསཔ་ད་ ད་གཞས་དཔོན་གྱིས་རྐྱབ་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་
    མེན་ལགས་ ད་འགོ་བཙུགསཔ་ད་ལུ་ མར་ལས་ད་ གཞས་དཔོན་འདི་ གཞས་གཡོགཔ་ལས་བཙར་དགོཔ་སྦེ་ཨིན་ན་ལགས་ གཞས་དཔོན་ཐོབ་དགོ་པ་ཅིན་ གཞས་དཔོན་ཕྲངམ་ཕྲང་ས་གཞས་དཔོན་ཐོབ་ག་ལགས?
  • དངོས་གྲུབ་རྡོ་རྗེ་
    འེང་་ཕྲངམ་ཕྲང་ས་ ཨེང་གཞས་དཔོན་ འ་ནཱི་འདི་ཅཱནསི་(གོ་སྐབས་)མེད་ལགས་ ག་ཅི་སྨོ་ཟེར་བ་ཅིན་ ཉམས་མྱོང་དགོ་ལགས་ དེ་ལས་ ཉམས་མྱོང་མེད་པ་ཅིན་ ང་བཅས་ར་འ་ནཱི་འདི་ཚུ་ལུ་ དཀོན་མཆོག་འདི་ཚུ་གིས་ ཨ་ནཱི་འདི་ཚུ་ ལས་རིམ་བདའ་མི་ཟུན་ལགས་ ག་ཅི་སྨོ་ ཉམས་མྱོང་དང་འཁྲིལ་ཏེ་གིས་སྦེ།
  • ཡེ་ཤེས་དབང་ཕྱུག་
    གཞས་གཡོགཔ་འབད་དགོཔ་ཨིན་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    འེང་་གཞས་གཡོགཔ་འབད་དགོ་ལགས་ མ་པ་ལས་གཞས་གཡོག་འབད་དགོ་ ཏེ་ གཞས་གཡོགཔ་མ་འབད་བ་ཅིན་ ཨ་ཙི་ཅིག་ ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ཙི་ཅིག་ཏེ་ ལྷག་ཆད་འདི་ཚུ་ འ་ནཱི་ཚུ་གཏན་གཏན་ཅིག་མི་འགྱོ་བ་ལགས།
  • དངོས་གྲུབ་རྡོ་རྗེ་
    གཞས་གཡོགཔ་མ་པ་ལས་འབད་དགོ་ལགས་ གཞས་གཡོགཔ་ ལོ་གསུམ་དེ་ཅིག་འབད་ཞིནམ་ལས་ ཏེ་ གཞས་དཔོན་འདི་ད་ ད་ཁྱོད་ཀྱིས་འབད་སྨ་རེ་ཟེར་ ད་ང་འདི་ད་འབད་མི་ཚུགས་ ད་ཁྱོད་ཀྱིས་འབད་དགོ་ཟེར་ ཏེ་ འ་ནཱི་གཞས་དཔོན་གྱིས་ འ་ནཱི་སྦེ་སླབ་དགོ་ལགས་ ཧ་ཧ་་་ གཞས་གཡོག་ལུ་ལགས་ ཧ་ཧ་ཧ་་་།
  • ཡེ་ཤེས་དབང་ཕྱུག་
    མ་པ་ཨ་ནཱི་ད་ བུམ་ཐང་པའི་ཁ་ནང་ལུ་ ལཱ་དཔོན་ ལས་དཔོན་ ལས་དཔོན་ཟེར་ཅིག་ཡང་ སླབ་ནི་འདུག་མེན་ན་ གཞས་དཔོན་ལུ?
  • དངོས་གྲུབ་རྡོ་རྗེ་
    ད་ལས་དཔོན་ལས་དཔོན་ཟེར་ འེང་་སླབ་མས་ སླབ་ནི་འདི་ མ་པ་ད་ལུགས་སྲོལ་འབད་བ་ཅིན་ གཞས་དཔོན་ཟེར་རང་ འགྱོ་ནི་ཨིན་མས་ལགས་ གཞས་དཔོན་ཟེར་ མ་པ་ནཱ་གི་འདི་ ད་ལས་དཔོན་ཟེར་ ཞུ་ནི་ཨིན་མས་ལགས་ ཞུཝ་ད་ལགས་ལས་དཔོན་ཟེར།
  • དངོས་གྲུབ་རྡོ་རྗེ་
    ད་ལས་དཔོན་ལས་གཡོག་ཟེར་ འགྱོ་དོ་བ་ལགས་ ཧ་ཧ་་་ འཆམ་དཔོན་འཆམ་མཇུག་འབད་དོ་བཟུམ་སྦེ་ ལས་དཔོན་ལས་གཡོག་ཟེར་ ཧེ་ཧེ་་་འ་ནཱི་སྦེ་ཨིན་མས་ལགས་ ལས་དཔོན་ལས་གཡོག་ཟེར།
  • ཡེ་ཤེས་དབང་ཕྱུག་
    དེ་ལས་ འ་ནཱི་ད་འ་ནཱི་ ཡང་ཅིན་ད་ཡར་ཨོ་རྒྱན་ཆོས་གླིང་ལས་ ད་མགྱོནམ་ཞུ་ ཡང་ཅིན་མར་ལས་ཞུཝ་ད་ ལེགས་སོ་ལེགས་སོ་ཅིག་ སླབ་ནི་འདུག་བ་ལགས།
  • དངོས་གྲུབ་རྡོ་རྗེ་
    འོང་ལགས།
  • ཡེ་ཤེས་དབང་ཕྱུག་
    འ་ནཱི་ག་ཅི་གི་ཚིག་སྨོ་མ་པ་ལགས? ལེགས་ཤོམ་འགྱོ་བཅུག་ཟེར་བའི་གི་སྨོན་ཚིག་ཅིག་ཨིན་ན་ ག་ཅི་ཨིན་ན?
  • དངོས་གྲུབ་རྡོ་རྗེ་
    ད་ལེགས་སོ་ ལེགས་སོ་ཟེར་ ད་འ་ནཱི་འདི་ད་ མ་པ་ད་ ཏེ་ འ་ནཱི་ཚིག་འདི་ད་ ང་བཅས་ཡང་ གཏན་གཏན་མི་ཤེས་ ལེགས་སོ་འབད་མི་འདི་ད་ ལེགས་སོ་ལེགས་སོ་འབད་མི་འདི།
  • ཡེ་ཤེས་དབང་ཕྱུག་
    ལེགས་སོ་ཟེར་ཨིན་ན་ ལེ་སོ་ཟེར་ཨིན་ན་ལགས་ ག་དེ་སྦེ་ཨིན་ན?
  • དངོས་གྲུབ་རྡོ་རྗེ་
    ད་ལེ་སོ་ཟེར་ཨིན་མས་ཨིན་ནི་འདི་ ད་ལེགས་སོ་འབད་རུང་ ལེ་སོ་འབད་རུང་མ་པ་དོན་དག་གཅིག་ཨིན་མས་ ད་ཨིནམ་ད།
  • ཡེ་ཤེས་དབང་ཕྱུག་
    དོན་དག་ཅིག་འདུག་ག་ལགས་འ་ནཱི?
  • དངོས་གྲུབ་རྡོ་རྗེ་
    འོང་དོན་དག་གཅིག་རང་ཨིན་མས་ལགས་ ཨིན་ནི་འདི་ ད་མ་པ་འདི་ད་ འདི་གི་ད་ ལེ་སོ་ལེ་སོ་འབད་ ཏེ་ རྦད་ཀྱི་ འ་ནཱི་རྐྱབ་ནི་གི་ཏེ་ འགོ་འ་ནཱི་ལས་ རྦད་ཀྱི་རང་ཨིན་མས་ཨིན་ནི་འདི།
  • དངོས་གྲུབ་རྡོ་རྗེ་
    རྦད་རྐྱབ་ནི་གི་ད་ ང་ལེ་སོ་ལེ་སོ་འབད་ འོང་དོ་སྨ་རེ་ཟེར་ཏེ་ དེ་ལས་ཏེ་ རྦད་རྐྱབ་ནི་ རྐྱངམ་གཅིག་མ་གཏོགས་ མ་པ་གནམ་མེད་ས་མེད་ འ་ནཱི་ལེ་སོ་འདི་ ག་འདི་ཨིན་ན་ གུ་འདི་ཨིན་ན་འདི་ འ་ནཱི་འདི་ ང་གིས་ཡང་ཏེ་ གཏན་གཏན་སྦེ་ ཞུ་མི་ཤེས་པས།
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་འདི་ ཁུངས་ཅིག་ཡང་ང་གིས་ ཉམས་མྱོང་མ་ཐོབ་ལགས་ འ་ནཱི་འདི་ལགས།
  • ཡེ་ཤེས་དབང་ཕྱུག་
    དེ་ལས་སྨོ་ ལེའུ་འདི་ཚུ་ད་ ཡར་གནམ་མཁའ་ལུ་ཡང་ རྐྱབ་ནི་འདུག་བ་ལགས་ འ་ནཱི་ལེའུ་འདི་ཚུ་ ག་དེ་སྦེ་སྨོ་ལགས་ ཅོག་ར་འཐདཔ་ཨིན་ན་ ཡང་ཅིན་ ད་ནཱ་གི་འདི་ སོ་སོ་སྦེ་ར་ཡོདཔ་ཨིན་ན?
  • དངོས་གྲུབ་རྡོ་རྗེ་
    ད་ཡར་གྱི་འདི་ཚུ་དང་ ནཱ་གི་འདི་ཚུ་ ཚིག་སྦེ་རུང་ ལེའུ་འབད་རུང་ ཅོག་ར་གཅིག་ལགས་ མ་སོཝ(འདྲཝ་)་ག་ནི་ཡང་མེད་ ག་ར་ཅོག་ར་གཅིག་ལགས་ ཡར་གྱི་དང་ནཱ་གི་ལགས་ ཡར་གྱི་དང་ནཱ་གི་ ཅོག་ར་མ་གཅིགཔ་ ག་ནི་ཡང་མེད་ལགས་ ཁོ་འདི་ལགས།
  • དངོས་གྲུབ་རྡོ་རྗེ་
    དོན་དག་གཅིག་ར་ཨིན་ལགས། ཚིག་འབད་རུང་ ག་ཅི་འབད་རུང་ལགས།
  • ཡེ་ཤེས་དབང་ཕྱུག་
    རྐྱབ་ཐངས་འབད་རུང་?
  • དངོས་གྲུབ་རྡོ་རྗེ་
    འོང་རྐྱབ་ཐངས་འབད་རུང་ འགོ་བཙུགས་ཐངས་འབད་རུང་ ཅོག་ར་གཅིག་ལགས་ ཧ་ཧ་་་།
  • ཡེ་ཤེས་དབང་ཕྱུག་
    ནཱ་གྱངས་ཁ་འབད་བ་ཅིན་ ག་དེ་ཅིག་དགོཔ་ཡོདཔ་ཨིན་ན་ལགས་ དཔའ་མཛངསཔ་གི་གྱངས་ཁ?
  • དངོས་གྲུབ་རྡོ་རྗེ་
    ད་གྱངས་ཁ་འབད་བ་ཅིན་ ནཱ་འདི་ད་ ང་བཅས་ནཱ་ལས་ཚན་ སྤྱི་འོག་གཅིག་གི་ཨིན་ ཨིནམ་ད་ལུ་ ད་གུང་པ་ཧ་ལམ་ཐོན་མས་མེན་ན་ལགས་ གུང་པ་བཞི་བཅུ་ ལྔ་བཅུ་དེ་ཅིག་ བཞི་བཅུ་ལྷག་འོང་ལགས་ གུང་པ་བཞི་བཅུ་ལྷགཔ་མས་ ང་བཅས་ནཱ་ གཡུས་ཚན་བཞི་འབདཝ་ད་ལགས།
  • དངོས་གྲུབ་རྡོ་རྗེ་
    ཏེ་ འ་ནཱི་འབདཝ་ད་ ལ་ལུ་གིས་ ཡར་ག་ཅི་ལོ་ འ་ནཱི་རྩ་བོ་འབད་ རྩ་བོ་སྦེ་ཐོན་ ལ་ལུ་གིས་ འ་ནཱི་འཆམ་པ་སྦེ་ཐོན་ ལ་ལུ་གིས་ དཔའ་མཛངསཔ་སྦེ་ཐོན་ ལ་ལུ་གིས་ འ་ནཱི་གཞས་རྐྱབ་མི་ འ་ནཱི་ཨམ་སྲུ་འདི་ཚུ་ཏེ་ གཞས་རྐྱབ་ནི་ ང་བཅས་ར་ནཱ་འབད་བ་ཅིན་ མཆོད་པའི་ལྷ་མོ་ཟེར་ ཞུ་བའི་ལགས།
  • དངོས་གྲུབ་རྡོ་རྗེ་
    འགྱོ་བའི་ལགས་ མཆོད་པའི་ལྷ་མོ་ ལ་ལུ་འདི་མཆོད་པའི་ལྷམོ་ འ་ནཱི་འབདཝ་ད་ མི་རེ་རེ་གིས་ (གརཊ) ལཱ་ཁག་འདུག་ལགས་འ་ནཱི་ ཐོན་རུང་ར་ དྲག་བྱེལ(??)་མང་ནི་དེ་གིས་ལགས།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ སྟོན་པ་དཔལ་འཛོམས་ཟེར་ འ་ནཱི་ལུ་ མི་ཐོན་དགོ་ལགས་ དེ་ལས་ འ་ནཱི་ ལྷ་མོ་དང་ མགོན་མོ་ གཏེར་བདག་ འ་ནཱི་ལུ་ཡང་ ག་ར་མི་རེ་རེ་ཐོནམ་ད་ལུ་ འ་ནཱི་ལུ་ ག་ར་འ་ནཱི་ལུ་ སྤེལ་ཏེ་གིས་འབད་ རང་རང་གི་ ལྕོགས་གྲུབ་དང་འཁྲིལ་ཏེ་གིས་ཨིན་ལགས།
  • དངོས་གྲུབ་རྡོ་རྗེ་
    ལྕོགས་གྲུབ་ཡོད་མི་འདི་ཚུ་ དཔའ་མཛངསཔ་རང་ཐོན་དགོ་ལགས་ མེད་མི་འདི་ཚུ་ ཏེ་ འ་ནཱི་ དོ་རུང་འ་ནཱི་ ཕྱག་ཞུ་མི་འདུག་བ་ལགས་ ལྷ་མོ་དང་ མགོན་མོ་འདི་ཚུ་གི་ ཕྱག་ཞུ་ནི་གི་ལས་རིམ།
  • དངོས་གྲུབ་རྡོ་རྗེ་
    ཨཱ་་་ལས་རིམ་སྣ་འབད་(རྣམ་པ་སྣ་ཚོགས་)རྒྱགས་ཚད་འདུག་ལགས་ནཱ་འདི་ ལས་རིམ་ལགས་ ལས་རིམ་གཅིག་འབད་འདི་མེད་ལགས་ ལེ་ཤ་རང་འདུག་ལགས་ ལས་རིམ་ ཧེ་ཧེ་ཧེ་་་།
  • ཡེ་ཤེས་དབང་ཕྱུག་
    ད་ནཱ་གིས་ ཨ་ནཱི་ གཞས་དཔོན་མཛདཔ་ད་ལུ་ གཞས་དཔོན་ལུ་ ད་ཡང་ཅིན་ད་ ཐོབ་ཐངས་དང་ གུས་ཞབས་ དཔེར་ན་འབད་བ་ཅིན་ ད་ང་ར་གིས་ད་ གོ་དོ་བཟུམ་འབད་བ་ཅིན་ད་ ལ་ལུ་ད་ ཆང་འདི་ཚུ་དྲང་འབད་རུང་ཡང་ ད་ཅོག་ཙེ་བཀལ་སྦེ་ འ་ནཱི་སྦེ་ གདོང་ཁར་ཐོབ་ནི་འདུག་བ་ལགས་ འ་ནཱི་བཟུམ་ཐོབ་ཐངས་ཡོདཔ་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    ད་འདི་དེ་ སྔོན་མ་སྔོན་མ་གི་ ཐོབ་ཐངས་ སྔོན་མ་གི་འ་ནཱི་ཡོད་ལགས་ ཐོབ་ཐངས་འདི་ འ་་་གཞས་དཔོན་གཞས་གཡོག་འདི་ ཐོབ་ཐངས་འདི་ འ་ནཱི་ཅོག་ཙེ་ཐོབ་ཐངས་འདུག་ དེ་ལས་ འདི་གུ་བཞུགས་གྲལ་ འ་ནཱི་གི་ཏེ་ རྟེན་འབྲེལ་ཚུལ་ཙམ་ཅིག་ཏེ་ ཁོ་ར་གི་སྔོན་མ་གི་ སྲོལ་འདུག་བ་ལགས་འ་ནཱི།
  • ཡེ་ཤེས་དབང་ཕྱུག་
    མར་ཆང་ཕུད་གཏོརཝ་ད་ གཞས་དཔོན་གྱིས་སྦེ་ གོང་ལུ་འདི་ གཞས་དཔོན་བཞུགས་ཞིནམ་ལས་ འ་ནཱི་སྦེ་ འབད་དགོཔ་སྦེ་ཨིན་མས་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    ད་འདི་དེ་ འ་ནཱི་ མར་ཆང་འདི་ཚུ་གཏོར་ནི།
  • ཡེ་ཤེས་དབང་ཕྱུག་
    མགྱོནམ་མེད་པ་ཅིན?
  • དངོས་གྲུབ་རྡོ་རྗེ་
    ཨོང་ལགས་ མགྱོནམ་མེད་པ་ཅིན་ འ་ནཱི་སྐུ་མགྲོན་གཙོ་བོ་མེད་པ་ཅིན་ མ་པ་འདི་ སྐུ་མགྲོན་གཙོ་བོ་ཡོད་པ་ཅིན་ སྐུ་མགྲོན་གཙོ་བོ་གིས་རང་ འ་ནཱི་མཛད་དགོ་ལགས་ དེ་མེན་པ་ཅིན་ འ་ནཱི་གཞས་དཔོན་གྱིས་ རྐྱབ་དགོ་ལགས།
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་མར་ཆང་གཏོརཝ་ད་ལགས་ མར་ཆང་གཏོརཝ་ད་ ཨ་་་གཞས་དཔོན་གྱིས་སྦེ་ ཏེ་ འབད་དགོ་ལགས་ སྐུ་མགྲོན་གཙོ་བོ་མེད་པ་ཅིན་ལགས།
  • ཡེ་ཤེས་དབང་ཕྱུག་
    འ་ནཱི་ ཨཱ་་ད་ཅི་ཡང་ གསུང་ནི་གསུངས་དེས་ དེ་འབད་རུང་ ནཱ་གིས་ ཁ་གསལ་ཅིག་ ནཱ་གིས་ དཔའ་མཛངས་དང་ ཡངན་སྤྱིར་བཏང་ གཞས་དཔོན་ཚུ་གི་ ད་གྱོན་ཆས་ཀྱི་ཁྱད་པར་དང་ ཡང་ཅིན་ གྱོན་ཆས་ཀྱི་ཐོབ་ཐངས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ལགས་ མགུ་ཏོ་ལས་ ཐོད་ལས་འགོ་བཙུགས་ཏེ་་འབད?
  • དངོས་གྲུབ་རྡོ་རྗེ་
    ད་འདི་དེ་ད་ ནཱ་བཤད་པ་འདུག་ལགས་ ད་དེ་ཡང་ བཤད་པ་ད་ ཐོབ་ཐངས་འདི་ ད་རང་ར་སའི་ད་གོ་ཡར་གྱོན་རུང་ མར་གྱོན་རུང་ འདི་དེ་ ཌེསི(གྱོན་ཆས)་འདི་སྦེ་ད་ལྟོ་ འགོ་བཙུགས་བཙུགསཔ་ག་ནི་ཡང་མེད་ ཌེསི་(གྱོན་ཆས)མེད།
  • དངོས་གྲུབ་རྡོ་རྗེ་
    རང་རང་ས་གིས་འབད་ཏེ་ དར་ཡང་ག་ཅི་ཡོད་རུང་ དཔའ་རྟགས་ཡང་ ག་ཅི་བཏགས་རུང་ ཏེ་རང་རང་ས་གི་ ཐོབ་ཐངས་དང་འཁྲིལ།
  • ཡེ་ཤེས་དབང་ཕྱུག་
    དར་སྣེ་ལྔ་དགོཔ་སྦེ་ འ་ནཱི་བཟུམ་སྦེ?
  • དངོས་གྲུབ་རྡོ་རྗེ་
    སྣ་ལྔ་དགོ་ལགས་ འ་ནཱི་དར་འདི་ སྣེ་ལྔ་དགོ་ལགས་ དར་འདི་སྣེ་ལྔ་བཏགས་དགོ་ལགས་ ཧ་ཧ་་་།
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་འདི་ ལྷག་སྟེ་གིས་འབད་ར་ཨིན་པས་སྨོ་ལགས་ དར་འདི་ཚུ?
  • དངོས་གྲུབ་རྡོ་རྗེ་
    འོང་ལགས་ དར་ལྷག་དགོ་ལགས་ དར་ལྷག་འབད་ སྣེ་ལྔ་སྦེ་ ལྷག་འབད་ཞིནམ་ལས་ འ་ནཱི་སྦེ།
  • ཡེ་ཤེས་དབང་ཕྱུག་
    མདོར་བསྡུས་དང་ རྒྱས་ཤིང་རྒྱསཔ་སྦེ་ཡོད་ག་ལགས་དར? ཡངན་མ་ལྷག་པར་འ་ནཱི་སྦེ་ མདོར་བསྡུས་སྦེ་ བཞག་ནི་ཅིག་ཡང་ཡོད་ག་ལགས?
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་འདི་ མི་འོང་ལགས་ དར་མ་པ་ལས་རང་ བཏགས་དགོ་ལགས་ དར་འདི།
  • ཡེ་ཤེས་དབང་ཕྱུག་
    ཨིན་ཅི་མིན་ཅི་ ལྷག་དགོ་ག?
  • དངོས་གྲུབ་རྡོ་རྗེ/Nidup Dorji ཨིན་ཅི་མིན་ཅི་ལྷག་དགོ་ འ་ནཱིའི་བསྒང་ལས་ལགས་ ཏེ་དེ་ལས་ དར་འདི་དེ་ ལྷག་ར་ལྷག་དགོ་ལགས་ ཏེ་ངོ་བོ་འ་ནཱི་ ངོ་བོ་གི་ འ་ནཱི་ཉིནམ་གཅིག་ཁར་ལས་ མ་པ་ལས་ར་བཏགས་དགོ་ལགས་ དར་ག་དེམ་ཅིག་ཡོད་རུང་རང་ བཏགས་དགོ་ལགས།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ འ་ནཱི་ཨ་ཙི་ཅིག་ཏེ་ ཉིནམ་གསུམ་འབདཝ་ད་ཏེ་ དར་གཅིག་དང་ང་བཅས་ར་འ་ནཱི་ བོ་དོ་(བཀབ་ནེ)འདི་ ཁ་དམར་བོ་དོ་ཟེར་ཞུ་དོ་སྨོ་ལགས? འ་ནཱི་འདི་ ཨིན་ཅི་མིན་ཅི་ཁོ་ར་གི་འདི་གུ་ དཔའ་རྟགས་གཅིག་ དར་གཅིག་ དེ་ལས་ ཨ་ནཱི་བོ་དོ་ཁ་དམར་གཅིག་ འ་ནཱི་འབད་རུང་བཏུབ་ལགས།
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་ཚུ་ག་ར་ རང་གིས་བཀོ་ཆ་(ཅ་ལ་)སྒྲིག་དགོཔ་སྦེ་ཨིན་པས་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    ཨོང་འ་ནཱི་འདི་ རང་གིས་ རང་རང་སར་གྱིས་ འ་ནཱི་འབད་དགོ་ལགས་ ཨོང་ལགས་ རང་རང་སར་གྱིས་བསྒྲུབ་འབད་ཏེ་ ཐོན་དགོ་ལགས་ནཱ་གི་ ཧེ་ཧེ་་་།
  • ཡེ་ཤེས་དབང་ཕྱུག་
    ད་མ་འོངས་པ་ལུ་ ད་འ་ནཱི་ ཡངན་འདུག་ག་ལགས་ ནཱ་གི་ད་ ཨ་་་ནཱ་ཚོགས་པ་ཡང་འདུག་བ་སྨོ? ཚོགས་པ་གི་ཁ་ཐུག་ལས་འབད་ ཏེ་ ནཱ་ལུ་ ད་གྱོན་ཆས་འདི་ཚུ་ ཁོང་ར་གིས་ མཁོ་སྒྲུབ་འབད་འདི་གིས་ བྱིན་ནི་གི་གོ་སྐབས་དང་ འ་ནཱི་བཟུམ་འདུག་ག་ལགས་ མ་འོངས་པ་ལུ?
  • དངོས་གྲུབ་རྡོ་རྗེ་
    ད་འདི་དེ་ མ་འོངས་པ་ན་དང་ འ་ནཱི་འདི་ཚུ་མཁོ་སྒྲུབ་ ཨ་་་དར་ དེ་ལས་ ཨ་་་འདི་ཏེ་ད་ དཔའ་རྟགས་འདི་ཚུ་ད་ མཁོ་སྒྲུབ་འབད་ནི་མི་འོང་ ད་འ་ནཱི་ ཌིསི(གྱོན་ཆས)ཡངན་ མཁོ་སྒྲུབ་འབད་ནི་གི།
  • དངོས་གྲུབ་རྡོ་རྗེ་
    ཏེ་ མ་འོངས་པ་ནང་ འ་ནཱི་གྱོན་ཆས་འདི་ བཟོ་ནི་གི་ འེང་་འ་ནཱི་གི་ བསམ་འཆར་ཅིག་མི་འོང་ག་ཟེར་ འ་ནཱི་སྦེ་ ངེ་གི་སེམས་ཁར་ འ་ནེ་སྦེ་མནོཝ་མས་ལགས།
  • ཡེ་ཤེས་དབང་ཕྱུག་
    ད་གོ་འབད་རུང་ཡང་ ཏེ་ རང་རང་ས་གིས་ ག་གྱོན་མི་འདི་མས་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    འོང་ལགས།
  • ཡེ་ཤེས་དབང་ཕྱུག་
    གོ་མེ་ཏོག་ཅནམ་གྱོན་དགོཔ་འབད་ འ་ནཱི་སྦེ་མེད་ག་ལགས?
  • དངོས་གྲུབ་རྡོ་རྗེ་
    མེ་ཏོག་ཅནམ་གྱོན་དགོ་ལགས་ མ་པ་ཨིན་ཅི་མིན་ཅི་ མེ་ཏོག་ཅནམ་ར་གྱོན་སྦེ་ ཐོན་དགོ་ལགས་ནཱ་ ཧ་ཧ་་་ མེ་ཏོག་ཅནམ་སྦེ་ཐོན་དགོ་ལགས་ གྱོན་འབད་ལགས།
  • ཡེ་ཤེས་དབང་ཕྱུག་
    ལགས་སོ། ད་ཕར་སྤུ་ན་ཁ་གི་བཟུམ་ཅིག་འབད་བ་ཅིན་ དགྲ་ལི་དང་ འ་ནཱི་ཚུ་ཡང་ཡོདཔ་བཟུམ་སྦེ་ ང་རང་གིས་ འ་ནཱི་སྦེ་ཚོར་ཡི།
  • དངོས་གྲུབ་རྡོ་རྗེ་
    ད་ཕར་གྱི་འདི་ཚུ་ དགྲ་ལི་དང་ འ་ནཱི་འདི་ཚུ་ཡོད་ ཏེ་ ཡོདཔ་ད་ནཱ་གི་དགྲ་ལི་དང་ འ་ནཱི་ ལྕགས་རྨོག་ཚུ་ཡང་ ག་ནི་ཡང་མེད་ལགས་ ད་ལྟོ་ ཐོད་ཅིག་དང་ དེ་ལས་ དཔའ་རྟགས་ཅིག་ ཏེ་ གཞན་འབད་བ་ཅིན་ ད་རུང་ཡང་ འ་ནཱི་ལས་ གཅིག་འདུག་བ་ལགས།
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་ སྨད་གཡོག་ཟེར་མི་ཅིག་ གྱོན་ནི་འདུག་བ་ལགས། འོང་་འ་ནཱི་འདི་མེད་ལགས་ ནཱ་འདི་ལགས་ གོ་རྐྱངམ་གཅིག་ར་ཨིན་ལགས་ ཧ་ཧ་་་། འ་ནཱི་འདི་མེད་ལགས་ ཏེ་ནཱ་གི་ འ་ནཱེ་སྦེ་ཨིན་ ལས་རིམ་འདི་ལགས།
  • ཡེ་ཤེས་དབང་ཕྱུག་
    ལགས་སོ་ལགས།
  • དངོས་གྲུབ་རྡོ་རྗེ་
    འོང་ལགས། ལགས་སོ་ལགས།