Skip to main content Skip to search
25 Jan 2016
6 min 31 sec
Video Overview
Creators: 
Sonam Chophel, Dawa Tshering

གཞུང་སྒྲ་དང་ བོད་སྒྲ་ རིག་གསར་གི་གླུ་གཞས་ཚུ་གི་གྲས་ཁར་མ་ཚུད་པའི་ གཞས་ཟེར་སླབ་སྲོལ་ཡོད་པའི་ནང་ལས་ ཝང་གཞས་ འོ་ཆུ་པའི་གཞས་ ནུ་སྦི་གི་གཞས་ལ་སོགས་པ་ཚུ་ཡོད་པའི་ནང་གསེས་ ཝང་གཞས་ ས་ཡ་ཅིག་དགུང་དབྱིངས་ཀྱི་བདེ་མོ་ལུ། ཟེར་མི་དེ་ཡང་ སྤུ་ན་ཁ་རི་རྩ་ལས་ རྣམ་རྒྱས་ཀྱིས་འབད་འཐེནམ་ཨིན་མས། གཞས་འདི་ཉན་བལྟཝ་ད་ལུ་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་བཟུམ་སྦེ་ར་ གངས་སྟོད་དགུང་སྟོད་བསྐོར་བའི་གཞས་ཅིག་ཨིན་པས། གཞས་ཀྱི་ཚིག་ ག་ཅི་བཟུམ་རང་འཐེན་རུང་ གདངས་དབྱངས་ལུ་ སོ་སོ་སྦེ་མིན་འདུག།

 

Like many older Bhutanese songs, this zhey contains many stanzas. Namgay from Ritsa in Punakha sings a zhey which falls under the category of a wang zhey. Although the lyrics might be different, most of those songs share common tunes and dance steps.

 

Transcript search
No results found for this search
0 of 0
  • རྣམ་རྒྱས། Namgay ས་གཡས་ཀྱི་དགུང་དབྱིངས་བདེ་མོ་ལུ། །ས་གཡས་ཀྱི་དགུང་དབྱིངས་བདེ་མོ་ལུ་དབའི། །
    In the land of right zenith and peaceful, as with right zenith and peaceful.
  • རྣམ་རྒྱས། Namgay ཁྲི་གདུགས་སྤུན་ཆ་དགའ་ཡི་གཡང་འཁྱམས་དོ། །ཁྲི་གདུགས་སྤུན་ཆ་དགའ་ཡི་གཡང་འཁྱམས་དོ། །
    Sun with happiest family essence of prosperity was esplanade, sun with happiest family essence of prosperity was esplanade.
  • རྣམ་རྒྱས། Namgay འཁྱམས་མ་གཅིག་དང་འཁྱམས་མ་གཉིས་ཡོ། །ཁྲི་གདུག་གི་ཕྱོགས། །ལུས་ལ་གཟའ་ཟིན་མེད་པར། །འཁྱམས་འདི་རང་དགའ།
    Got one esplanade or two esplanade, one with sun direction, without affecting on body, esplanade seems so happy.
  • རྣམ་རྒྱས། Namgay ལུས་ལ་གཟའ་ཟིན་མེད་པར། །འཁྱམས་འདི་རང་སྐྱིད། །
    without affecting on body esplanade seem peacefully.
  • རྣམ་རྒྱས། Namgay ས་ཡས་ཀྱི་གངས་སྟོད་བདེ་མོ་ལུ། །ས་ཡས་ཀྱི་གངས་སྟོད་བདེ་མོ་ལུ་དབའི། །
    In the land on upper part of snow mountain, In the land on upper part of snow mountain.
  • རྣམ་རྒྱས། Namgay གངས་སེང་སྤུན་ཆ་དགའ་ཡི་གཡང་འཁྱམས་དོ། །གང་སེང་སྤུན་ཆ་དགའ་ཡི་གཡང་འཁྱམས་དོ།
    Mountain cock as happiest family was habitat with esscence of prosperity, Moutain cock as happiest family was habitat with essence of prosperity
  • རྣམ་རྒྱས། Namgay འཁྱམས་གཅིག་དང་འཁྱམས་མ་གཉིས་ཡོ། །གང་སེང་གེའི་ཕྱོགས། །ལུས་ལ་བུ་ཡུག་མེད་པར། །འཁྱམས་འདི་རང་དགའ། །
    Got more then one habitat, that for mountain cock, without blizzard on body they habitated happily.
  • རྣམ་རྒྱས། Namgay ལུས་ལ་བུ་ཡུག་མེད་པར། །འཁྱམས་འདི་རང་སྐྱིད། །
    without blizzard on body, they habitated peacely.
  • རྣམ་རྒྱས། Namgay ས་ཡས་ཀྱི་སྤང་ཤོ་བདེ་མོ་ལུ། །ས་ཡས་ཀྱི་སྤང་ཤོ་བདེ་མོ་ལུ་དབའི། །
    In the land of་ peaceful right meadow, In the land of peaceful right meadow.
  • རྣམ་རྒྱས། Namgay ཤཝ་རྒས་སྤུན་ཆ་དགའ་བའི་གཡང་འཁྱམས་དོ། །ཤཝ་རྒས་་སྤུན་ཆ་དགའ་བའི་གཡང་འཁྱམས་དོ། །
    A family of aged reindeer was promenade happily with essence of prosperity, as family of grant reindeer was promenade happily with esscence of prosperity.
  • རྣམ་རྒྱས། Namgay འཁྱམས་མ་གཅིག་དང་འཁྱམས་མ་གཉིས་ཡོ། །ཤཝ་རྒས་ཀྱི་ཕྱོགས། །ལུས་ལ་ཤ་ཁྱི་མེད་པར། །འཁྱམས་འདི་རང་དགའ། །
    Got more then one habitat, as for Aged reindeer,without hound on body they habitat happily.
  • རྣམ་རྒྱས། Namgay ལུས་ལ་ཤ་ཁྱི་མེད་པར། །འཁྱམས་འདི་རང་སྐྱིད། །
    without hound on the body they habitat peacefully.
  • རྣམ་རྒྱས། Namgay ས་ཡས་ཀྱི་གཡུས་བཟང་བདེ་མོ་ལུ། །ས་ཡས་ཀྱི་གཡུས་བཟང་བདེ་མོ་ལུ་དབའི། །
    in the land of a peaceful village, in the land of a peaceful village,
  • རྣམ་རྒྱས། Namgay སྟག་ཤར་སྤུན་ཆ་དགའ་བའི་གཡང་འཁྱམས་དོ། །སྟག་ཤར་སྤུན་ཆ་དགའ་བའི་གཡང་འཁྱམས་དོ། །
    its happy to habitat young boys with essence of prosperity, its happy to habitat young boys with essence of posperity.
  • རྣམ་རྒྱས། Namgay འཁྱམས་མ་གཅིག་དང་འཁྱམས་མ་གཉིས་ཡོ། །སྟག་ཤར་གྱི་ཕྱོགས། །ལུས་ལ་ན་ཚ་མེད་པར། །འཁྱམས་འདི་རང་དགའ། །
    with more than two habitat as for young boys without illiness on their body,they live happily
  • རྣམ་རྒྱས། Namgay ལུས་ལ་ན་ཚ་མེད་པར། །མས་འ་དི་རང་སྐྱིད། །
    without iliness on their body they live peacefully.