Skip to main content Skip to search
30 Aug 2018
7 min 26 sec
Video Overview
Creators: 
Penchela

རྩང་མོ་འདི་ སླབ་སྲོལ་གཅིག་ལས་ བོད་གཙང་ལས་བྱུང་བྱུངམ་ཨིནམ་སྦེ་སླབ་སྲོལ་གཅིག་དང་ གཅིག་ལས་ང་བཅས་ར་རྩང་དུམ་རེ་བཞག་སྟེ་ མོ་བཏབ་དོ་བཟུམ་སྦེ་ ཕོ་དང་མོའི་བར་ན་གནམ་བསྐོས་བལྟ་ནི་དེ་གིས་ རྩང་མོ་ཟེར་ སླབ་སྲོལ་དར་ཁྱབ་འགྱོ་འགྱོཝ་ཨིནམ་སྦེ་ཡང་སླབ་སྲོལ་གཅིག་ཡོད། ག་དེ་སྦེ་ཨིན་རུང་ དང་ཕུ་ རྩང་མོ་འཐེན་སྲོལ་གྱི་ལམ་ལུགས་ ག་ཅི་བཟུམ་ཅིག་སྡོད་ཡི་གའི་དཔེ་བཟུམ་ཅིག་ ལྷུན་རྩེ་ཆ་འོག་ བུ་དུར་ལས་ མི་འགྱུར་དང་ཚེ་དབང་རྡོ་རྗེ་གིས་ དཔེ་སྟོན་འབད་འབདཝ་གི་སྒྲ་བཟུང་གློག་བརྙན་ཅིག་ཨིནམ་ད་ ཅ་ལ་རེ་རེ་བཞིན་དུ་ལུ་ རྩང་མོ་ཤོ་ལོ་ཀ་རེ་འཐེན་ཏེ་ གནམ་བསྐོས་མེད་པའི་སྐོར་ལས་ཁུངས་རེ་བཀལ་སྦེ་ ཅ་ལ་རེ་ཕྱིར་བཏོན་འབད་དེ་ མཇུག་གི་འདི་རྐྱངམ་ཅིག་ གཉེན་གླུ་སྦེ་འཐེནམ་ཨིན་པས། རྩང་མོ་ཚུ་གི་གྲལ་ལས་ ཕོ་དང་མོའི་བར་ན་གི་ཚིག་ཧན་ཏོང་ཏོ་དེ་རང་ ཤར་ཕྱོགས་རི་མགོ་མཐོ་ཡང་། །ཉིན་ཟླ་བཀག་པ་མི་ཚུགས། །སྔོན་གྱི་ལས་འཕྲོ་ཡོད་ན། །ཕ་མས་བཀག་པ་མི་ཚུགས་ཟེར་ ཚེ་སྔ་མའི་ལས་འཕྲོ་ཡོད་པའི་ཁ་ལུ་ ལྟ་བའི་མིག་གཞི་ར་མཐུན་པ་ཅིན་ ཕམ་གིས་འབད་རུང་བཀག་མི་ཚུགས་ཟེར་ དེ་སྦེ་འཐེན་ནི་འདུག

The lyrics of this tsangmo say that the genre originated in Tsang in Tibet. In the song, tsangmo is personified as a beautiful woman. When she arrived at a pass called Gampala, she was transformed in a monkey. This seems to imply that tsangmo originated in Tsang. Tsangmo is a type of song used to express one's emotions, conveying their affection to another. Tsangmo can be sung to express love, hatred or any other feeling. It is exclusively sung and never danced to. Usually a composition is limited to a verse of four lines for a single expression. The tsangmo in the video is a mixture of all the different tsangmo categories as Minjur performs it for archival purposes. In reality, during a competition the performers will sing questions and answer in response to their opponent's verses. The tsangmo in the video opens with a laudatory tsangmo to impress each other. When the climax is reached, they switch to an antagonizing tsangmo to defame the opponent.  Finally the opponents compromise and sing a befriending tsangmo to reconcile.

Transcript search
No results found for this search
0 of 0
  • ཚེ་དབང་རྡོ་རྗེ། Tshewang Dorji
    གཙང་མོ་ལ་གཙང་ལས་ལ་འོང་ཚེ། །གཙང་མོ་ལྷ་དང་ལ་འདྲ་སོང་། ། སྒམ་པ་ལ་ལུ་ལྷོད་ཚེ། །གཙང་མོ་ལ་སྤྲེའུ་ལ་གྱུར་སོང་། །
    Tsangmo while coming from Tsang, Tsangmo is equivalent to god. Reaching Gampa pass, Tsangmo is equivalent to monkey.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ད་ཏེ་ གཙང་མོ་ཁས་པ་ ཏེ་ན་ན་ ཡར་བོད་ལྷ་ས་ལས་འོང་ཡི་ལོ་ལགས། ཏེ་གཙང་མོ་ བོད་ལྷ་ས་ལས་འོངམ་ད་ དོན་རྣམས་ག་ར་བཤད་དགོ་པས་སྨོ་ཤིག་ལགས ཡར་བོད་ལྷ་ས་ལས་འོངམ་ད་ ཏེ་གཙང་མོ་ ཡར་ལས་མར་བྱོནམ་ད་ ཏེ་ཡར་ལས་བྱོནམ་ད་ ཏེ་སྒམ་པ་ལ་ལུ་ལྷོདཔ་ད་ གཙང་མོ་ཁོ་ར་ མི་འབད་མེན་པར་ སྤྲེའུ་འབད་ལོག་བྱོག་ཡར་སོང་ནུག་མེན་ན་ལགས། ཏེ་ད་ཁོ་གི་རྣམ་རྟོག་འདི་ ང་བཅས་ར་གཙང་མོ་འ་ནཱི་ཨིན་ ཟེར་ཨིན་པས་ གཙང་མོ་གི་འབད་བ་ཅིན།
    Tsangmo, Long time back while coming from Lhasa in Tibet, meaning should be shared right. Tsangmo while coming from Lhasa in Tibet, reaching Gampola he came in form of monkey not in human. His don’t have superstition is Tsangmo.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ཁྱོད་ལུ་ལ་ཆ་གཅིག་ལ་མིན་འདུག །ང་ལུ་ལ་ཡ་གཅིག་ལ་མིན་འདུག ། ཆ་མེད་ཡ་མེད་གཉིས་ཀུ། །དམ་པའི་ལ་ཆོས་ལ་འགྲོ་དགོས། །
    You don’t have partner, I am single. Partner less and single, Lets go for excellent dharma.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ད་ཏེ་ ཁོ་འདི་ཏེ་ ད་ཁྱོད་ཆ་གཅིག་མེད་ ང་ཡ་གཅིག་མེད་ཟེར་ ད་ང་བཅས་ར་ ད་ཆ་མེད་ཡ་མེད་ དམ་པའི་ཆོས་ལུ་འགྱོ་གེ་ཟེར་ དམ་པའི་ཆོས་ལུ་འགྱོ་ནི་ཟེར།
    Now you don’t have partner and I am single so lets head towards the excellent dharma.
  • ཚེ་དབང་རྡོ་རྗེ། Tshewang Dorji
    མཛུབ་མོ་ལ་གཅིག་གི་ལ་ནང་ལས། །མཛུབ་གཉིས་ལ་(ཙང་ཁ་རུ་རུ)། ། གསར་པ་བློ་ལས་ཡལ་ན། །རྙིང་པའི་དྲུང་དུ་དྲན་ཤོག །
    From the one finger, Two rings shines. If new one is forgotten, Remember about old one.
  • ཚེ་དབང་རྡོ་རྗེ། Tshewang Dorji
    དེ་ལས་ཁོནི་ ཏེ་མཛུབ་མོ་གཅིག་གི་ནང་ལས་ མཛུབ་མོའི་ཙང་ཁ་རུ་རུ། ང་བཅས་ར་ལག་པ་མཛུབ་མོ་གཅིག་ལུ་ སོར་གདུབ་གཉིས་ གསར་པ་དགའ་ག་ རྙིངམ་དགའ་ག་བལྟ་ཟེར། ཁྱོད་ར་རྙིང་པ་ གསརཔ་དགའ་བ་ཅིན་ རྙིངམ་འདི་འགྲོ་དོན་སྐྱོང་ཟེར་ འགྲོ་དོན་སྐྱོང་བཏང་ཟེར།
    Now in the one finger there are many rings, (we) in our one finger there is two rings giving option which one you opt either new or old one.
    If you are fond of new one give old ones.
  • ཚེ་དབང་རྡོ་རྗེ། Tshewang Dorji
    བཟའ་སེ་གླི་དང་ལ་ལྕང་མ། །དཀར་ཡོལ་ནང་ལས་ལ་སླེབས་སོང་། ། བ་སོ་ཤིང་གི་རྩ་བ། །བསྐོར་ར་ལ་འཁྱམས་ས་མིན་འདུག །
    One eats floor and rice, Won’t go away from container. To the root of Barso tree, There is no place to circumambulate.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ད་ཏེ་ ང་བཅས་ར་ ཏེ་གཡུས་ང་བཅས་ར་(ཀུ་པི་ཉལ་ས་པུ་ཤི་ཡིན་ནའང་ བུ་དུར་)ཚུར་བ་འོང་འོངམ་ཨིན་ འོངམ་ད་ ཁྱོད་ཆ་ཁྱབ་ཀྱིས་ འ་ནཱི་སྦེ་ བཀྲ་མ་ཤིསཔ་འབད་བར་འགྱོ་འགྱོ་ཨིན་པས་ཟེར་ ང་བཅས་ར་གིས་ཁ་གཏངམ་མེན་ན་ འ་ནཱི་བཟུམ་སྦེ་ཁ་གཏང་ནི་མི་འོང་ཟེར་ཨིན་པས། ག་ཅི་སྨོ་ཟེར་བ་ཅིན་ ང་བཤལ་འོང་འོངམ་མ་གཏོགས་ ཁྱོད་འབད་སར་ ག་ཅི་ཡང་གནོདཔ་མ་བཀལ་ཟེར་།
    Its like, Kupinyelsa is our place we blame to other people saying that Budhurpa came in our village for robbing stating insulting words. Like wise aforesaid states we should not be blaming others.
    They came for just roaming and they didn’t made problem.
  • ཚེ་དབང་རྡོ་རྗེ། Tshewang Dorji
    བ་ལུ་སོ་ལུའི་ནང་ལས། །བྱིའུ་ཅུང་ལ་སྐད་མེད་ལ་ལྷང་ནས། ། བ་ལུ་སུ་ལུའི་་་་་་བ་ལུའི་མེ་ཏོག་ཡོམ་རུང། །སོ་ལུའི་ལ་མེ་ཏོག་ཤར་ཡོད། །
    From small rhododendron bush with yellow flowers and short trees, Sings a chirping sound of birds. Balu Sului.....{singer made error} swings the flower of small rhododendron, The flower of small plant had bloom.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ད་ང་བཅས་ར་ དཔེ་མ་ཤེས་པ་ཅིན་ང་བཅས་ར་ ཨ་པ་ཨའི་ཡོད་པའི་བུཚ་ཨིན་པ་ཅིན་ ཏེ་ང་བཅས་ཨ་པ་གིས་ལེགས་མ་འབད་ ཨའི་གིས་ལེགས་ཤོམ་མ་འབད་ མི་ཚུ་གིས་ཁ་གཏངམ་མས་མེན་ན ཏེ་ང་བཅས་ར་ ཨ་པ་གིས་མ་འབད་རུང་ ཨ་པ་ཨའི་ ཁ་འབྱལ་ཡར་སོང་རུང་ ཡང་ན་ཨ་པ་གིས་ལེགས་ཤོམ་འབད་ ཡང་ན་ཨའི་གིས་ལེགས་ཤོམ་འབད་འབད་ཟེར་ འ་ནཱི་སྦེ་ སེམས་ཁར་སྣང་དག་མེདཔ་ཨིན་པས་ཏེ།
    For example, for children who have parents; we blame saying father won’t do well and mother won’t do well. Even one don’t do good one will do well so no need to worry.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ཕར་ཕར་སྤང་གི་ལོགས་ལས། །ཤ་ཝ་ལ་ཡར་འགྲོ་མར་འགྲོ། ། ཡར་འགྲོ་རྩྭ་ཡང་མ་ཟ། །མར་འགྲོ་ཆུ་ཡང་མ་འཐུང་། །
    From far flung meadow, Stags go up and down. Will not take grass from upper meadow, Will not drink water from flowing river.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ང་བཅས་ར་མི་ འ་ནཱི་སྦེ་འཛོམས་སྡོད་ས་གི་སྦུག་ལས་ ཁྱོད་གནམ་མེད་ས་མེད་ ཁྱོད་བཀྲ་མ་ཤིསཔ་ཨིན་པས་ལོ། ཁྱོད་ཕར་གྱི་མི་ངན་གྱིས་ ཁ་ཕར་སླབ་མས་ལོ་ ཚུར་སླབ་མས་ལོ་ཟེར་བ་ཅིན་ ང་བཅས་ར་ འ་ནཱི་བཟུམ་སྦེ་ སླབ་ནི་མི་འོང་ ཁ་གཏང་ནི་མི་འོང་ཟེར་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་མི་ཁྲོམ་ག་ཏེ་ལྷོད་རུང་ ལྟདམོ་བལྟ་བར་འོང་འོངམ་མ་གཏོགས་ ཨརཝ་རྐྱབ་པར་མ་འོང་ ཟེར་སླབ་སླབ་ཨིན་པས།
    When we are in crowd we should not be blaming others saying you are bed person, others says you are bastard and all. The other person has came for watching the program not for stealing.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ཤར་ཕྱོགས་རི་མགོ་ལ་མཐོན་ཀྱང་། །ཉིན་ཟླ་ལ་བཀག་པ་མི་ཚུགས། ། སྔོན་གྱི་ལས་འཕྲོ་ཡོད་ན། །ཕ་མས་ལ་བཀག་པ་མི་ཚུགས། །
    Even east is born with tall, Don’t have ability to stop sun and moon. If there is fate destine in past life, Parents won’t stop.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ད་མ་གཞི་འདི་ ཤར་ཕྱོགས་རི་བོ་ ག་དེམ་ཅིག་མཐོན་ཏེ་ཡོད་ཟེར་རུང་ར་ ཉིམ་ཟླཝ་འདི་ བཀག་ནི་མེད་ ཟེར་ཨིན་པས། སྔོན་གྱི་ལས་འཕྲོ་ར་ཡོད་པ་ཅིན་ ཕམ་ཚུ་ ག་དེམ་ཅིག་སྲ་ཀྲག་ཡོད་རུང་ ག་བཟུམ་ཅིག་དང་མཉམ་ཅིག་སྡོད་མི་དགོ་ཟེར་རུང་ བུཚ་དང་བུམོ་ཁོང་ར་གཉེན་རྐྱབ་འོང་ ཟེར་ཨིན་པས། འ་ནཱི་བཟུམ་ཨིན་ཟེར།
    Actually, How long east may be (he she) don’t have rights to stop sun and moon. If they are destining in fate by past life, it doesn’t matter how much parent’s do strict to the children they will go together. It’s like that.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ཆར་པའི་ཆར་བརྡ་ལ་ཆད་རུང་། །ཐིགས་པའི་ལ་ཐིགས་བརྡ་མ་ཆད། ། བྱམས་པའི་ལས་འཕྲོ་རྫོགས་ཀྱང་། །སེམས་ཀྱི་ལ་སེམས་ཐག་མ་ཆད། །
    Even raindrops stop, The drop has not stopped. Even love fate terminates, Don’t decide with your mind.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ཆརཔ་རྐྱབ་སྟེ་ ཆརཔ་ཆད་རུང་ར་ ཏེ་ཤིང་གི་འདབ་མ་གུ་ལས་མར་འབབ་མི་ཆརཔ་གི་ཐིགས་པ་མི་ཆད་ ཟེར་ཨིན་པས། བྱམས་པའི་ལས་འཕྲོ་རྫོགས་རུང་ར་ སེམས་ཀྱི་རེ་ཐག་ཆད་མ་འགྱོ་ ཟེར་ཨིན་མས་བ་ཏེ།
    It’s been raining and even raindrops have stop, the drop from roof won’t stop. Even love fate terminates don’t get depress.
  • ཚེ་དབང་རྡོ་རྗེ། Tshewang Dorji
    སུང་སུང་བྱམས་པ་ལ་རུ་རུ། །ཚེར་མ་ལ་ཤིང་ལས་སྐྱེས་སོང་། ། སྐྱུ་ར་ཟེར་ན་ཕངས་སོང་། །འཐེན་མ་ཟེར་ན་མ་ཚུགས། །
    How sweet it is, The thorn has grown from tree. If you feel swore go away, If you want to hold come back.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ང་བཅས་མིག་གིས་བལྟཝ་ད་ པར་གྱི་མི་འདི་ ལེགས་པས་ཟེར་ ཨིན་ཏེ་འབད་རུང་ ཕར་གྱི་འདི་ བདག་པོ་ཡོད་ཞིནམ་ལས་ ཏེ་ད་ ཁོ་གིས་མ་པ་ལས་ར་ འཐེན་མ་ཚུགས་ཟེར་ དེ་ལས་ཏེ་ཁོ་ འ་ནཱི་སྦེ་ཨིན་ཟེར་ དཔེ་ཨིན་པས་ང་བཅས་ར་གི་ དེ་ལས་་་་་།
    When we look, we say she is beautiful but she is having owner so we lose. Is example that he lost because she is having owner so he couldn’t fulfill his aim.
  • ཚེ་དབང་རྡོ་རྗེ། Tshewang Dorji
    དཀར་ཡོལ་དཀར་སང་གཅིག་ལ། །རི་མོ་བཀྲིས་རྟགས་བརྒྱད། ། དཀར་ཡོལ་ཆག་ན་མ་གཏོགས། །རི་མོ་ཡལ་ས་མིན་འདུག །
    In the pure cup, There is eight auspicious sings. If cup broke, Other wise there is no way of fading signs.
  • ཚེ་དབང་རྡོ་རྗེ། Tshewang Dorji
    ང་བཅས་ཀྱི་ ཏེ་ད་ མ་པ་སླབ་ཐངས་འབདན་ དཀར་ཡོལ་ཟེར་སླབ་མ་གཏོགས་ ང་བཅས་ར་མི་གི་མནོ་ཐངས་འདི་ ང་གིས་ཁྱོད་མ་པ་ལས་ར་ དགའ་བའི་སེམས་འདི་ འ་ནཱི་བཟུམ་སྦེ་བཞག་ནི་མི་འོང་ཟེར་ དོན་ཚན་འདི་འ་ནཱི་ཨིན་པས། ཏེ་ད་ གཙང་མོ་འདི་ ང་བཅས་ཀྱིས་འབད་བ་ཅིན་ གཙང་མོ་གཅིག་གཅིག་ལུ་ ཨམ་སྲུ་དང་ཕོ་རྒྱ་ ཁ་ལན་རྐྱབ་སྟེ་འབད་ནི་ཡོདཔ་ཨིན། ཨིན་རུང་ ང་བཅས་ར་ དང་ཕུ་གཙང་མོ་བཏང་ཐངས་ཀྱི་ལམ་ལུགས་ འ་ནཱི་སྦེ་ཨིན་ ཞུ་ནི།། །།
    We called mind as cup, in reality we say I love you and my love for you won’t changed. Actually tsangmo is performing between opposite sex debating even then this is the form of performing tsangmo in olden days.