Video Overview
Leki Tshomo from the Daagsa village in the Mongar District sings “The Tree Above” (Yar Yar Shingmö), a song that is an expression of gratitude. This song uses the examples of the tree and the bird, and the river and the fish, to express gratitude for peace. The first stanza says the bird had a peaceful time on the tree above. However, it is not that the bird is peaceful, but rather because the bird is grateful for having a tree on which to land that it seems peaceful. Similarly, gratitude is expressed for parents’ contributions to one's peace and happiness.
ཡར་ཡར་ཤིང་མོའི་ཟེར་བའི་ གླུ་གཞས་འདི་ མོང་སྒར་རྫོང་ཁག་ དགོངས་འདུ་རྒེད་འོག་ དག་ས་གཡུས་ཚན་ལས་ ལེགས་སྐྱིད་མཚོ་མོ་གིས་འཐེནམ་མི་འདི་ དགའ་ཚོར་གྱི་གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་ནང་ ཞི་བདེའི་དགའ་ཚོར་སླབ་ནིའི་དཔྱེ་འདི་ ཤིང་དང་བྱ་ དེ་ལས་ རོང་ཆུ་དང་ཉ་ལུ་བཞགཔ་མས། དཔེར་ན་ ཚིག་བཅད་དང་པ་འདི་གིས་ བྱ་ལུ་ཤིང་གུ་སྡོད་ནིའི་དུས་ཚོད་འདི་ བྱ་ལུ་ཞི་བདེ་ཡོདཔ་མེན་པར་ ཤིང་འདི་བཀའ་དྲིན་་ཆེ་བའི་ལོ་རྒྱུས་མས། འདི་ལས་མཆུག་ལུ་ར་ རང་ལུ་ ཞབས་ཏོག་གནང་མི་ ཕམ་གཉིས་ལུ་ བཀྲིན་བསམ་ཨིན་པས།
- Mongar
- Gungdue
- ལས་སྐྱིད་མཚོ་མོ་ Leki Tshomoཡར་ཡར་ཤིང་མོའི་གཞུང་ལ། །བྱ་མོ་སྐྱིད་བུ་(པོ་)བྱུང་སོང་། །བྱ་མོ་སྐྱིད་བུ་(པོ་)བྱུང་སོང་། །
- ལས་སྐྱིད་མཚོ་མོ་ Leki Tshomoབྱ་མོ་སྐྱིད་བུ་(པོ་)མ་རེད། །ཤིང་མོ་བཀའ་དྲིན་ཆེ་སོང་། །ཤིང་མོ་བཀའ་དྲིན་ཆེ་སོང་། །
- ལས་སྐྱིད་མཚོ་མོ་ Leki Tshomoམར་མར་ཆུ་མོའི་གཞུང་ལ། །ཉ་མོ་སྐྱིད་བུ་(པོ་)བྱུང་སོང་། །ཉ་མོ་སྐྱིད་བུ་(པོ་)བྱུང་སོང་། །
- ལས་སྐྱིད་མཚོ་མོ་ Leki Tshomoཉ་མོ་སྐྱིད་བུ་(པོ་)མ་རེད། །ཆུ་མོ་བཀའ་དྲིན་ཆེ་སོང་། །ཆུ་མོ་བཀའ་དྲིན་ཆེ་སོང་། །
- ལས་སྐྱིད་མཚོ་མོ་ Leki Tshomoཕར་ཕར་གཡུས་ཀྱི་གཞུང་ལ། །སྨན་ཆུང་སྐྱིད་བུ་(པོ་)བྱུང་སོང་། །སྨན་ཆུང་སྐྱིད་བུ་(པོ་)བྱུང་སོང་། །
- ལས་སྐྱིད་མཚོ་མོ་ Leki Tshomoསྨན་ཆུང་སྐྱིད་བུ་(པོ་)མ་རེད། །ཡབ་ཡུམ་བཀའ་དྲིན་ཆེ་སོང་། །ཡབ་ཡུམ་བཀའ་དྲིན་ཆེ་སོང་།། །།