Skip to main content Skip to search
24 Oct 2017
4 min 40 sec
Video Overview
Creators: 
Rinchen Dorji

57-year-old Tenzin, from Dogar Gewog, Paro Dzongkhag, demonstrates how to cook Bhutanese rice on a traditional stove.  He cooks his meals on this stove, made out of rammed mud. The fire needs to be blown inside this stove to cook. Only a few villagers use this traditional stove now, as it has mainly been replaced by modern cooking materials such as rice cookers, curry cookers, water boilers and gas stoves. He says that modern stoves are more hygienic and easier to use than the traditional one. Since the traditional stove consumes firewood, it requires extra work for them to collect firewood and resin.

རང་ལུགས་ཀྱི་ཐབ་གུ་ ལྟོ་ག་དེ་སྦེ་འབད་དགོཔ་ཨིན་ན་ སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ལས་ སྐྱེས་ལོ་ ༥༧ ལངས་མི་ བསྟན་འཛིན་གྱིས་ དཔེ་སྟོན་འབདཝ་ཨིནམ་ད་ ཁོ་གིས་ ཁོ་རའི་བཞེས་སྒོ་འདི་ རྒྱུ་འདབ་ཀྱི་འཆམ་སྟེ་བཟོ་བའི་ རང་ལུགས་ཀྱི་ཐབ་གུ་འབདཝ་ཨིན་མས། བཞེས་སྒོ་ལེགས་ཤོམ་སྦེ་འཚོ་དགོ་པ་ཅིན་ ཐབ་ནང་མེ་ལེགས་ཤོམ་སྦེ་ བཙུགས་དགོཔ་ཨིནམ་ད་ དེང་སང་གསར་འགྱུར་གྱི་དུས་ཚོད་ཁར་ གློག་རིག་གི་ལྟོ་འབད་ནི་དང་ ཚོདམ་བཙོ་ནི་ ཆུ་ཚན་བསྐོལ་ནི་ལ་སོགས་པའི་ གློག་ཆས་ཚུ་ལུ་བརྟེན་ གཡུས་སྒོ་ནང་ རང་ལུགས་ཀྱི་ཐབ་ལག་ལེན་འཐབ་མི་ རེ་རེ་གཉིས་མ་གཏོགས་མིན་འདུག། རག་ལུགས་ཀྱི་ཐབ་ནང་ ཤིང་བཙུགས་དགོཔ་ལས་ ཤིང་འཐུ་ནི་འདི་ ལཱ་འཐེབ་ཅིག་འབདཝ་ལས་ གློག་རིག་གི་ཐབ་ཆས་འདི་ གཙང་སྦྲ་དང་བྱ་སྟབས་བདེ་ཏོག་ཏོ་སྦེ་ཚོརཝ་ཨིན་པས། 

Transcript search
No results found for this search
0 of 0
 • ལྷམ་བསྟན་འཛིན་ Lham Tenzin
  ཡ་ ཧེ་མ་རང་ ང་མེ་འཕུ་གེ་མནོ་
 • རིན་ཆེན་རྡོ་རྗེ་ Rinchen Dorji
  ཤིང་འདི་ཚུ་ཕར་ལས་རང་འཐུ་སྐྱེལཝ་ཨིན་ན་ལགས།?
 • ལྷམ་བསྟན་འཛིན་ Lham Tenzin
  ཤིང་ཡ་ལགས།?
 • རིན་ཆེན་རྡོ་རྗེ་ Rinchen Dorji
  ཨོང་ཤིང་འདི་ཚུ།
 • ལྷམ་བསྟན་འཛིན་ Lham Tenzin
  ཤིང་རི་ཁ་ལས་ཏེ།
 • རིན་ཆེན་རྡོ་རྗེ་ Rinchen Dorji
  རི་ཁ་ལས་ཡ་ལགས།?
 • ལྷམ་བསྟན་འཛིན་ Lham Tenzin
  ཨོང་ འཇམ་ཨ་ནཱ་ལས།
 • རིན་ཆེན་རྡོ་རྗེ་ Rinchen Dorji
  ཧ་ལམ་འགྱོ་གོ་ག་ལགས།
 • ལྷམ་བསྟན་འཛིན་ Lham Tenzin
  ཨོ་ཏོག་ཏོ་ཅིག་འགྱོ་དགོ
 • རིན་ཆེན་རྡོ་རྗེ་ Rinchen Dorji
  ཨེ་་་་་་་།
 • རིན་ཆེན་རྡོ་རྗེ་ Rinchen Dorji
  ཧེ་མ་ ཆུ་ཚན་བསྐོལཝ་ཨིན་ན་ལགས།?
 • ལྷམ་བསྟན་འཛིན་ Lham Tenzin
 • མཁའ་འགྲོ་ Khandu
  ད་ཡར་ཆུམ་འདི་བླུགས་ད་ཡི་སྨོ་? ད་དེ་ལས་ དཀྲུག་དགོ་སྨོ?
 • ལྷམ་བསྟན་འཛིན་ Lham Tenzin
  དཀྲོག་དགོ
 • མཁའ་འགྲོ་ Khandu
  མ་དཀྲོག་པ་ཅིན་ ག་ཅི་འབད་འོང་ག?
 • ལྷམ་བསྟན་འཛིན་ Lham Tenzin
  མ་དཀྲོགན་འ་ནཱི་[སྦོ་ཀྲོ་?]སྒོངམ་ཨིན་ལགས།
 • མཁའ་འགྲོ་ Khandu
  ཨེ་་་་་་་།
 • ལྷམ་བསྟན་འཛིན་ Lham Tenzin
  ལྟོ་འདི་རྟག་བུ་རང་འབད་བཟའ་ནི་ཡོད་ལགས་ང་ར་ར།
 • མཁའ་འགྲོ་ Khandu
  ཨེ་་་་་་།
 • ལྷམ་བསྟན་འཛིན་ Lham Tenzin
  ད་རེས་ཉ་དྲུག་འབད་ ཆང་འཐུང་འ་ནཱི་སྦེ་ བང་ཆགས་པས་ དེ་མེན་སྡོད་མི་ཆགས་པས།
 • ལྷམ་བསྟན་འཛིན་ Lham Tenzin
  ནཱ་བཞེས་གོ་འབད་མ་བཟའན་འདི་ཏེ་ལགས་ ཏེ་ཡར་ལོང་མི་ཆགས་པས་ཏེ།
 • ལྷམ་བསྟན་འཛིན་ Lham Tenzin
  འ་ནང་ལགཔ་འཁྱུ་ འ་ནཱི་འབདཝ་ད་ ཆུ་ཚན་དྲོད་ཨིན་ལགས་ ཨ་ཕི་ནང་།
 • མཁའ་འགྲོ་ Khandu
  འ་ཡི་ མིང་ག་ཅི་སླབ་སྨོ? བསྐོལ་ཐབ་ཨིན་སྨོ?
 • ལྷམ་བསྟན་འཛིན་ Lham Tenzin
  ཨིན་ ཨཕི་འདི་བསྐོལ་ཐབ་སླབ་ཨིན།
 • མཁའ་འགྲོ་ Khandu
  ཨེ་་་་་་་།
 • ལྷམ་བསྟན་འཛིན་ Lham Tenzin
  འ་ནཱི་འདི་ ཨ་ནཱི་ནང་ང་ཆུ་ཚན་བསྐོལ་སྦེ་ལགཔ་དང་འ་ནཱི་འཁྱུ་ནི་ཨིན་ ཨ་པི་ནང་། ཇ་འ་ནཱི་ནང་བསྐོལ་ ཚོདམ་འ་ནཱི་ ལྟོ་འ་ནཱི་ནང་།
 • ལྷམ་བསྟན་འཛིན་ Lham Tenzin
  འ་ནཱི་ནང་འ་ནཱི་ཕག་པའི་གི་དང་ནོར་གི་འ་ནཱི་བཙོ་འོང་ལགས། ཐབ་སྒོ་ཅནམ་སླབ་འོང་བ་ ཏེ་འ་ནཱི་ཐབ་སྒོ་ལྔམོ་འདི་འ་ནཱ་བཞེས་སྒོ་འབད་འོང་ པུ་ར་(ག་ར་)འ་ནཱི་ནང་།
 • ལྷམ་བསྟན་འཛིན་ Lham Tenzin
  དེམ་འ་ནི་ནང་མེ་བཞག་བཀལ་ ཏེ་འ་ནཱི་གིས་ཏེ་ དུ་པ་ ཏེ་གློག་མེ་མེད་ དང་ཕུ་འདི་ཏེ་ དེ་འབད་རང་ཏེ།
 • མཁའ་འགྲོ་ Khandu
  ད་འབད་ན་ ལྟོ་ཚོ་དོ་སྨོ་ཤིག?
 • ལྷམ་བསྟན་འཛིན་ Lham Tenzin
  ཚོ་དོ་ལགས། སྤ་ད་ ད་རུང་ཤིང་བཙུགས་དགོ་པས་ ཤིང་སྐམ་བཙུགས་པའི་བསྒང་ལས།
 • མཁའ་འགྲོ་ Khandu
  ལྟོ་འདི་འ་ནང་ཞིམ་ ཟེར་སླབ་མས་སྨོ་ལགས? རོགས་ཐབ་གུ།
 • ལྷམ་བསྟན་འཛིན་ Lham Tenzin
  ནི་ནང་གི་ཞིམ་མས་ལགས་ ཞིམ་ནི་འདི་ཨ་ཙི།
 • མཁའ་འགྲོ་ Khandu
  ཨ་ཕི་ཐབ་ཀྱི་གདོང་ཁ་གི་འདི་ལུ་ག་ཅི་སླབ་སྨོ་ལགས།?
 • ལྷམ་བསྟན་འཛིན་ Lham Tenzin
  ག་འདི།
 • མཁའ་འགྲོ་ Khandu
  ་་་་་་ ཨོང་འ་ནཱི་ལུ།
 • ལྷམ་བསྟན་འཛིན་ Lham Tenzin
  དེ་འདི་ [བཟློག་ཐབས་?]ཨིན་མས་ཏེ་ཐབ་ཀྱི་ ཏེ་དེ་ལས་འ་ནཱི་ཐབ་ཀྱི་མེ་སྐྱོར་ ཟེར་སླབ་ཨིན་ འ་ནཱི་འདི།
 • མཁའ་འགྲོ་ Khandu
  ཨེ་་་ མེ་སྐྱོར་ཟེར་ ག་ཅི་འབད་སླབ་ཨིན་ན་མ་ཤེས་མེ་སྐྱོར་ཟེར།
 • ལྷམ་བསྟན་འཛིན་ Lham Tenzin
  མེ་སྐྱོར་ཟེར་སླབ་ཨིན་ འ་ནཱི་ ཨོང་ ཁ་གིས་མེ་སྐྱོར་ ཏེ་འ་ནཱི་ན་ལས་ཕར་[བཟློག་ཐབས་?]འ་ནཱི་ཨིན། དེ་འདི་མེ་ཚུར་འ་ནཱི་མི་འོང་ནི་གི་མས་སྨོ་ཤིག? ད་ཤིང་འབདན་ ཏེ་མེ་མཆེད་འོང་བ་ཏེ་ ཏེ་འ་ནཱི་རྡོ་འདི་ཁ་ལུ་འདི་ མེ་མི་འབར་བ་ཏེ་ འ་ནཱི་ཚུ།
 • མཁའ་འགྲོ་ Khandu
  ད་ཚོ་དོ་མེན་ན་ལྟོ་འདི།
 • ལྷམ་བསྟན་འཛིན་ Lham Tenzin
  ལྟོ་ཚོ་དོ་ འཇར་ཁུ་བཙག་བཀོ་དགོ་པས།
 • མཁའ་འགྲོ་ Khandu
  འཇར་ཁུ་མ་བཙག་པ་ཅིན་ ག་ཅིག་འབད་འོང་?
 • ལྷམ་བསྟན་འཛིན་ Lham Tenzin
  ཨེ་་་་་ འཇར་ཁུ་མ་བཙག་པ་ཅིན་མི་བཏུབ་བ་ཏེ་ལགས་ ལྟོ་པུ་ར་(ག་ར་)ཚོ་ཐལ་མྱོ་འོང་ ཏེ་ཨེ་ཧེ་ཧི་ འཇར་ཁུ་བཙག་ ད་རུང་ ཡར་ཨ་ཙི་ཉལ་བཅུག་དགོ་ལགས། འཇར་ཁུ་བཙག
 • ལྷམ་བསྟན་འཛིན་ Lham Tenzin
  དེ་ལསན་ཐུགཔ་བཙོ་བ་ཅིན་ ཏེ་འ་ནཱི་འབད་ ཆུ་མ་སྐམ་པར་རང་བཙོ་དགོ་སྨོ་ང་བཅས། ཏེ་ལྟོ་འདི་འཇར་ཁུ་མ་བཙགན་ ཏེ་པུ་ར་(ག་ར་) འ་ནཱི་[ཧད་ཀ?]་ཡར་མྱོ་འོང་ལགས།
 • ལྷམ་བསྟན་འཛིན་ Lham Tenzin
  ལེགས་པས་གོ
 • མཁའ་འགྲོ་ Khandu
  ཨེ་་་་་།
 • མཁའ་འགྲོ་ Khandu
  དོ་རུང་ ཡར་བཀལ་དགོ་པས་སྨོ་? འཇར་ཁུ་བཙགས་སྦེ།
 • ལྷམ་བསྟན་འཛིན་ Lham Tenzin
  སྤ་་་་ ཉལ་བཅུག་དགོ་པ་ཏེ་ལགས།
 • ལྷམ་བསྟན་འཛིན་ Lham Tenzin
  ད་གནམ་མེད་ས་མེད་ མེ་རྐྱབ་ནི་མེད།
 • མཁའ་འགྲོ་ Khandu
  ཨིན་ན་ མེ་རྐྱབ་པ་ཅིན་ ག་ཅི་འབད་འོང་ ཏེ་ད།
 • ལྷམ་བསྟན་འཛིན་ Lham Tenzin
  ཏེ་འཚིག་འགྱོ་འོང་ ཏེ་ཆུ་སྐམ་སྟེ།
 • མཁའ་འགྲོ་ Khandu
  ཨེ་་་་་།
 • ལྷམ་བསྟན་འཛིན་ Lham Tenzin
  ཏེ་ཆུ་མར་བཙགས་ [ལྟོ་ཚར་ཅིག་ཟེམ་?]དགོ་ཏེ་ལགས།
 • མཁའ་འགྲོ་ Khandu
  ཨེ་་་། ཚར་ཅིག་སློང་དགོ་པས་སྨོ?
 • ལྷམ་བསྟན་འཛིན་ Lham Tenzin
  སྤ་་་་་་ སློང་པའི་བསྒང་ལས་པ་ཀ་སྡོད་འོང་བ་ཏེ་ལགས།
 • རིན་ཆེན་རྡོ་རྗེ་ Rinchen Dorji
  ལྟོ་འདི་ཧ་ལམ་ཚོ་ཡི་སྨོ་ལགས།
 • ལྷམ་བསྟན་འཛིན་ Lham Tenzin
  ལྟོ་འབད་ཚར་ཡི་ལགས།
 • རིན་ཆེན་རྡོ་རྗེ་ Rinchen Dorji
  ཨེ་་།
 • ལྷམ་བསྟན་འཛིན་ Lham Tenzin
  འཇར་ཁུ་བཙག། །།