Skip to main content Skip to search
01 Sep 2018
4 min 50 sec
Video Overview
Creators: 
Duptho, Sonam Chophel

Sangay Dorji from Sakteng Gewog (county) in Trashigang district, sings a popular Boedra song. It is an aspiration song for auspiciousness and prosperity in one's life through the supplication and calling of the four directional Buddhas: Dorji Sempa (Vajrasattva), the Buddha of the East; Rinchen Jungney (Ratnamsamvhava), the Buddha of the South; Nawa Thaye (Amitabah), the Buddha of the West; and Nampar Nangzey (Vairochana), the Buddha of the North. Each Buddha has its own duties and responsibilities for the protection of all sentient beings. Thus the song summons help from the Buddhas for the welfare of all living beings.

༉  བཀྲ་ཤིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ལས་ སངས་རྒྱས་རྡོ་རྗེ་གིས་འཐེན་མི་བོད་སྒྲའི་གླུ་གཞས་ ཤོག་ཤོག་ཉི་མ་ཤར་གྱི་ཕྱོགས་ལ་བཀྲ་ལ་ཤིས་པར་ཤོག །ཟེར་མི་འདི་ སྤྱིར་བཏང་ ཚིག་གི་ཁ་ཐུག་ལས་མནོ་བསམ་བཏང་པ་ཅིན་ འབྲུག་རྒྱལ་ཁབ་ནང་ཡོངས་གྲགས་ཅན་ཅིག་ཨིནམ་ད་ གདངས་དབྱངས་ཁ་ཐུག་ལས་མནོ་བསམ་བཏང་པ་ཅིན་ རྒྱལ་ཁབ་ནང་ཡོངས་གྲགས་གནམ་མེད་ས་མེད་ཅིག་ར་མེད་མི་ཅིག་ཨིན་པས། གླུ་གཞས་འདི་ བཀྲ་ཤིས་པ་དང་གཡང་ཆགས་པའི་ཕྱིར་དུ་ ཤར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྒྱལ་བ་རིགས་ལྔཔོ་གི་མཚན་ཚུ་བཙུགས་ཏེ་ སྨོན་འདེབས་ཀྱི་ཚུལ་སྦེ་འཐེན་པའི་གླུ་གཞས་ཅིག་ཨིན་པས།

Transcript search
No results found for this search
0 of 0
  • སངས་རྒྱས་རྡོ་རྗེ
    ཤོག་ཤོག ཉི་མ་ལ་ཤར་གྱི་ཕྱོགས་ལ།།བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
    ཤར་ན་ལ་རྡོ་རྗེ་སེམས་དཔའ། །བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
  • སངས་རྒྱས་རྡོ་རྗེ
    ཤོག་ཤོག ཉི་མ་ལ་ལྷོ་ཡི་ཕྱོགས་ལ།།བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
    ལྷོ་ན་ལ་རིན་ཆེན་འབྱུང་གནས། །བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
  • སངས་རྒྱས་རྡོ་རྗེ
    ཤོག་ཤོག ཉི་མ་ལ་ནུབ་ཀྱི་ཕྱོགས་ལ།།བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
    ནུབ་ན་ལ་ སྣང་བ་མཐའ་ཡས། །བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
  • སངས་རྒྱས་རྡོ་རྗེ
    ཤོག་ཤོག ཉི་མ་ལ་བྱང་གི་ཕྱོགས་ལ།།བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
    བྱང་ན་ལ་ དོན་ཡོད་གྲུབ་པ། །བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
  • སངས་རྒྱས་རྡོ་རྗེ
    ཤོག་ཤོག ཉི་མ་ལ་དབུས་ཀྱི་་ཕྱོགས་ལ།།བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །
    དབུས་ན་ལ་ རྣམ་པར་སྣང་མཛད། །བཀྲ་ལ་ཆགས་པར་ཤོག་ ཤོག །གཡང་ལ་ཆགས་པར་ཤོག་ཤོག །