Skip to main content Skip to search
31 Dec 2013
28 min 7 sec
Video Overview
Creators: 
Unknown

འཐག་ལས་ལག་རྩལ་ནི་བོད་ཁུལ་གྱི་ཆེས་སྲོལ་རྒྱུན་གྱི་གནའ་བོའི་ལག་རྩལ་ཞིག་ཡིན་ལ། དུས་རྒྱུན་འཐག་ལས་ལག་རྩལ་རྒྱུན་འཛིན་བྱེད་མཁན་ནི་བོད་ཀྱི་བུད་མེད་རྣམས་ཡིན། སྔོན་གྱི་དུས་སུ་རོང་འབྲོག་ཁུལ་གྱི་བུད་མེད་རྣམས་ལ་ཁོམ་ལོང་རེ་བྱུང་ཚེ་ཕང་འཁེལ་བ་དང་སྐུད་པ་བཀལ་ཏེ་འཐག་ལས་ལ་སྔོན་འགྲོའི་གྲ་སྒྲིག་བྱེད་པ་དང་། སྐུད་པ་བཀལ་ཏེ་ཚད་ངེས་ཅན་ཞིག་ལ་ལོངས་རྗེས། དངོས་སུ་འཁེལ་འཐག་གི་ལས་ལ་འཇུག་པ་རེད། འཁེལ་འཐག་ནི་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། འཁེལ་ཐག་ལག་རྩལ་ལ་བརྟེན་ནས་སྦྲ་ནག་དང་སྒྱེ་མོ། ཡོལ་བ། པང་གདན། སྣམ་བུས་བཟོས་པའི་ཕྲུག་ལྭ་སོགས་ཉེར་མཁོའི་ཡོ་བྱད་སྣ་ཚོགས་བཟོ་བ་རེད། བརྙན་ཐུང་འདིར་ཁམས་ཕྱོགས་སྡེ་དགེའི་ཡུལ་གྱི་རྫོང་སར་ས་ཆའི་བོད་རིགས་བུད་མེད་རྣམས་ཀྱིས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་འཁེལ་འཐག་བྱེད་པའི་བརྒྱུད་རིམ་རྣམས་ཞིབ་མོར་བཀོད་ཡོད་པ་དང་། དེ་འབྲེལ་སྲོལ་རྒྱུན་ལག་རྩལ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་བུད་མེད་འཐག་མཁན་རེ་གཉིས་ལ་ཁ་བརྡའི་ཚུལ་བཅར་འདྲི་ཡང་བྱས་ཡོད། ང་ཚོས་བརྙན་ཐུང་འདི་བརྒྱུད་ནས་སྲོལ་རྒྱུན་འཐག་ལས་ལག་རྩལ་གྱི་གོ་རིམ་ཞིབ་མོ་ཞིག་མཐོང་ཐུབ་པ་དང་། བཅར་འདྲི་དང་འབྲེལ་ཏེ་རྫོང་སར་ཡུལ་སྲོལ་རྒྱུན་འཐག་ལས་ལག་རྩལ་གྱི་ལོ་རྒྱུས་དང་བྱུང་བ། འཐག་ལས་ཀྱི་ལག་ཆ་སོགས་ལ་རྒྱུས་ལོན་ཞིབ་མོ་ཞིག་བྱེད་ཐུབ།