02 Apr 2019
1 min 32 sec
Video Overview
Creators:
Tibetan and Himalayan Library
An improvised Tibetan nomadic folk song of promoting courteousness called Three Auspicious Assemblies.
The song lyrics in this video include the following:
The place of Kabar Taktsé in Ka Yarzé
On the top of this featured place
Saw three lakes from far away:
The Great Lake, the God's Lake and Turquoise Rich Lake
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་བཀྲ་ཤིས་གསུམ་འཛོམས་ཞེས་པའི་བསྒྲིགས་གླུ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། རྐ་ཡར་ཟད་རྐ་བར་སྟག་རྩེ། གནས་ཁྱད་པར་ཅན་པོའི་རྩེ་ནས། སྟོད་ཡུལ་ན་མཚོ་གསུམ་རིག་གི མཚོ་གོང་མ་བླ་མཚོ་གཡུ་མཚོ་ཕྱུག་མོ།
在安多邛溪壤噶地区广为流传的传统藏族牧民自编歌:吉祥三宝
视频中的歌词一部分以如下:
卡亚泽的卡巴塔采地方
在这个特色的地方顶部
能看到远方的三个湖:
皇帝湖、神圣湖和绿松湖
- རྐ་ཡར་ཟད་རྐ་བར་སྟག་རྩེ།
- གནས་ཁྱད་པར་ཅན་པོའི་རྩེ་ནས།
- སྟོད་ཡུལ་ན་མཚོ་གསུམ་རིག་གི
- མཚོ་གོང་མ་བླ་མཚོ་གཡུ་མཚོ་ཕྱུག་མོ།
- མཚོ་བར་མ་མཚོ་སྔོན་ཁྲི་ཤོར་རྒྱལ་མོ།
- མཚོ་ཞོལ་མ་བལ་བོའི་མཚོ་ཆེན།
- མཚོ་དེ་གསུམ་ཁ་ན་ཤིང་གསུམ།
- ཤིང་གོང་མ་ཙན་ཏན་སྡོང་བོ།
- ཤིང་བར་མ་ལྷ་ཤིང་ཤུག་པ།
- ཤིང་ཞོལ་མ་རྒྱ་སྙུག་ཚིགས་དྲུག
- ཤིང་དེ་གསུམ་མགོ་ན་བྱ་གསུམ།
- བྱ་གོང་མ་ཀ་ལ་པིང་ཀ
- བྱ་བར་མ་རྨ་བྱ་སྒྲོ་ཡག
- བྱ་ཞོལ་མ་ཁུ་བྱུག་སྔོན་མོ།
- བྱ་དེ་གསུམ་སྐེ་ན་གཡུ་གསུམ།
- གཡུ་གོང་མ་བོད་གཡུ་ལྗང་ལོ།
- གཡུ་བར་མ་སོག་གཡུ་ལྗང་དར།
- གཡུ་ཞོལ་མ་རྒྱ་གཡུ་སོག་དཀར།
- གཡུ་དེ་གསུམ་མགོ་ན་དར་གསུམ།
- དར་གོང་མ་ཆོས་དར་དོན་འགྲུབ།
- དར་བར་མ་སྐྱེ་ཆེན་ཉི་ཟླ་སྐར་གསུམ། [00: 00:49.398]དར་ཞོལ་མ་འཛམ་གླིང་ཞི་བདེ་གངས་སེང་ས་སྒང་དར་ཆ།
- དར་དེ་གསུམ་འཛོམས་པའི་སྐལ་བ་བཟང་པོར་བཀྲ་ཤིས་ཤོག