Video Overview
Norbu Chojey from Maenjiwong village in Serthig Gewog (county) in Samdrupjongkhar Dzongkhag (district), sings a Boedra song with four stanzas describing the five directional Buddhas. The song also speaks of two figures Ling Gesar Pawo and Tepai Gyeltshen.
བསམ་ལྗོངས་མཁར་ཆ་འོག་ སྨན་ཇི་འུང་ བར་ཀ་ལང་ནང་ལས་ བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་གིས་ ག་ནི་བ་སྤྲོ་བ་ཆེ་ཏོག་ཏོ་འབད་དེ་ ལེའུ་དང་བཅསཔ་སྦེ་ཞབས་བྲོ་ཅིག་འཁྲབ་སྟེ་ཡོད་མི་འདི་ འབྲུག་གི་གླུ་གཞས་ཀྱི་ནང་གསེས་ལས་ བོད་སྒྲའི་གྱལ་ཁར་ཚུདཔ་ཨིནམ་ད་ ལེའུ་རེའི་ནང་ ཕྱོགས་བཞི་ནང་བཞུགས་པའི་རྒྱལ་བ་རིགས་ལྔའི་མཚན་རེ་དང་བཅསཔ་སྦེ་འཐེན་ནི་འདུག དེ་ཡང་ བསྟན་པའི་རྒྱལ་མཚན་མི་བཙུགས། །བསྟན་པའི་རྒྱལ་མཚན་བཙུགས། །ཉི་མ་ཤར་གྱི་ཕྱོགས་ལ་ཡ། །ཤར་ན་རྡོ་རྗེ་སེམས་དཔའ། །ཉི་མ་ཤར་གྱི་ཕྱོགས་ལ་ཡ། །གཡས་ལས་དཔའ་བོ་གཅིག་གིས་བྲོ་ལ་ཅིག་འཆམ་ན། །གཡོན་ལས་དཔའ་མོ་གཉིས་ཀྱིས་བྲོ་ལ་གཉིས་འཆམ་ན། །དཔའ་བོ་གེ་སར་རྒྱལ་པོས་བྲོ་ལ་གསུམ་འཆམ་ན། །རྒྱ་ནག་རྒྱལ་པོའི་གླུ་གར་ལ་ཡིད་ཆེས་བསྐྱེད་ཟེར་ དེ་སྦེ་ཤར་ལྷོ་ནུབ་བྱང་བསྐོར་ར་རྐྱབ་སྟེ་ར་འཐེནམ་ཨིན་པས།
- བསྟན་འཛིན་ཚེ་རིང་དང་ ཆ་རོགས་ཚུ་ Tenzin Tshering & Friendsབསྟན་པའི་རྒྱལ་མཚན་མི་བཙུགས། །བསྟན་པའི་རྒྱལ་མཚན་མི་བཙུགས། །ཉི་མ་ཤར་གྱི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsཤར་དང་(ན་)རྡོ་རྗེ་ལ་སེམས་དཔའ། །ཤར་དང་(ན་)རྡོ་རྗེ་སེམས་དཔའ། །ཉི་མ་ཤར་གྱི་ཕྱོགས་ལ་ཡ་ལ།
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsགཡས་ལས་དཔའ་བོ་གཅིག་གིས་བྲོ་ལ་གཅིག་འཆམ་ན། །གཡོན་ལས་དཔའ་མོ་གཉིས་ཀྱིས་བྲོ་ལ་གཉིས་འཆམ་ན། །དཔའ་བོ་གེ་སར་རྒྱ་པོས་བྲོ་ལ་གསུམ་འཆམ་ན། །རྒྱ་ནག་རྒྱ་པོས་གླུ་གར་ལ་ཡིད་ཆེས་དོ། །
- བསྟན་འཛིན་ཚེ་རིང་དང་ ཆ་རོགས་ཚུ་ Tenzin Tshering & Friendsབསྟན་པའི་རྒྱལ་མཚན་མི་བཙུགས། །བསྟན་པའི་རྒྱལ་མཚན་མི་བཙུགས། །ཉི་མ་ལྷོ་གི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsལྷོ་དང་(ན་)རིན་ཆེན་འབྱུང་གནས། །ལྷོ་དང་(ན་)རིན་ཆེན་འབྱུང་གནས། །ཉི་མ་ལྷོ་གི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsགཡས་ལས་དཔའ་བོ་གཅིག་གིས་བྲོ་ལ་གཅིག་འཆམ་ན། །གཡོན་ལས་དཔའ་མོ་གཉིས་ཀྱིས་བྲོ་ལ་གཉིས་འཆམ་ན། །དཔའ་བོ་གེ་སར་རྒྱ་པོས་བྲོ་ལ་གསུམ་འཆམ་ན། རྒྱ་ནག་རྒྱ་པོས་གླུ་གར་ལ་ཡིད་ཆེས་དོ། །
- བསྟན་འཛིན་ཚེ་རིང་དང་ ཆ་རོགས་ཚུ་ Tenzin Tshering & Friendsབསྟན་པའི་རྒྱལ་མཚན་མི་བཙུགས། །བསྟན་པའི་རྒྱལ་མཚན་མི་བཙུགས། །ཉི་མ་ནུབ་ཀྱི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsནུབ་དང་(ན་)སྣང་བ་མཐའ་ཡས། །ནུབ་དང་(ན་)སྣང་བ་མཐའ་ཡས། །ཉི་མ་ནུབ་གྱི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsགཡས་ལས་དཔའ་བོ་གཅིག་གིས་བྲོ་ལ་གཅིག་འཆམ་ན། །གཡོན་ལས་དཔའ་མོ་གཉིས་ཀྱིས་བྲོ་ལ་གཉིས་འཆམ་ན། །དཔའ་བོ་གེ་སར་རྒྱ་པོས་བྲོ་ལ་གསུམ་འཆམ་ན། རྒྱ་ནག་རྒྱ་པོས་གླུ་གར་ལ་ཡིད་ཆེས་དོ། །
- བསྟན་འཛིན་ཚེ་རིང་དང་ ཆ་རོགས་ཚུ་ Tenzin Tshering & Friendsབསྟན་པའི་རྒྱལ་མཚན་མི་བཙུགས། །བསྟན་པའི་རྒྱལ་མཚན་མི་བཙུགས། །ཉི་མ་བྱང་གི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsབྱང་དང་(ན་)དོན་ཡོད་ལ་གྲུབ་པ། །བྱང་དང་(ན་)དོན་ཡོད་གྲུབ་པ། །ཉི་མ་བྱང་གི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsགཡས་ལས་དཔའ་བོ་གཅིག་གིས་བྲོ་ལ་གཅིག་འཆམ་ན། །གཡོན་ལས་དཔའ་མོ་གཉིས་ཀྱིས་བྲོ་ལ་གཉིས་འཆམ་ན། །དཔའ་བོ་གེ་སར་རྒྱ་པོས་འགྲོ་ལ་གསུམ་འཆམ་ན། རྒྱ་ནག་རྒྱ་པོས་གླུ་གར་ལ་ཡིད་ཆེས་དོ། །
- བསྟན་འཛིན་ཚེ་རིང་དང་ ཆ་རོགས་ཚུ་ Tenzin Tshering & Friendsབསྟན་པའི་རྒྱལ་མཚན་མི་བཙུགས། །བསྟན་པའི་རྒྱལ་མཚན་མི་བཙུགས། །ཉི་མ་དབུས་ཀྱི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsདབུས་དང་(ན་)རྣམ་པ་ལ་སྣང་མཛད། །དབུས་དང་(ན་)རྣམ་པར་སྣང་མཛད། །ཉི་མ་དབུས་ཀྱི་ཕྱོགས་ལ་ཡ་ལ། །
- བསྟན་འཛིན་ཚེ་རིང་དང་ཆ་རོགས་ཚུ་ Tenzin Tshering & Friendsགཡས་ལས་དཔའ་བོ་གཅིག་གིས་བྲོ་ལ་གཅིག་འཆམ་ན། །གཡོན་ལས་དཔའ་མོ་གཉིས་ཀྱིས་བྲོ་ལ་གཉིས་འཆམ་ན། །དཔའ་བོ་གེ་སར་རྒྱ་པོས་བྲོ་ལ་གསུམ་འཆམ་ན། རྒྱ་ནག་རྒྱ་པོས་གླུ་གར་ལ་ཡིད་ཆེས་དོ། །
- བསྟན་འཛིན་ཚེ་རིང་ Tenzin Tsheringལགས་སོ་ལགས།། །།