Video Overview
Lebé is a popular Bhutanese song and dance that is performed at the end of festive and celebratory occasions throughout Bhutan. Lebé is performed as the final dance and song and all the guests and participants are requested to join in. The main lyrics of Lebé may vary from singer to singer and region to region but they are all sung in the same long tune.
འབྲུག་རྟེན་འབྲེལ་ལུ་མངའ་བརྙེས་པ་ཟེར་ ང་བཅས་ར་འབྲུགཔ་འདི་ཚུ་གིས་ ལཱ་ག་ཅི་འབད་རུང་ འགོ་མ་བཙུགས་པའི་ཧེ་མ་ར་ རྟེན་འབྲེལ་ཅིག་བརྩི་ཞིནམ་ལས་རྐྱངམ་ཅིག་ ལཱ་འདི་འགོ་བཙུགསཔ་ཨིནམ་ད་ དེ་བསྒང་ ལེགས་པའི་ལེགས་བཤད་ཀྱི་ཚིག་ཚུ་སླབ་ནི་ཡོད། ཏེ་ལེགས་བཤད་ཀྱི་ཚིག་ཚུ་ སྤྱིར་བཏང་སྐད་ཀྱི་གདངས་སྦེ་ ཞབས་བྲོ་བཟུམ་སྦེ་འཐེན་མ་དགོ་པར་ སྐབས་ཐོབ་ཀྱི་སྟབས་བདེ་ཧིང་དང་འཁྲིལ་ ཁ་བཤད་སྦེ་ཡང་ སླབ་ནི་ཡོདཔ་ད་ ལེགས་བཤད་ཀྱི་ཁ་བཤད་ཚུ་ མི་རིག་པ་ཅན་ཚུ་གིས་བརྩམས་ཡོདཔ་མ་ཚད་ ལ་ལུ་ཅིག་ང་བཅས་རའི་དང་ཕུའི་ ཕམ་རྒས་ཤོས་ཚུའི་ ཁ་རྒྱུན་ལས་བརྒྱུད་དེ་ འོང་འོངམ་ཡང་ལེ་ཤ་ཡོད།
- པ་སངས། Passangཤིང་ནགས་ཤིང་སྦུང་གི་ཁག་ཤིང་ །ཕྱི་ཁག་ཤིང་མཛེར་པ་མི་དགོ ། ཕྱི་ཁག་ཤིང་མཛེར་པ་དགོནི། །མཛེར་པ་ཏྭ་རེ་གཡབ་ནི། །
- པ་སངས། Passangཏྭ་རེ་གྱི་ཤོག་རྐྱབ་ནི། །གྱི་ཤོག་པ་ཏྲ་བརྐོ་ནི། ། ཚེས་བཅོ་ལྔ་གནམ་གང་དགུ་སྟོང་གསུམ། །ངེའི་ལྷ་མོའི་སྒོ་ཤིང་བསྒྲིགས་ནི། །
- པ་སངས། Passangརང་དང་འཆམ་རེ་འཆམ་ཚེ། །རང་དང་མཐུན་རེ་མཐུན་ཚེ། ། སྤོས་དང་མར་མེ་འབག་སྟེ། །ངེའི་ལྷ་མོའི་སྒོ་ཤིང་མཇལ་ཤོག་མས། །
- པ་སངས། Passangརྒྱུ་མཚན་བརྟན་པའི་ཨ་ལོ་གཅིག། །བཟང་ཁར་བཞེངས་པའི་བཟོ་གཉིས། ། ཡོན་ཁྱབ་འཕུལ་བའི་དཀོན་གཉེར་གསུམ། །འཛོམས་ས་མཆོད་ཁྲིའི་རྩ་བར་ཨིན། །