08 Dec 2016
1 min 22 sec
Video Overview
Creators:
Tibetan & Himalayan Library, 雪域图书馆
ཨ་ཡེས་ཀྱི་མགོ་ཡི་སྐྲ་ལོ་གཟེངས་བ་དེས་རང་དང་ཆུང་བའི་བྱིས་པ་ནག་རིལ་བ་དེ་ཡར་ལ་འདེད་བཞིན་མར་ལ་འདེད་བཞིན་ཡོད་ཅེས་པ་དེའོ།།
འདི་ནི་འབྲོག་པའི་འཚོ་བ་མཚོན་པའི་གོ་རིམ་ཁྲོད་ཀྱི་ཆ་ཤས་ཤིག་སྟེ། ཨ་ཡེས་སྐྲ་གཟེངས་མ་ཞེས་པ་ནི་སྡུད་མ་ཡིན་ལ། སྡུད་མ་དེ་དངོས་གནས་སྐྲ་ལོ་གཟེངས་བའི་ཨ་ཡེ་རྒན་མོ་ཞིག་དང་ཅིས་མི་འདྲ་ཨང་། སྡུད་མས་རིལ་མ་ཕྱགས་མ་དེ་ནི་ཨ་ཡེས་རྒན་མོ་གང་དེས་བྱིས་པ་ནག་རིལ་བོ་དེ་དག་ཡར་འདེད་མར་འདེད་བྱེད་པ་དང་གཉིས་སུ་མ་མཆིས་ཞེས་པ་དེའོ།།
这则谜语描述了人们用扫把打扫羊粪的情景。
这是一则描述关于牧区生活的谜语。谜面中所述的头发散乱的老婆婆说的是扫把,黑黑的小孩描述的是羊粪,表达的是用扫把扫除羊粪的情景,将这个比喻成头发散乱的老婆婆追赶黑小孩。
This riddle compares two different daily activities: sweeping the floor, and chasing small children.
- ཨ་ཡེ་སྐྲ་གཟེངས་མས།An old lady's hair stands straight up,
- བྱིས་པ་ནག་རིལ་མ།and she chases dark, round children
- ཡར་འདེད་མར་འདེད་བྱས་ཅི་ཁེད།this way and that way. What is this?
- གབ་ལན་ནི་རིལ་མ་ཕྱགས་པའི་དོན་རེད།The answer is ultimately the act of sweeping up sheep dung.
- ཨ་ཡེ་སྐྲ་གཟེངས་མ་ནི་ཕྱགས་མ་དང་The old lady's hair that stands up is a broom, and
- བྱིས་པ་ནག་རིལ་མ་ནི་རིལ་མ་རེད།the dark, round children are dung pellets.
- ཕྱགས་མས་རིལ་མ་ཡར་མར་ལ་A broom chasing dung pellets this way and that
- ཕྱགས་པ་དེ་བརྗོད་ཡོད།describes the action of sweeping.