Video Overview
In this video, a group of women from Tshangkha village perform the song and dance “The Sun Rises” (Nyima Drölma Mishar) during the celebrations of the annual Trongsa Festival. The song describes Samye Monastery in Tibet. The lyrics say that the monastery’s golden roofs are bathed by the rays of the sun; externally, the monastery is surrounded by imposing walls; and internally, it is filled with precious jewels. In sum, the song talks about the sacredness of the Samye Monastery.
གླུ་གཞས་འཐེན་མི་ཚུ་དང་འཁྲིལ་བ་ཅིན་ གླུ་གར་འདི་ ཚེས་བཅུ་དང་ལོ་མཆོད་ཚུ་ བཏང་བའི་སྐབས་སུ་ གཡུས་ཁའི་རྒས་ཤོས་ཚུ་ལས་ ལྷབ་ཅི་ཟེར་ཨིན་པས། གླུ་གར་འདི་ ཀྲོང་གསར་གྱི་ལོ་བསྟར་ཚེས་བཅུའི་སྐབས་སུ་ ཚང་ཁ་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་ གཞུང་སྒྲའི་སྒྲིག་བཀོད་ནང་སྦེ་རྐྱབ་ཨིནམ་ད་ གླུ་གཞས་འདི་གིས་ བོད་ལྷ་ས་གཙུག་ལག་ཁང་གི་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། ཏེ་འདི་ནང་ གཙུག་ལག་ཁང་གི་གསེར་ཏོག་འདི་ ཉིམ་གྱི་འོད་ཀྱི་གང་ཡོདཔ་ད་ ཕྱི་ལུ་གསེར་གྱི་བསྐོར་བ་མ་ཚད་ ནང་ལ་ནོར་བུའི་གངས་ཡོདཔ་ལས་ ལྷ་ཁང་འདི་ གནམ་མེད་ས་མེད་ རྩ་ཆེ་བའི་སྐོར་ལས་ སླབ་ཨིན་པས།
- Trongsa
- ཚང་ཁའི་ཨམ་སྲུ་ཚུ།ཉི་མ་སྒྲོལ་མ་མི་ཤར། །ཉི་མ་སྒྲོལ་མ་ཤར། །བསམ་ཡས་ཕོ་བྲང་གི་རྩེ་ལས་ཤར། །
- ཚང་ཁའི་ཨམ་སྲུ་ཚུ།ཕྱི་ལ་ལྕགས་རི་བསྐོར་སོང་། །ནང་ལ་ནོར་བུ་བཞུགས། །བསམ་ཡས་ནོར་བུ་ཅིག་བཞུགས། །
- ཚང་ཁའི་ཨམ་སྲུ་ཚུ།དགུང་སངས་མཐོན་པོའི་ཕྱོགས་ལ་ཁྲི། །ཁྲི་གདུགས་གཡས་ལས་བཞུགས། །བསམ་ནས་ཞོ་ཞལ་གཡོན་ལས་བཞུགས། །
- ཚང་ཁའི་ཨམ་སྲུ་ཚུ།ཁྲི་གདུགས་ཞོ་ཞལ་གཉིས་ཀུ་བཀྲ། །བཀྲ་ལ་ཤིས་པར་ཤོག །བསམ་ནས་གཡང་ལ་ཆགས་པར་ཤོག །
- ཚང་ཁའི་ཨམ་སྲུ་ཚུ།གངས་སྟོད་མཐོན་པོའི་ཕྱོགས་ལ་དར། །དར་སེང་གཡས་ལས་བཞུགས། །བསམ་ནས་གཡུ་རལ་གཡོན་ལས་བཞུགས། །
- ཚང་ཁའི་ཨམ་སྲུ་ཚུ།དར་སེང་གཡུ་རལ་གཉིས་ཀ་བཀྲ། །བཀྲ་ལ་ཤིས་པར་ཤོག །བསམ་ནས་གཡང་ལ་ཆགས་པར་ཤོག །
- ཚང་ཁའི་ཨམ་སྲུ་ཚུ།རྫོང་ཆེན་ཁྲ་ཕོའི་ཕྱོགས་ལ། །དབང་ཆེན་གཡས་ལས་བཞུགས། །འཚོ་མ་གཡོན་ལས་བཞུགས། །
- ཚང་ཁའི་ཨམ་སྲུ་ཚུ།དབང་ཆེན་འཚོ་མ་གཉིས་ཀ་བཀྲ། །བཀྲ་ལ་ཤིས་པར་ཤོག །བསམ་ནས་གཡང་ལ་ཆགས་པར་ཤོག། །།