18 Feb 2017
6 min 20 sec
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།[ལྷ་ལུང་མཆོད་རྟེན་རྒྱབ་གཞི་ལ་ཞེས་པའི། །ལྷ་ལུང་མཆོད་རྟེན་རྒྱབ་གཞི་ལ་ཞེས་པའི། །རྒྱབ་གཞི་བཀྲ་ལ་བཙུགས་ཡོད་ལ་ལེགས། །རྒྱབ་གཞི་བཀྲ་ལ་བཙུགས་ཡོད་ལ་ལེགས། །?]
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།[བཀྲ་ལ་འགྱུར་བ་མེད་བཀྲ་ལ་ཤིས་པའི། །བཀྲ་ལ་འགྱུར་བ་མེད་བཀྲ་ལ་ཤིས་པའི། །རྒྱན་ཆ་ལས་ཀྱིས་འཁོར་ཡོང་ལ་ལེགས། །རྒྱན་ཆ་ལས་ཀྱིས་འཁོར་ཡོང་ལ་ལེགས། །?]
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།[ལྷ་ལུང་མཆོད་རྟེན་དིང་རི་ལ་ཞེས་པའི། །ལྷ་ལུང་མཆོད་རྟེན་དིང་རི་ལ་ཞེས་པའི། །དིང་རི་མཚོ་ལ་བཞག་ཡོད་ལ་ལེགས། །དིང་རི་མཚོ་ལ་བཞག་ཡོད་ལ་ལེགས། །?]
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།མཚོ་ལ་འགྱུར་བ་མེད་ན་ལ་ཞེས་པའི། །མཚོ་ལ་འགྱུར་བ་མེད་ན་ལ་ཞེས་པའི། །ཉ་མོ་ལས་ཀྱིས་འཁོར་ཡོང་ལ་ལེགས། །ཉ་མོ་ལས་ཀྱིས་འཁོར་ཡོང་ལ་ལེགས། །
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།ལྷ་ལུང་མཆོད་རྟེན་གོང་མོ་ལ་ཞེས་པའི། །ལྷ་ལུང་མཆོད་རྟེན་གོང་མོ་ལ་ཞེས་པའི། །གོང་མོ་ནང་ལུ་ཟངས་གསེར་ལ་ལེགས། །གོང་མོ་ནང་ལུ་ཟངས་གསེར་ལ་ལེགས། །
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།[གོང་མོ་མཆོག་ནི་མ་བབ་ལ་ཞེས་པའི། །གོང་མོ་མཆོག་ནི་མ་བབ་ལ་བཞེས་པའི། །ཨ་ལུ་འཁྲུངས་པའི་ཕྱོགས་སུ་ལུ་ལེགས། །ཨ་ལུ་འཁྲུངས་པའི་ཕྱོགས་སུ་ལེགས། །?]
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།ལྷ་ལུང་མཆོད་རྟེན་རྡོ་གཅལ་ལ་ཞེས་པའི། །ལྷ་ལུང་མཆོད་རྟེན་རྡོ་གཅལ་ལ་ཞེས་པའི། །རྡོ་གཅལ་གཡུ་ཅུང་ཁྲིག་ཁྲི་ལ་ལེགས། །རྡོ་གཅལ་གཡུ་ཅུང་ཁྲིག་ཁྲི་ལ་ལེགས། །
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།གཡུ་ཅུང་ཁྲི་སྟེག་སྟེང་དུ་ལ་ཞེས་པའི། །གཡུ་ཅུང་ཁྲི་སྟེག་སྟེང་དུ་ལ་ཞེས་པའི། །ལྷ་ལུང་ཡབ་སྲས་བཞུགས་ཡོད་ལ་ལེགས། །པད་གླིང་ཡབ་སྲས་བཞུགས་ཡོད་ལ་ལས།
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།པད་མའི་གདན་གྱི་སྟེང་དུ་ལ་ཞེས་པའི། །པད་མའི་གདན་གྱི་སྟེང་དུ་ལ་ཞེས་པའི། །གཡུ་དྲུང་ལེགས་མོ་བྲིས་ཡོད་ལ་ལེགས། །གཡུ་དྲུང་ལེགས་མོ་བྲིས་ཡོད་ལ་ལེགས། །
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།གཡུ་དྲུང་བྲིས་པའི་སྟེང་དུ་ལ་ཞེས་པའི། །གཡུ་དྲུང་བྲིས་པའི་སྟེང་དུ་ལ་ཞེས་པའི། །པད་གླིང་ཡབ་སྲས་བཞུགས་ཡོད་ལ་ལེགས། །པད་གླིང་ཡབ་སྲས་བཞུགས་ཡོད་ལ་ལེགས། །
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།གླུ་གར་ཡར་ལ་ཕུལ་ན་ལ་ཞེས་པའི། །གླུ་གར་ཡར་ལ་ཕུལ་ན་ལ་ཞེས་པའི། །སྲུང་མ་མར་ལ་གནང་བྱུང་ལ་ལེགས། །སྲུང་མ་མར་ལ་གནང་འབྱུང་ལ་ལེགས། །
- གཡུང་དྲུང་ཆོས་གླིང་གི་ཨམ་སྲུ་ཚུ།སྲུང་མ་སྐེ་ལ་བཏགས་ནས་ལ་ཞེས་པའི། །སྲུང་མ་སྐེ་ལ་བཏགས་ནས་ལ་ཞེས་པའི། །རང་གཡུས་ཕྱོགས་ལ་ལོགས་འགྲོ་ལ་ལེགས། །རང་གཡུས་ཕྱོགས་ལ་ལོགས་འགྲོ་ལ་ལེགས།། །།