Skip to main content Skip to search
22 Aug 2018
4 min 44 sec
Video Overview
Creators: 
Duptho

Thinley, from Tongling village in Radhi, Trashigang, narrates the fictional story of a widow and a son. The story says a son went into the forest and reached the house of a demon. The son found demons were going hunting, and left one old man in the house. The boy killed an old, male demon. Then, the demons came back and found their elder was killed. Meanwhile, a lay monk came for alms. They requested him to perform a ritual, and the lay monk brought the old man back to life. The moral of the story is that if we do good to one another, it indirectly does good for ourselves. 

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ སྟོང་གླིང་གཡུས་ཚན་ལས་ འཕྲིན་ལས་ཀྱིས་ ཨམ་སྲུ་ཅིག་དང་མོ་གི་བུའི་སྐོར་ལས་ སྲུང་བཏང་མི་ནང་ བུཚ་འདི་ནགས་ཚལ་ནང་སོང་སྟེ་ འདྲེའི་ཁྱིམ་ཅིག་ནང་ལྷོད་པའི་སྐོར་ལས་ བཅོས་སྲུང་ཅིག་ཨིན་མས། ཏེ་དེ་བསྒང་ བུཚ་འདི་གིས་ལྟ་བའི་སྐབས་ འདྲེ་འདི་ཚུ་གིས་ ཨ་རྒས་ཅིག་ཁྱིམ་ནང་བཞག་སྟེ་ ཁོང་ར་ཆ་མཉམ་ཚལ་མ་ནང་ ཤ་འཚོལ་བ་འགྱོཝ་མས་གསེས་མས། བུཚ་འདི་གིས་ འདྲེ་ཨ་རྒས་འདི་བསད་ཚརཝ་ཅིག་ འདྲེ་གཞན་མི་ཚུ་ལྷོད་དེ་ ཨ་རྒས་བསད་དཔ་སྦེ་མཐོང་ཡོདཔ་ལས་ མོ་བཏབ་རིམ་གྲོ་འབད་ནིའི་དོན་ལུ་ སྒོམ་ཆེན་ཅིག་འཚོལ་ཏེ་ སྒོམ་ཆེན་འདི་གིས་རིམ་གྲོ་འབད་དེ་ ཨ་རྒས་འདི་ ཤི་སར་ལས་ལོག་ལྷོང་ད་ནུག། སྲུང་འདིའི་བརྗོད་དོན་འདི་ རང་གིས་རོགས་ལུ་ལེགས་ཤོམ་འབད་བ་ཅིན་ རོགས་ཀྱིས་ཡང་ རང་ལུ་ལེགས་ཤོམ་འབད་འོང་ཟེར་བའི་དོན་སྟོནམ་མས།

 

Transcript search
No results found for this search
0 of 0
  • འཕྲིན་ལས Thinley
    ཧེ་མ་ཨམ་མོ་རེངསམོ་ཅིག་གི་བུ་ཅིག་ཡོདཔ་མས་ ཏེ་ དེ་ལས་གནམ་ཡང་སོ་དོ་ཡོདཔ་མས་ དེ་ལས་ ཁོ་གི་ཨའི་ལུ་ ང་རྒྱ་ལུ་འགྱོ་ནི་ཨའི་ཟེར་སླབ་སླབ་མས། དེ་ལས་ ཨའི་གི་མ་འགྱོ་ག་ཏེ་ཡང་མི་ལྷོད་ཟེར་སླབ་ད་ ཁོ་གི་འདྲེ་ཕུག་འདི་བརྒལ་འོང་ཟེར་ནུག་ དེ་ལས་ཁོ་འདྲེ་ཕུག་བརྒལ་མ་ཚུགས་པར་ཕུག་འདི་ཁར་ལྷོད་ནུག
  • འཕྲིན་ལས Thinley
    དེ་ལས་ འདྲེ་གི་ཁྱིམ་ནང་ལྷོད་འབད་ འུར་ཆ་འདི་ཚུ་བཞག་འབད་སྡོད་ནུག་ དེ་ལས་ཕྱི་རུ་འདྲེ་ཨཔ་དང་ཨའི་འོང་འོངམ་མས་ ད་རེས་ང་བཅས་གཉིས་ཤ་ཅིག་ཡང་མ་འཐོབ་ འུ་སྡུག་ཆདའི་ཟེར་སླབ་མ་ལོ། དེ་ལས་ ད་ འགྱོ་གེ་ཟེར་ནུག་ དེ་ལས་ཨ་ལོ་གི་ཨཔ་ང་འགྱོ་ནི་ཟེར་ནུག་ དེ་ལས་ འགྱོ་སྟེ་ཟེར་སླབ་འབད་འགྱོ་ནུག་ དེ་ལས་ས་སྟོངས་པ་གུ་ལས་ཕར་འགྱོཝ་ད་ལུ་འོང་ལུ་དུར་དུར་ཟེར་སླབ་སླབ་མས། དེ་ལས་ ཁྱོད་འགྱོཝ་ད་ལུ་ག་ཅིག་སྐད་རྐྱབ་སྨོ་ཟེར་ནུག
  • འཕྲིན་ལས Thinley
    ང་འདི་དུར་དུར་ལ་འདྲེ་ཟེར་མི་འདི་ཨིན་ཟེར་ནུག་ དེ་ལས་རྩྭ་ནང་ལས་ཕར་ལྷོདཔ་ད་ལུ་སོར་སོར་ཟེར་སླབ་སླབ་མས་ སོར་སོར་ཟེར་ག་ཅིག་སྨོ་ཟེརཝ་ད་ ང་འདི་སོར་སོར་ལ་འདྲེ་ཨིན་ཟེར་ནུག ཏེ་ ད་རུང་ ཆུ་ཡོད་ས་ལྷོདཔ་ད་ལུ་ ཆུ་ནང་ལས་ཕར་ཤརཝ་ཤརཝ་ཟེར་འགྱོ་ནུག་ ག་ཅིག་སྨོ་ཁྱོད་ ཤརཝ་ཤརཝ་ཟེར་མི་འདི་ཟེརཝ་ད་ ཤརཝ་ཤརཝ་ལ་འདྲེ་ཨིན་ཟེར་ནུག དེ་ལས་མི་ལྔ་དེ་ཅིག་འདུག་ལོ་སྒྲིང་སྒྲིང་འབད་མི་ དེ་ལས་ཁོ་འུ་སྡུག་འདི་ གཉིད་ལོང་སོང་ནུག་ལུ་ ཏེ་ དེ་ལས་ཁོང་ཆ་ཁྱབ་ཕྱེན་བཏང་ཡི་རང་ཉལ་སྡོད་དོ་ཡོདཔ་མས་ ཏེ་ པུང་སྡུང་པིཝ་ཟེརའི་རང་། མི་ཉལ་གེ་འདུག་སྤང་པ་ལ་ པུང་པོ་ལ་ཉལ་གེ་ འདྲེ་གི་ དེ་ལས་ཁྱོད་རང་ཕད་ཙི་བཟེད་བཟེད་མ་རེ་ཟེར་ནུག་ཤརཝ་ཤ་ལ་འདྲེ་ལུ།
  • འཕྲིན་ལས Thinley
    འདྲེ་གི་འདྲི་ནུག་ ཤརཝ་ཤ་ལ་གི་ཨཔ་ ཁྱོད་ག་ཅིག་ལུ་འདྲོགཔ་སྨོ་ཟེརཝ་ད་ ང་འདི་[མེན་པ་དང་ཤོང་ལུ་]འདྲོག་པའི་ཟེར་ནུག ཏེ་ ཤརཝ་ཤ་ལ་ ཁྱོད་ག་ཅིག་ལུ་འདྲོགཔ་སྨོ་ཟེརཝ་ད་ ང་འདི་ཕགཔ་ཤ་དང་ཕགཔའི་མགུ་ཏོ་ལུ་འདྲོགཔ་བས་ཟེར་ནུག་སླབ་ནུག ཨ་པ་ཁྱོད་ག་ཅིག་ལུ་འདྲོགཔ་སྨོ་ཟེརཝ་ད་ ང་འདི་[མེན་པ་དང་ཤོཝ་]ལུ་འདྲོགཔ་མས་ [ཤོག་ཕུག་]གི་རྩང་གི་གསོབ་ནི་མས་[མིན་པ་ལ་]གི་འདི་གསེར་བཟུམ་འབད་སྤང་ཐང་ནང་སྡོད་མི་ཚུགས་འབད་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་ཤོརཝ་ཤ་ལ་འདི་འགྱོ་ནུག་ ཏེ་ དེ་ལས་ཨ་རྒས་ཀྱི་ཨ་རྒས་རྨགཔ་འདི་ཚུ་ཡོདཔ་མས་ལོ་ ཏེ་ འདི་ནང་བཟའ་ནི་འཐུང་ནི་ཚུ་ དེ་ལས་ རྟ་ ཏི་རུ་ བགོ་ལ་ག་ར་ཡོདཔ་མས་ལོ། ཏེ་ ཡར་ལྷོདཔ་ད་ལུ་ ཨ་རྒས་སྦོམ་ཅིག་ཡོད་མས་ལོ་ ཏེ་ ཨ་རྒས་འདི་འཛིན་བཟུང་འབད་ནུག་ལོ་ ཏེ་ དེ་ལས་ལོག་ཅིག་ཁ་ལས་ ཏེ་ ཁོ་སྒོ་ཁ་ལུ་ཕད་རྩི་བཟེད་སྡོད་སྡོད་མས་ དེ་ལས་ ཁོ་ ཡར་ལས་སོང་འབད་ བྱམོ་ཅིག་མགུ་ཏོ་བཏོག་འབད་བཀོ་བཏང་ད་ནུག་ དེ་ལས་ཁོ་འདི་ཕད་རྩི་འབག་སྦེ་[ཤོ་ཕུག་དང་མེན་པ་]འབད་སར་སོང་འབད་སྡོད་ནུག
  • འཕྲིན་ལས Thinley
    དེ་ལས་ ཧ་ལམ་ བྱ་པོད་འབོ་ནི་འབདཝ་བའི་གང་ལས་ ཤི་སོང་ཡི་ཤི་སོང་ཡི་ཟེར་སླབ་ནུག་ དེ་ལས་མི་གཉེན་ཚན་ཚུ་འཛོམས་ དེ་ལས་ གནམ་ལངམ་་ནི་འོགས་བཙུགས་ནུག་ དབའི་ཤརཝ་ཤ་ལ་ དབའི་དུར་དུ་ལ་ དབའི་སོག་སོ་ལ་ ད་ཅི་ལས་རང་བཟའ་ ད་རུང་བཏུབ་སྦེ་སོར་སོ་ལ་ཟེར་སླབ་འབད་ ལགཔ་ཐལ་མོ་སྦྱར་འབད་སྡོད་ནུག་ དེ་ལས་གནམ་ལངམ་འབད་ ཆོསཔ་ཚུ་ཡང་ལྷོད་འབད་བའི་གང་ལས་ ནདཔ་འདི་ཕར་ཕྱི་ཁ་བཞགས་སྦེ་ ཁོ་རང་རས་གཟན་ཅིག་སྐབས་ ཁརཝ་ཅིག་བཤེད་འབད་འགྱོ་ནུག
  • འཕྲིན་ལས Thinley
    ཡ་ ནཱ་ལུ་ ན་བ་ཚ་ཝ་འཕོག་ཕྱིདཔ་ཨིན་ཟེར་སླབ་འབད་ བསོད་སྙོམས་ལྷང་གེ་ཟེར་སླབ་ད་ ཡ་ནང་ན་བྱོན་ཟེར་གདན་ཐིང་འབད་བྱིན་ནུག ཡ་ ནམ་ཤི་སིའི་ཟེར་སླབ་ད་ད་རེས་བྱ་པོད་མ་འབོ་པའི་ཧེ་མ་ཤི་སོང་ཡི་ཟེར་ནུག་ ཏེ་ ད་ འ་ནཱི་ཤི་མི་འདི་ རྩི་རེ་བལྟ་སྦེ་ དྲག་ནིའི་གོ་སྐབས་རེ་མེད་ག་སྨོ་མཚམས་པ་ཟེར་ནུག ཏེ་ རྩི་རེ་བལྟ་པ་ཅིན་དྲག་འོང་མས་ན་ཟེར་ནུག་ ཡ་ ཏེ་ ནཱ་གི་རྩི་བལྟ་བྱིན་པ་ཅིན་ ང་ཨའི་དང་མི་རྒས་ཤོས་ཚུ་ལུ་དྲི་གེ་མ་རེ་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་ སོང་འབད་ཨའི་འབད་སར་སོང་སྦེ་ སྒོམ་ཆེན་འདི་གི་དྲག་འོང་ཟེར་སླབ་དེ་ རྩི་རེ་བལྟ་འབད་གེ་མས་ན་ཟེརཝ་ད་ རྩི་བལྟ་བཙུགས་ཟེར་སླབ་མས་ རྩི་བལྟ་ནུག དེ་ལས་ཉིམ་གསུམ་ཟེརཝ་ད་ལུ་ ལོང་འོང་ཟེར་ནུག དེ་ལས་ ད་ ཁྱོད་ཀྱི་དྲག་ཚུགས་པ་ཅིན་ ང་བཅས་ཀྱི་ཚམོ་འདི་ཚུ་གཉེན་རྐྱབ་བྱིན་གེ་ཟེར་ནུག་ དེ་ལས་ཉིམ་གསུམ་ཟེརཝ་ཅིག་ ཨ་རྒས་འདི་དྲག་སོང་ནུག དེ་ལས་དྲག་སོང་ ཁོ་ཚམོ་དང་ཅིག་ཁར་གཉེན་རྐྱབ་བྱིན་འབད་ དེ་ལས་ཁོ་བཟའ་ནི་མཐུང་ནི་འཐོབ་ནུག