Skip to main content Skip to search
01 Sep 2018
4 min 51 sec
Video Overview
Creators: 
Penchela

A grand father, Gopal Kafley from Kilkhorthang in Tsirang narrates a story about the two brothers and late parent property inheritance. The younger brother was badly treated by his elder brother, taking the parent’s properties. He didn’t share the parent properties and chased by his brother. He became very worried about the decision taken by his elder brother. He was given horse without a rope by his brother. This made him to undergo depression and decided to suicide by jumping from the bridge in the big river, where he falls on the rich man. Then rich man appeal the case to court to provide justice. The younger brother told details about the parent’s property, which was not given by his elder brother about the property inheritance. Judge calls both the brothers about their case. Judge provides justice, “the tail of your horse is being removed by your own brother. Now you must give your horse to him so that when the tail is grown like before he shall return you your horse”. They sent them back. 

༉  རྩི་རང་རྫོང་ཁག་ཉི་ཟེར་སྒང་ལས་ གོ་པཱལ་ཀཕ་ལེ་གིས་ བུ་སྤུན་གཉིས་ཀྱི་སྐོར་ལས་སྲུང་བཏང་སྟེ་འདུག དེ་ཡང་ བུ་ཆུང་ཤོས་འདི་ ཕོ་རྒནམ་གིས་བང་བཙོང་སྟེ་ཕ་མའི་རྒྱུ་ནོར་བགོ་བཤའ་རྐྱབ་མ་བྱིན་པར་ ཐབས་ར་མེད་པར་ ཁོ་ལུ་རྟ་གཅིག་བྱིན་སྦེ་བདའ་བཏང་བཏངམ་མས། ཕོ་རྒནམ་གིས་འབད་མི་ལཱ་ལུ་བལྟ་སྦེ་སེམས་སྐྱོ་སྟེ་ རང་སྲོག་གཅད་ནི་སྦེ་ཟམ་པ་གུ་ལས་མཆོངམ་ད་ ཨཔ་ཕྱུགཔོ་ཅིག་གི་ལག་པར་ཚུད་དེ་ ལོ་རྒྱུས་ཚུ་གོ་ཞིནམ་ལས་ དྲང་བདེན་དགོ་པའི་སྐོར་ལས་ཨཔ་ཕྱུགཔོ་འདི་གིས་ ཁྲིམས་ཁང་ནང་ཞུ་ཚིག་བཙུགས་ནུག དེ་ལས་ བུ་ཆུང་ཤོས་དེ་གིས་ ཕམ་གྱི་རྒྱུ་ནོར་ཚུ་ཕོ་རྒནམ་གིས་བྱིན་མ་བཏུབ་པའི་སྐོར་ལས་ལོ་རྒྱུས་ཚུ་ཞུ་བའི་མཐའ་མར་ ཁྲིམས་དཔོན་གྱི་ཞབས་ལས་ དྲང་བདེན་གནང་བའི་སྲུང་ཅིག་བཏང་སྟེ་འདུག

Transcript search
No results found for this search
0 of 0
 • མགོ་པལ་ཀབ་ལེ་ Gopal Kaflay
  ང་མགོ་པལ་ཀབ་ལེ་ དཀྱིད་འཁོར་ཐང་ རྩི་རང་ལས་ཨིན། ད་ང་གིས་དགོད་བྲོ་གི་སྲུང་ཅིག་བཏང་ནི་ཨིན་ ཧེ་མ་བུ་སྤུན་གཉིས་ཡོདཔ་མས་ ཁོང་གི་ཕམ་གཉིསཔོ་འདི་ ཧེ་མ་ལས་རང་གྱོངས་སོང་ནུག དེ་ལས་ཕོ་རྒནམ་འདི་གིས་ ནུ་གཅུང་འདི་ ཁྱིམ་ནང་ལས་བཏོན་བཏང་དཔ་མས་ ནུ་གཅུང་འདི་ དཀའ་སྡུག་མྱོང་སྟེ་འབད་རུང་ ཤིང་བཏོག་ཅི་ར་བཙོང་སྡོད་ནུག དེ་བསྒང་ཁོ་ལུ་ ཆ་རོགས་འབད་མི་ཁོ་རའི་ཨམ་སྲུ་རྐྱངམ་གཅིག་འབདཝ་ལས་ ཉིནམ་གཅིག་ཨམ་སྲུ་གིས་ ཁོ་ལུ་ཕོ་རྒནམ་ལས་རྟ་གཅིག་བརྙ་བདའ་ཤོག་ ཁོ་ལུ་རྟ་ལེ་ཤ་ཡོདཔ་ལས་ གཅིག་འདི་བྱིན་དོ་འོང་ཟེར་སླབ་ནུག ཏེ་ དེ་ལས་ ང་གིས་འབག་མི་ཁུར་ཆ་འདི་ རྟ་གུ་བཀལ་ཏེ་ ཁྲོམ་ཁར་བཙོང་ཞིན་ན་ འཚོ་བ་སྐྱོང་སྟེ་སྡོད་གེ་ཟེར་སླབ་ནུག།
  I am Gopal Kafley, and staying at Kilkhorthang Gewog in Tsirang. So I am going to tell short story which is joke as well. Long ago, there lived two brothers and their parents were expired long before. And legacy that was left by parent went under the hands of elder brother and didn’t give anything to his younger brother and was chased away too. This brother, who is been chased, made little shack and got settled there. He sustained life by cutting wood and selling it in market. And he was accompanied by his wife to carry out the business. And his wife, as was supposed to do two things at the time, suggested him to borrow a horse, as he has so many horses and she said, “He might allow you to borrow, and then load the portion of wood on horse that I carry. Then take the wood to market and sell. Let’s sustain our life like this”
 • མགོ་པལ་ཀབ་ལེ་ Gopal Kaflay
  དེ་ལས་ ཁོ་ཕོ་རྒནམ་འབད་སར་སོང་སྟེ་ལྷངམ་ད་རྟ་གཅིག་བྱིན་ནུག་ ཁོ་ལུ་རྟ་བཏག་ནིའི་ཐགཔ་གཅིག་རང་མི་འདུག་ དེ་ལས་ ཁོ་གིས་རྟ་འདི་ཁོ་རའི་མཇུག་མ་གིས་སྦེ་ བཏགས་བཞགཔ་ལས་ མཇུག་མ་བཏོག་ཡར་སོང་ནུག་ དེ་ལས་ ཕོ་རྒནམ་འདི་ དབུགས་བགམས་ཏེ་ ནུ་གཅུང་བདའ་འགྱོཝ་ད་ ནུ་གཅུང་གིས་མ་ཤེསཔ་འབད་ སྤྱང་ཀའི་ཨ་ལོ་ཟླཝ་ ༦ ལངས་མི་གཅིག་མནེམ་ཏེ་བསད་ད་ནུག་ དེ་ལས་ མི་འདི་གིས་ ཁོ་ཁྲིམས་ཁང་ནང་བསྐྱལ་ད་ནུག་ དེ་མ་ཚད་ ཁོ་རའི་ཕོ་རྒནམ་དེ་གིས་ཡང་ རྟའི་རྩོད་གཞི་འདི་བཙུགས་ནུག།
  Then he went to his brother’s place and after requesting, his brother gave him one horse. Then taking this horse he left. He didn’t have rope to tie the horse and after erecting the pole to tie horse, he tied horse with its own tail replacing rope. Then the tail was torn. Upon hearing about the tail of horse getting torn, he chased his younger brother. The younger brother, while running away he passed through the hut of poor man unknowingly and stepped on the baby of six month old, resulting in death of baby. Then this man appealed the case to court to do justice. Even his older brother forwarded the case to court about horse and tail incident.
 • མགོ་པལ་ཀབ་ལེ་ Gopal Kaflay
  དེ་ལས་ ཁོ་ག་ཅི་འབད་ན་མ་ཤེས་པར་ རང་སྲོག་བཅད་དེ་ཤི་ནི་འབད་ ཟམ་པ་གུ་ལས་མཆོངམ་ད་ མི་ཕྱུགཔོ་གཅིག་རླུང་བསིལ་བདུག་སྟེ་ ཆུ་ན་གྲུ་བཏང་སྡོད་མི་གུ་ཕོགཔ་སྟེ་ རྐངམ་བཅག་བཏང་ད་ནུག་ ད་རུང་མི་ཕྱུགཔོ་དེ་གིས་ཡང་ཁྲིམས་སར་བསྐྱལ་ད་ནུག་ དེ་ལས་ ཁྲིམས་དཔོན་གྱིས་ ཧེ་མ་རང་ཁོང་སྤུན་གཉིས་འབོ་ནུག་ དེ་ལས་ ཁོང་གཉིས་ཁྲིམས་ཁང་ནང་འགྱོཝ་ད་ ཁོ་གིས་ ཐ་ལི་ནང་ག་ཅི་ཅིག་བཙུགས་ཏེ་ཕུལ་ནུག་ དེ་ལས་ ཁྲིབས་དཔོན་གྱིས་ རྟ་གི་མཇུག་མ་འདི་ ཁྱོད་རའི་ནུ་གཅུང་གིས་ བཏོག་བཏོགཔ་ཨིན་ལས་ མཇུག་མ་སྐྱ་མ་སྐྱེས་ཚུན་ཚོད་ ཁོ་དང་གཅིག་ཁར་བཞག་ སྐྱེསཝ་ཅིག་ལོག་བདའ་ཤོག་ཟེར་བཀའ་གནང་ནུག།
  This incident made him to undergo depression and decided to suicide by jumping from bridge in the big river. While jumping from bridge, he struck over the rich man who was there to spend his leisure time in boat and broke the leg of rich man. Even this rich man did appeal the case to court and by court, to provide justice, called two brothers to talk about their case. He then went with his brother to court and he took something in steel plate presented before judge. And judge in order to provide justice, he said “the tail of your horse is being removed by your own brother. Now you must give your horse to him so that when the tail is grown like before he shall return you your horse”. Saying this judge sent them back.
 • མགོ་པལ་ཀབ་ལེ་ Gopal Kaflay
  དེ་ལས་ ཨ་ལོ་བསད་ཡོད་པའི་ཐད་ལས་ཡང་ ཧེ་མ་བཟུམ་སྦེ་རང་ཕུལ་ནུག་ དེ་ལས་ ཁྲིམས་དཔོན་གྱིས་ ཨ་ལོ་འདི་ཤི་སོང་ཡོདཔ་ལས་ ལོག་ཐབས་མི་འདུག་ འདི་བ་འདི་ ཁྱོད་རའི་ཨམ་སྲུ་འདི་ ཁོ་ལུ་བྱིན་ཏེ་ ཨ་ལོ་བཟོ་འབད་ ཟླཝ་ ༦ འགྱོཝ་ད་ ཁྱོད་རའི་ཨམ་སྲུ་དང་ ཨ་ལོ་ལོག་ལེན་ཟེར་ བཀའ་གནང་སྟེ་བཏང་ད་ནུག།
  And the next was the case with the man whose baby was killed. And as same as before, he presented putting something in the plate before judge. And seeing this plate the judge was pleased and judge exclaimed “the child has died and there is no way to bring him back. Therefore, let him take your wife and let them make baby and take back wife and baby when baby is of six month old”. Saying this he sent him back.
 • མགོ་པལ་ཀབ་ལེ་ Gopal Kaflay
  འདི་གི་ནངས་པ་མི་ཕྱུགཔོ་གི་རྐངམ་བཅག་མི་གི་རྩོད་གཞི་ཨིན་པས་ དེ་ལས་ ཕྱུགཔོ་འདི་གིས་ ག་ར་ཧིང་སང་ས་འབད་ཞུ་སྟེ་ ནཱ་ལས་རང་སྐྱིད་སྡུག་གཟིགས་དགོ་ཟེར་ཞུ་ནུག་ ད་རུང་ཁོ་གིས་ ཐ་ལི་གཅིག་ཕུལཝ་ལས་ ཁྲིམ་དཔོན་གྱིས་ འདིའི་ཐད་ལུ་འབདན་ བདེན་རྫུན་ཕྱེ་མི་ཚུགས་པས་ ཟམ་པ་གི་སྦོ་ལོགས་འགྱོ་དགོ་པས་ཟེར་ བཀའ་གནངམ་ལས་ཟམ་པ་ཁར་སོང་ནུག།
  And again the next day was the case of the rich man whose leg has been broken. The rich man provided judge every detail of the happening and said “I am here to ask for the justice for having broken my legs by him”. And the alleged man again took steel plate and presented before judge. Judge thinking that this alleged man has brought something in the plates, judge said “this case cannot be solved here but we must go to bridge to solve the case” and went to bridge to solve the case.
 • མགོ་པལ་ཀབ་ལེ་ Gopal Kaflay
  དེ་ལས་ ཁྲིམས་དཔོན་གྱིས་ ཕྱུགཔོ་འདི་ཟམ་གུ་ལས་འཆོངམ་ད་ ཁོ་མར་གྲུའི་ནང་སྡོད་ཟེར་བཀའ་གནང་ནུག་ དེ་ལས་ ཕྱུགཔོ་འདི་འདྲོག་སྟེ་འབད་མ་ཚུགསཔ་ལས་ རྩོད་གཞི་ཡང་མ་ཕྱེ་བར་བཞག་ད་ནུག་ དེ་ལས་ ཁྲིམས་དཔོན་གྱིས་མི་འདི་ ནངས་པ་ཤོག་ཟེར་གསུང་ནུག་ དེ་ལས་ ནངས་པ་ཁོ་ཁྲིམས་དཔོན་འབད་སར་བཅར་ནུག་ ཁྲིམས་དཔོན་གྱིས་ ཐ་ལི་ནང་ག་ཅི་ཡོད་ག་མནོ་སྟེ་ ལྟཝ་ད་ཆུ་རིལ་རྡོ་མཐོང་ནུག་ ཁྲིམས་དཔོན་གིས་ ཆུ་རིལ་རྡོ་ག་ཅི་འབད་ནི་སྦེ་འབག་འོང་ཡི་གོ་ཟེར་དྲི་ནུག་ དེ་ལས་ ཁོ་གི་ལན་ནཱ་ཁྲིམས་དཔོན་གྱིས་ རྩོད་གཞི་འདི་འདྲ་མཉམ་དང་དྲང་བདེན་སྦེ་ ཕྱེ་གནང་ནི་འདི་གིས་ གནམ་མེད་ས་མེད་སྐལ་བ་བཟང་ཡི་ དེ་མེན་རྡོ་འདི་ཚུ་ཁྱོད་གུ་ཆརཔ་འབབ་དེ་འབབ་འབབ་འོང་ཟེར་སླབ་སྟེ་ ད་ང་རའི་རྡོ་འདི་ལོག་ང་ར་འབག་དོ་ཟེར་ སླབ་སྟེ་ཡར་སོང་ནུག།
  And taking them to bridge, he asked rich man to jump from bridge and the alleged man to be there in boat. Rich man couldn’t do so and withdrew the case he appealed. And again judge called the alleged man to see him very next day. Judge asked him what is there in the plates and asked to present before him. And found the stones of the river bank and was questioned why this was brought. And he answered “you are the one who is lucky enough. You solved the case by fair means but if you have done something wrong, this stone would have showered on you. so I am taking back my stones” and he left.