Skip to main content Skip to search
21 Jun 2018
20 min 2 sec
Video Overview
Creators: 
Yeshi Wangchuk, Dorji Nima

The story of two brothers, narrated by Chozom from Dagphel village in Zhemgang district, is about clever and foolish brothers. This particular story is a folk story created mainly to educate people. It makes a contrast between the brothers: the younger brother acts very clever, while the elder brother acts innocent. Thus, the younger brother inappropriately acts above his own elder brother, who seems dull and unintelligent. At the end of the story, however, the elder brother proves himself as capable, while the younger brother risked losing his own soul because of his character flaws. 

གཞལམ་སྒང་རྫོང་ཁག་ བདག་འཕེལ་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་ བུ་རྩ་རྒས་ཅིག་དང་ སྤྱང་་དྲགས་ཡོད་མི་ བུ་སྤུན་ཆ་གཉིས་ཀྱི་སྐོར་ལས་ སྲུང་བཏངམ་ཨིནམ་ད་ སྲུང་འདི་ནང་ མི་ཚུ་ལུ་ ཤེས་ཡོན་སྤྲོད་ཐབས་ལུ་ དཔེའི་ཐོག་ལས་སྦེ་ བཤད་པའི་གཏམ་རྒྱུད་ཅིག་ཨིན་མས། སྲུང་འདི་ནང་ ནུ་གཅུང་འདི་ གནམ་མེད་ས་མེད་སྤྱང་དྲགས་དང་ ཕོ་རྒནམ་འདི་ རྩ་རྒས་ཅིག་འབདཝ་ལས་ ནུ་གཅུང་འདི་གིས་ ཕོ་རྒནམ་འདི་ ག་ནི་མ་ཤེསཔ་ཅིག་ཨིན་མནོ་སྟེ་ མགུ་སྐོར་རྐྱབ་ནི་འབདཝ་ད་ ཕོ་རྒནམ་འདི་གིས་ ཁོ་རའི་ལྕོགས་གྲུབ་སྟོན་པའི་སྐབས་ ནུ་གཅུང་འདི་ ཁོ་རའི་འབད་ཞགས་ལས་བརྟེན་ སྲོག་ལུ་ཐུག་ནིའི་ ཉེན་ཁ་འབྱུང་བྱུངམ་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་ལྟོ་འབད་འབདཝ་མས་ ཕོ་རྒནམ་གཅིག་དང་ ནུ་གཅུང་གཅིག་སྡོད་སྡོདཔ་མས་ ཕོ་རྒནམ་རྩ་རྒས་འཚམས་ཅིག་སྡོད་སྡོདཔ་མས་ཁོ་ དེ་ལས་ ནུ་གཅུང་དང་ཕོ་རྒནམ་ ཞིང་རྨོ་ནི་འབད་ རྒྱལཔོ་གི་གླང་བརྙ་བར་འགྱོ་འགྱོཝ་མས་ཁོང་གཉིས།
  • ཆོས་འཛོམས་ Chozom
    གླང་བརྙ་བར་འགྱོ་སྦེ་ ཞིང་རྨོ་དོ་མས་ཏེ་ དེ་ལས་ཞིང་རྨོཝ་ད་ལུ་ ཉི་མའི་ལྟོ་རན་ཏེ་ འགྱོ་ཤིག་ད་ ཁྱོད་ལྟོ་འབད་འབག་ཤོག་ ཟེར་སླབ་སླབ་མས་ནུ་གཅུང་གིས་ ཕོ་རྒནམ་ལུ་ དེ་ལས་ ཕོ་རྒནམ་འགྱོཝ་ད་ ཨ་ཝ་བཏང་བཞག་བཞགཔ་མས་ལམ་ཁར་ ཨ་ཝ་བཏང་བཞག་སྦེ་ ང་ལོག་ལྟོ་འབག་འོངམ་ད་ཁྱོད་ནཱ་མ་སྡོད་སྨ་རེད་ ཟེར་སླབ་བཞག་བཞགཔ་མས་ལོ་མེན་ན་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ལྟ་མ་ལྟོ་འབད་སྦེ་ བང་ཅུང་ནང་སྦེ་འབག་འོངམ་ད་ལུ་ ཨ་ཝ་གིས་ཕར་བཤུད་འབད་འོང་སྟེ་ ཨ་རྟག་གི་ས་གོ་ནང་རང་ཡོད་དོ་མས་ཏེ་ ཐ་ལི་ནང་བཀང་སྟེ་འབག་འབགཔ་འདྲས་མེན་ན་ལྟོ་འདི་འབད་བ་ཅིན་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ད་ཅི་ང་འོངམ་ད་ ང་གིས་སླབ་བཞག་ཡི་མེན་ན་ཁྱོད་ལུ་ ཟེར་ཕར་འབད་སྡོད་ཟེར་ སླབ་ཅི་མེན་ན་ད་ལྟོ་ཡང་ཕར་བཤུད་མ་རྐྱབ་པས་ ག་དེ་སྦེ་སྨོ་ དྲང་ག་ཟེར་ ཤིང་གི་རྟས་ཐག་ཅིག་འཚོལ་ཏེ་ དྲང་ག་དྲང་ག་ ཟེར་སླབ་དོ་མས་ལོ་ཁོ་གིས་ ཨ་ཝ་ལུ།
  • ཆོས་འཛོམས་ Chozom
    ཕོ་རྒནམ་གིས་ རྩ་རྒས་འབད་ནི་དེ་གིས་ དེ་ལས་ལྟ་མ་འབདཝ་ད་ ཨ་ཝ་གུ་དྲང་བྱིནམ་ད་ལུ་ ཨ་ཝ་ཨ་ནེ་ཅིག་ནུ་གཅུང་གི་ལྟོ་ནང་འཛུལ་དོ་མས་ལོ་མཆོང་སྟེ་ མཆོང་འོང་སྟེ་ བཀོ་ཡང་མ་བཀོ་བར་ ཁོ་གིས་ལྟོ་གི་སྤུར་སྦེ་འབག་དོ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ཉི་མའི་ལྟོ་ཟ་ནི་འབད་ནུ་གཅུང་འདི་ གླང་ཡང་བཏང་འབད་ཞིནམ་ལས་ ལྟོ་ཟ་གེ་ནོ་ ད་ལྟོ་འབག་འོང་ཡི་ག་ ཟེརཝ་ད་ལུ་ འབག་ཡི་ཟེརཝ་མས་ལོ་ དེ་ལས་ཟ་ནི་འབད་ ས་ཁར་སྡོད་དོ་མས་ཏེ་ ཨ་ཝ་གི་དྲིམ་ཅིག་མནམ་མས་ལོ་ ཨ་ནཱི་རྩ་རྒས་ཀྱིས་ཨ་ཝ་ག་ཏེ་བཏང་ཡི་ག་མ་ཤེས་ཟེར་ ད་རུང་སྤོ་འགྱོ་ཞིནམ་ལས་ ཟ་ནི་འབད་དོ་མས་ ད་རུང་ཨ་ཝ་གི་དྲིམ་མནམ་དོ་མས།
  • ཆོས་འཛོམས་ Chozom
    ད་རུང་སྤོ་འགྱོ་དོ་མས་ ག་ཅི་ད་ག་དེམ་ཅིག་ཨ་ཝ་རང་བཏང་ཚར་ཚརཝ་ཨིན་ན་ཟེར་ ད་རུང་འགྱོ་བ་ཅིན་ ད་རུང་ཕར་སྤོ་བཤུད་འབད་དེ་ཟ་ནི་འབད་བ་ཅིན་ ད་རུང་དྲིམ་མནམ་དོ་མས་ ཨཱ་ད་ག་ཏེ་ཡང་ ཨ་ཝ་འདུག་ཟེར་ ཟ་ནི་འབད་ལགཔ་འ་ནཱི་སྦེ་བཙུགསཔ་ད་ལུནི་ ཕྲང་ཕྲང་ཨ་ཝ་དང་འཕྱད་ཅི་ཟེརཝ་མས་ལོ་ མར་ལྟོའི་ནང་།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ཁ་ ཟེར་སླབ་སླབ་མས་ཏེ་ནུ་གཅུང་གིས་ ཨ་ཝ་བཀལ་ཏེ་འབག་ནུག་མེན་ན་ལྟོ་གུ་ཟེར་བ་ཅིན་ ང་མར་ལྟ་འགྱོཝ་ད་ ཨ་ཝ་བཏང་བཞག་བཞགཔ་ཨིན་ ལོག་འོངམ་ད་ཕར་བཅག་སྨ་རེད་ཟེར་ སླབ་སླབ་ཨིན་ང་གིས་ ཁོ་ནཱ་རང་སྡོད་ནུག་ དྲང་བྱིནམ་ད་ལུ་ ཨ་ཝ་འདི་ལྟོ་གི་ཐོག་ཁར་འོང་ཡི་ཟེརཝ་མས་ལོ་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ནུ་གཅུང་ཙིགཔ་ཟ་ཡི་ཟ་ཡི་རང་ ཁྱོད་མ་པ་ལས་རང་དེ་སྦེ་ཨིན་ཟེར་ ད་ང་འགྱོ་གེ་སྨ་རེད་ ཁྱོད་སྡོད་སྨ་རེད་གླང་བལྟ་སྟེ་ཟེར་ སླབ་བཞག་བཞགཔ་ཨིན་ལོ་ ང་ལྟོ་འབད་བཟའ་བར་འགྱོ་གེ་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་ ཁོ་གླང་བཟུང་སྟེ་ གླང་ཨ་ཙི་རང་སྤར་མ་བཅུག་སྨ་རེད་ ཟེར་སླབ་བཞག་དོ་མས་ཏེ་ དེ་ལས་ཁོ་འགྱོ་དོ་མས་ཏེ་ནུ་གཅུང་འདི་ ནུ་གཅུང་འགྱོ་སྦེ་ དེ་ལས་ཁོ་བལྟ་སྟེ་སྡོད་དོ་མས་གླང་ དེ་ཅིག་གི་བར་ན་གླང་གི་རྣམ་ཅོ་ལེབ་ཏེར་བཏང་སྤར་དོ་མས་ ང་ནུ་གཅུང་གིས་སླབ་སྟེ་ཡོད་སྤར་མ་བཅུག་ཟེར་ མ་སྤར་སྨ་རེད་ཟེར།
  • ཆོས་འཛོམས་ Chozom
    ད་རུང་ཉན་མི་བཏུབ་དོ་མས་ཏེ་གླང་གིས་ རྣམ་ཅོ་སྤར་ནི་ཡོད་མེན་ན་ཏེ་ ལྟ་མ་འབདཝ་ད་ཁོ་གིས་ རྣམ་ཅོ་བཏོག་བཏང་བཏངམ་མས་ཁོ་གིས་ དེ་ལས་རྣམ་ཅོ་བཏོག་བཏང་སྟེ་ ན་ཟུག་རྐྱབ་དོ་འདྲས་མེན་ན་ཏེ་ ད་རུང་སྤར་དོ་མས་གླང་འདི་ ལགཔ་སྤར་དོ་མས་ དེ་ལས་ ནུ་གཅུང་གིས་སླབ་འོང་ས་སླབ་འོང་ མ་སྤར་ཟེར་ སླབ་ཅི་ཟེར་སླབ་ད་ མི་ཉན་དོ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་འདི་ ཟུག་རྐྱབ་སྟེ་ སྤར་དོ་མས་མེན་ན་ཏེ་དེ་བསྒང་ལས་ ཨཱ་དེ་ལས་ ལགཔ་བཏོག་བཏང་ རྐངམ་བཏོག་བཏང་སྦེ་ གོང་ཏོ་རིལ་རི་སྦེ་ བཟོ་བཞག་དོ་མས་ཏེ་ཁོ་གིས་གླང་འདི་ དེ་ལས་ ལྟ་མ་ནུ་གཅུང་ལྷོདཔ་ད་ལུ་ ཡོད་ག་གླང་ལེགས་ཤོམ་སྦེ་ཟེར་བ་ཅིན་ ཡོད་ཉལ་ཡི་ཟེར་ སླབ་སླབ་ཨིན་ལོ་མེན་ན་ཁོ་གིས།
  • ཆོས་འཛོམས་ Chozom
    ཉལ་ཏེ་ཡོད་ཟེར་ སླབ་སླབ་ཨིན་ལོ་ ལྟ་མ་ནུ་གཅུང་སྦོ་ལོགས་ཁར་བལྟ་བར་འགྱོཝ་ད་ལུནི་ ག་ཅི་ཉལ་ནི་རོགས་ ཤི་ནུག་ལོ་ཏེ་ བསད་ད་ནུག་ལོ་གླང་འདི་ དེ་ལས་བསད་སྦེ་ བླ་མ་མཁྱེན་ནོ་ རྒྱལཔོ་གི་གླང་བསད་བཏང་ནུག་སྨ་རེད་ཁྱོད་ཀྱིས་ཟེར་ ད་འདྲོག་སྟེ་འབད་མི་ཚུགས་ ད་རྒྱལཔོ་གི་གླང་ཁྱོད་ཀྱིས་བསད་ནུག་ཟེར།
  • ཆོས་འཛོམས་ Chozom
    ད་འགྱོ་ཤིག་ཟེར་ འགྱོ་ནུག་ཏེ་ཁོང་ར་གཉིས་ འགྱོ་ནི་ཨིན་སྨ་རེད་འགྱོ་ཤིག་ཟེར་ ཧེ་མ་རང་གླང་གི་ཤ་དྲ་ དེ་ལས་ ནུ་གཅུང་འབད་བ་ཅིན་ ཤ་ལེགས་ཤོམ་ལེགས་ཤོམ་ཙེའུ་ནང་བཙུགས་ཏེ་འབག་ ཕོ་རྒནམ་གིས་འབད་བ་ཅིན་ ཕོཝ་ཙེའུ་གང་འབག་འགྱོ་འགྱོཝ་མས་ལོ་སྨེ་ གླང་གི་ཕོཝ་ནང་ཡང་བཏོན་མ་བཏང་པར་ག་ར།
  • ཆོས་འཛོམས་ Chozom
    འབག་སྦེ་ དེ་ལས་ ཕོཝ་བཏོན་འབག་འགྱོ་ དེ་ལས་ཧེ་མ་རང་ མཚམས་པ་གི་ཨ་ནཱི་སྐྱེལ་བར་འབག་ད་ཁྱོད་ཟེར་ སླབ་སླབ་ཨིན་ལོ་ ཁ་མིག་དང་གཉའ་ཤིང་ ག་ར་བརྙ་སྟེ་ཨིན་པས་ཏེ་ཁོང་གཉིས་ ག་ནི་ཡང་མེད་པར་ སྐྱེལ་བར་འབག་ཤིག་མཚམས་པ་གི་ཟེར་ སླབ་སླབ་མས་ཏེ་ད་རུང་ནུ་གཅུང་གིས།
  • ཆོས་འཛོམས་ Chozom
    འ་ནཱི་སྐྱེལ་བར་འགྱོཝ་ད་ལུ་ དེ་ལས་མཚམས་པ་འདི་ ཐུན་ནང་སྡོད་སྡོདཔ་མས་ དེ་འབདཝ་ད་ གཉའ་ཤིང་དང་ཁ་མིག་ག་ཏེ་བཞག་ནི་སྨོ་ ཟེར་སྐད་རྐྱབ་དོ་འདྲས་མེན་ན་ཁོ་གིས་ དེ་འབདཝ་ད་ མཚམས་པ་གིས་ སྒོ་སྒྲིག་ནང་ལས་ལགཔ་འ་ནཱི་འབད་ མར་འོག་ལུ་བཙུགས་ཏེ་ ལག་བརྡ་འབད་འབདཝ་འདྲས་མེན་ན་ཏེ་ ད་རུང་ག་ཏེ་བཞག་ནི་སྨོ་ ཟེར་སྐད་རྐྱབ་བཏང་དོ་མས་ཏེ་ ཁོ་རོགས་ངག་འབད་དེ་སྡོད་སྡོདཔ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ལགཔ་རྐྱངམ་ཅིག་བཏོན་དོ་མས་ཏེ་ ཨཱ་་་ལགཔ་རྐྱངམ་ཅིག་བཏོན་སྡོདཔ་མས་ ཟེར་འཐེན་བཏངམ་ད་ལུ་ མཚམས་པ་ཡང་བསད་བཞག་བཞགཔ་མས་ལོ་ཁོ་གིས་ དེ་ལས་ མཚམས་པ་ཡང་བསད་བཞག་སྦེ་ དེ་ལས་ཏེ་ ཨཱ་་་ནུ་གཅུང་གནམ་མེད་ས་མེད་འདྲོག་སྟེ་ བླ་མ་མཁྱེན་ནོ་ ད་ང་བཅས་གཉིས་ནཱ་སྡོད་ནི་གི་མི་མེན་པས་ འགྱོ་ནི་སྨ་རེད་ད་ ས་གླིང་བརྒལ་ཏེ་རང་འགྱོ་ནི་སྨ་རེད་ཟེར་ འགྱོ་དོ་མས་ཏེ།
  • ཆོས་འཛོམས་ Chozom
    འགྱོཝ་ད་ ནུ་གཅུང་ཤ་འབག་སྟེ་འགྱོ་ ཁོ་ཕོཝ་འབག་སྟེ་འགྱོ་སྦེ་ དེ་ལས་ ཧ་ལམ་རི་སྟོང་ན་ལས་ཕར་མི་ག་ཏེ་ཡང་མེད་པའི་ས་ཁར་ལྷོད་ལྷོདཔ་མས་ཏེ་ཁོང་གཉིས་ཞག་ཉལ་བར་ དེ་འབདཝ་ད་ལུ་ ཕྱི་རུ་འདྲོག་དོ་མས་ཏེ་ ཨ་ནཱི་ཤིང་གི་རྩ་བ་ལུ་ ཧུམ་ཆི་ཆི་རང་ཟད་སོང་ནུག་ཟེར་ཨིན་པས་ མི་རྒོད་ཉལ་སའི་སྡོད་གནས་ཨིན་པས་ཏེ་ དེ་ལས་ དེ་ལས་ནཱ་ལུ་ མི་རྒོད་འོང་དོ་མས་ ད་ང་བཅས་གཉིས་ཤིང་གི་ཐོག་ཁར་འཛེགས་ཏེ་ཉལ་གེ་ཟེར་ ཉལ་ནུག་མེན་ན་ཏེ་ཁོང་གཉིས།
  • ཆོས་འཛོམས་ Chozom
    ཤིང་གུ་འཛེགས་ཏེ་ ཤིང་ཐོག་ཁར་འཛེགས་སྦེ་ཉལཝ་ད་ ཁོ་ཕོཝ་ཡང་ཡར་འབག་འགྱོ་འགྱོཝ་ཨིན་ལོ་སྨེ་ཁོ་གིས་ ཤིང་གི་ཐོག་ཁར་ དེ་ལས་ནུ་གཅུང་གིས་ ཤིང་གི་རྩ་བར་བཞག་ད་ཟེར་རུང་མ་ཉན་པར་ ཡར་རང་འབག་འགྱོ་ དེ་ལས་ ནུབ་མོ་ཚུན་ཚོད་ཁོ་ལགཔ་དེ་སྦེ་བཟུང་སྡོད་སྡོདཔ་འདྲས་མེན་ན་ཏེ་ ཕྱི་རུ་ཧ་ལམ་ཚུན་ཚོད་ ལགཔ་བཟུང་སྟེ་རང་སྡོད་དེ་ དེ་ལས་ ལགཔ་ནཝ་མས་ཨ་ཙི་ཅིག་བཏང་གེ་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    མ་བཏང་སྨ་རེད་ ང་བཅས་གཉིས་ཟ་འོང་མས་མར་སྡོད་མི་གིས་ མི་རྒོད་ཀྱིས་ མ་བཏང་ ཟེར་སླབ་སླབ་མས་ཏེ་ སག་ས་ཅིག་བཏང་གེ་ཟེརཝ་མས་ལོ་ ལགཔ་ན་སྟེ་དྲེགས་མི་ཚུགས་དོ་མས་ཏེ་ བཟུང་བཟུངམ་ས་སྡོད་ནི་དེ་གིས་ སག་ས་ཅིག་བཏང་གེ་ཟེརཝ་མས་ལོ་ མ་བཏང་ཟེར་བ་ཅིན་ བཏང་གེ་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    བཏང་ད་ཏེ་ སག་ས་ཅིག་ ཟེར་སླབ་སླབ་མས་ཏེ་ སག་ས་ཅིག་ཡང་འབདཝ་ག་ཏེ་ ཁོ་གིས་ག་ར་བཏང་བཞག་སྟེ་ མར་སྐད་བང་བཏང་རྐྱབ་ད་ མི་རྒོད་ཚུ་ཡང་ ཡུདཔ་ཅིག་བསད་བསདཔ་མས་ལོ་ཏེ་ འདི་གི་ནང་ན་ལ་ལུ་ཅིག་བྱོག་འགྱོ་འགྱོཝ་མས་ལོ་ དེ་ལས་བྱོག་འགྱོ་སྟེ་ དེ་ལས།
  • ཆོས་འཛོམས་ Chozom
    ནུ་གཅུང་གནམ་མེད་ས་མེད་འདྲོག་སྟེ་ ནམ་ལངས་ཏེ་ད་རུང་ནུ་གཅུང་འབད་བ་ཅིན་ འགྱོ་ནི་འབད་བཅའ་སྒྲིག་འབད་ ཁོ་གིས་ཁོང་གི་དོརམ་ཚུ་ཕུད་དེ་སྡོད་སྡོདཔ་མས་ལོ་ དོརམ་ཕུད་ དེ་ལས་ཏི་རུ་འཚོལ་སྦེ་ ཁོང་གི་ཀོཊ་གི་ཧེམ་ཅུ་དང་ དོརམ་གི་ཧེམ་ཅུ་ནང་ ལགཔ་རྐྱབ་ཅི་རང་འཚོལ་ཏེ་ དེ་ལས་ ནུ་གཅུང་འདི་འགྱོ་དོ་མས་ཏེ་ ཧེ་མ་རང་ཨ་ནཱི་ཨིན་པས་འཛོལ་ནུག་ད།
  • ཆོས་འཛོམས་ Chozom
    ཧེ་མ་རང་ ཆུ་གང་ཆི་ཟེརཝ་མས་ལོ་ ཕྱི་རུ་ཧ་ལམ་ཅིག་ཁར་རང་ ཆུ་བཏང་དགོ་མནོ་ཆི་ཟེརཝ་ད་ལུ་ མ་བཏང་སྨ་རེད་ རོགས་ཀྱིས་ཤེས་འོང་སྨེ་ ཟེར་སླབ་ནུག་མེན་ན་ དེ་ལས་ ཨ་ཙི་ཅིག་བཏང་གེ་ཟེརཝ་མས་ལོ་ཁོ་གིས་ ང་ཤི་རང་ཤི་དོ་ཟེརཝ་མས་ལོ་ ཆུ་ཤོར་ཏེ་ཟེར་ ཨ་ཙི་ཅིག་བཏང་ད་ཏེ་ ཟེར་སླབ་སླབ་མས་ཏེ་ དེ་འབདཝ་ད་ཕོ་རྒནམ་གིས་ ཨ་ཙི་ཅིག་ཡང་བཏང་བཞག་འོང་ག་ཁོ་གིས་ ཆུ་བཏང་དོ་མས་མེན་ན་ཏེ།
  • ཆོས་འཛོམས་ Chozom
    ཆུ་དར་དར་བཏང་བྱིནམ་ད་ མི་རྒོད་ཆ་ཁྱབ་ད་འབདན་ཆརཔ་རྐྱབ་མས་སྨ་རེད་ཟེར་ གུར་སྤུབས་ཅི་ཟེརཝ་མས་ལོ་ཏེ་ ཁོང་ཆ་ཁྱབ་ཨ་ནཱི་མི་འདྲའི་མི་རྒོད་ཆ་ཁྱབ་ ཆུ་ཤོག་གུར་སྤུབས་ཏེ་ དེ་ལས་ དེ་སྦེ་ཉལ་ དེ་སྦེ་ཉལཝ་ད་ དྲོ་པ་ཁམས་ཅིག་ཁར་ཁོ་ ལགཔ་ན་སྟེ་ཤི་དོ་འདྲས་མེན་ན་ཏེ་ དེ་ལས་སག་ས་ཅིག་བཏང་གེ་ སག་ས་ཅིག་བཏང་གེ་ཟེར་སླབ་སྟེ་ དེ་ལས་ སྒུགས་ད་སྒུགས་ད་ ནུ་གཅུང་གིས་མ་བཏང་སྨ་རེད་ མ་བཏང་སྨ་རེད་ཟེརཝ་ད་ རྩ་ལས་ཉན་མ་བཏུབ་པར་ལྟ་མ་འབདཝ་ད་ བཏང་བྱིནམ་ད་ལུ་ ག་ར་ཁོང་བསད་བཏང་།
  • ཆོས་འཛོམས་ Chozom
    ལ་ལུ་ཅིག་བྱོག་འགྱོ་ དེ་འབདཝ་ད་ཁོང་གཉིས་ དྲོ་པ་ནམ་ལངས་ཏེ་བབས་འགྱོཝ་ད་ ཨ་ཅོ་གི་དྲག་སྟེ་ དོརམ་ཕུད་ཡི་རང་འབག་འགྱོ་འགྱོཝ་ཨིན་མས་ལོ་ ནུ་གཅུང་དྲག་སྟེ་ ཏི་རུ་འཚོལ་སྦེ་ ལགཔ་ཧེམ་ཅུ་ནང་རྐྱབ་ཅི་རང་ ཏི་རུ་འཚོལ་ཡི་འཚོལ་ཡི་རང་འབག་དོ་མས་ལོ་ དེ་ལས་འགྱོ་དོ་མས་ཁོང་གཉིས་ འགྱོ་སྟེ་ཕར་ལྷོདཔ་ད་ལུ།
  • ཆོས་འཛོམས་ Chozom
    ཕར་ལྷོདཔ་ད་ལུནི་ ཆུ་སྦོམ་ཅིག་དང་འཕྱད་དོ་མས་ལོ་ཁོང་གཉིས་ ལམ་རྩ་ལས་རང་མེད་པར་ ད་ག་དེ་སྦེ་འབད་ནི་ཨིན་ན་ཟེར་ ནང་དོག་སྟེ་ ནུ་གཅུང་ནང་དོག་སྟེ་སྡོད་ནུག་ཏེ་ དེ་ལས་ཨ་ཅོ་གིས་ དོརམ་གི་ཟམ་པ་ དོརམ་གིས་འབད་བཙེམས་ཏེ་ དོརམ་ག་ར་བཙེམས་ཏེ་ ཟམ་སྤྲིངས་ནུག་ཏེ་ དོརམ་གི་ཟམ་པ་ དེ་ལས་དོརམ་གི་ཟམ་པ་སྤྲིངས་ཏེ་ དེ་ལས་ དོརམ་གི་ཟམ་པ་ལས་ཕར་བརྒལ་ཏེ་འགྱོ་འགྱོཝ་མས་ལོ་ཁོང་གཉིས།
  • ཆོས་འཛོམས་ Chozom
    བརྒལ་ཏེ་འགྱོ་སྦེ་ ཕར་ལྷོད་ ཕར་ལྷོདཔ་ད་ལུནི་ འགོ་དང་པ་རང་ ཨ་ནཱི་འཕྱད་དོ་མས་ཁོང་གཉིས་ དྲིལ་བུ་བརྡུང་མི་ དྲིལ་བུ་བརྡུང་སྟེ་འདུག་ཟེརཝ་མས་ལོ་ མི་འདི་ཚུ་ ཆུ་ཕར་ཁར་ལྷོདཔ་ད་ལུནི་ དེ་ལས་འ་ནཱི་དྲིལ་བུ་དཀྲོག་སྟེ་ ཏི་ལིང་ཏི་ལིང་བཏང་བལྟཝ་མས་ལོ་ཁོ་གིས་ དེ་འབདཝ་ད་ནུ་གཅུང་གིས་ མ་དཀྲོག་མ་དཀྲོག་རོགས་ཀྱི་ཅ་ལ་ ཟེར་སླབ་དོ་མས་ཏེ་ དེ་ལས་ཁོ་གིས་དཀྲོགས་བཞག་སྦེ་ འགྱོ་ཡི་ལོ་ཁོང་གཉིས་ ཕྱི་རུ་ ད་འདི་གིས་གཅིག་འབད་རང་འབད་ནི་མས་ཟེར།
  • ཆོས་འཛོམས་ Chozom
    ལམ་ཐག་རིང་སར་རང་ཧེན་པར་འབག་འབགཔ་མས་ཏེ་ ནུ་གཅུང་གིས་ ད་ཨརཝ་རྐྱབ་ནི་འདྲས་ཟེར་ དེ་ལས་ཞག་གཅིག་འབདཝ་ད་གུར་སྤུབས་སྦེ་ཉལ་ཉལཝ་མས་ཏེ་ཁོང་གཉིས་ ཞག་གཅིག་གི་ནང་འཁོད་ལུ་ དྲོ་པ་འབདཝ་ད་ དྲིལ་བུ་ཁོ་གི་ལགཔ་ཁར་ཏི་ལིང་བཏང་ལྷོད་ནུག་ལོ་ ཁོ་ཕར་ཚུར་ལམ་འགྱོ་སྟེ་ སྡོད་སྡོདཔ་མས་ཏེ་ཞག་གཅིག་ དྲིལ་བུ་ལེན་པར་འགྱོ་སྟེ་ དེ་ལས་ བླ་མ་མཁྱེན་ནོ་ད་རུང་དྲིལ་བུ་འབག་ནུག་སྨ་རེད་ཁྱོད་ཀྱིས་ཟེར་ ད་ད་རུང་ཐོན་འོང་མས་ ཨ་ནཱི་ཚོང་པ་གིས་ཟེར།
  • ཆོས་འཛོམས་ Chozom
    དྲིལ་བུ་བརྡུང་མི་གིས་ཟེར་ ད་རུང་བྱོག་འགྱོ་དོ་མས་ཏེ་ཁོང་གཉིས་ ད་རུང་བྱོག་འགྱོ་སྟེ་ ཡར་ཡར་ ག་ལྷོད་གུ་ལྷོད་རང་བྱོག་སྟེ་ འགྱོཝ་ད་ ད་རུང་ཨ་ནཱི་བརྡུང་མི་དང་འཕྱད་ནུག་ ཀྲང་ཀྲི་འདི་ཚུ་བཟོ་མི་དང་འཕྱདཔ་མས་ཟེརཝ་མས་ལོ་ ཀྲང་ཀྲི་ཁོ་གིས་ཀོ་ཏོང་ཀོ་ཏོང་བཏང་དཀྲོགས་ཏེ་བལྟཝ་མས་ཟེརཝ་མས་ལོ་ མ་དཀྲོག་རོགས་ཀྱི་ཅ་ལ་ ཟེར་སླབ་སྟེ་ ཉན་འོང་ག་ཁོ་གིས་དཀྲོགས་བལྟ་བཞག་སྟེ་འོང་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ཕྱི་རུ་ད་རུང་ལེན་པར་འགྱོ་འོང་འདི་གིས་ཟེར་ ད་རུང་ལམ་ཐག་རིང་སར་ཧེན་པར་འབག་ ད་རུང་ཞག་གཅིག་འབདཝ་ད་ལུ་ ཁོ་གི་ལག་པར་ལྷོད་ནུག་ལོ་དྲོ་པ་ ཨ་ནཱི་ཀྲང་ཀྲི་ཡང་ དེ་ལས་ ད་རུང་འགྱོ་དོ་མས་ཏེ་ ཨ་ནཱི་གིས་བདའ་ཐོན་འོང་ཟེར་ ནུ་གཅུང་འདྲོག་འདྲོགཔ་ས་རང་ དེ་ལས་བྱོག་འགྱོཝ་ད་ལུ་ ཕར་ལྷོདཔ་ད་ལུ་ ཨ་ནཱི་དང་འཕྱདཔ་མས་ཟེརཝ་མས་ལོ་ རོལམོ་བརྡུང་མི་ རོལམོ་བརྡུང་སྟེ་ གནམ་མེད་ས་མེད་འདུག་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    ཨཱ་་་རོལམོ་གཅིག་འཐུ་སྟེ་ ཚང་ཚང་བཏང་དཀྲོག་བལྟ་དོ་མས་ཏེ་ཁོ་གིས་ དེ་ལས་ ནུ་གཅུང་གིས་མ་དཀྲོག་རོགས་ཀྱི་ཅ་ལ་ལུ་ཟེར་ དེ་ལས་བཞག་སྟེ་འོང་མས་ཟེརཝ་མས་ལོ་ད་རུང་ དྲོ་པ་ནམ་ལངསམ་དནི་ ད་རུང་ཁོ་འབད་སར་ལྷོད་ནུག་ཟེརཝ་མས་ལོ་ ཨ་ནཱི་རོལམོ་གཅིག་ད་རུང་ དེ་ལས་ ག་དེ་སྦེ་འབད་རུང་ཁོ་རང་རྒྱལ་དོ་མས་ཏེ་ ད་རུང་ནུ་གཅུང་འདྲོག་སྟེ་བྱོག་འགྱོ་དོ་མས་ཏེ་ ད་རུང་ཕར་ལྷོདཔ་ད་ལུ་ ད་རུང་རྔ་སྤྲིང་མི་དང་འཕྱདཔ་མས་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    རྔ་ཀྲིང་སྟེ་ རྔ་གནམ་མེད་ས་མེད་དཀྲོག་ཆོག་ཆོག་བཟོ་སྟེ་ དེ་ལས་ཁོ་གིས་ དུང་དུང་བཏང་དཀྲོག་བལྟཝ་མས་ཟེརཝ་མས་ལོ་ད་རུང་རྔ་ཡང་ དེ་ལས་ད་རུང་ཨ་ནཱི་གིས་ གཅིག་འབད་རང་འབད་ནི་མས་ཟེར་ ཐག་རིང་སར་ག་དེམ་ཅིག་འཁྱིད་འགྱོ་རུང་ ཁོ་གིས་དྲོ་པ་འབདཝ་ད་ ཁོ་འབད་སར་ལྷོད་འོང་སྟེ་ རེ་རེ་ནུབ་མོ་ཞག་གཅིག་ལམ་འགྱོ་སྟེ་སྡོད་དོ་མས་ཁོ་གིས་ དེ་ལས་ ནུ་གཅུང་ད་རུང་ཧེང་སྐལ་འདྲོག་སྟེ་ད་རུང་བྱོག་འགྱོ་དོ་མས་ དེ་ལས།
  • ཆོས་འཛོམས་ Chozom
    last མཇུག་ལུ་ལྷོདཔ་ད་ལུ་ ཨ་མ་གཅིག་བུམོ་གཅིག་གི་ཁྱིམ་ནང་ལྷོད་ལྷོདཔ་མས་ལོ་ཁོང་གཉིས་ཉལ་བར་ དེ་འབདཝ་ད་ བུམོ་གཅིག་དང་ཨ་མ་གཅིག་གི་ཁྱིམ་ནང་ཉལ་བར་ལྷོད་སྦེ་ ཟས་གདོང་ཁར་བཀང་སྦེ་འདུག་ཟེརཝ་མས་ལོ་ ཨ་མ་བུམོ་གཉིས་ ད་ང་བཅས་གཉིས་ ད་རིས་རྐྱངམ་ཅིག་འ་ནེ་ཅིག་ཟ་ནི་ཐོབ་ནི་ཨིན་ ད་ཕྱི་རུནི་སེམས་ཅན་གྱིས་ཟ་ནི་ཨིན་ཟེར་ སླབ་མས་ཟེརཝ་མས་ལོ་ སེམས་ཅན་སྟག་འོང་ནི་མས་ལོ་ཁོང་གཉིས་བཟའ་བར།
  • ཆོས་འཛོམས་ Chozom
    དེ་ལས་ འ་ནཱི་གཅིག་ཟ་སྦེ་ ད་ཤི་ནི་ཨིན་ཟེར་ དང་ཕུ་ དེ་སྦེ་ལྟོ་བྱིན་ནི་སྡོད་སྡོདཔ་འདྲས་མེན་ན་སེམས་ཅན་ལུ་མི་ དེ་ལས་ཟས་ཟ་སྦེ་ག་ར་གདོང་ཁར་བཀང་མི་འདི་ཟ་སྦེ་ དེ་ལས་ ཤི་ནི་མས་ཏེ་ ཟ་ནི་ཨིན་པས་སེམས་ཅན་གྱིས་ དེ་སྦེ་སྡོད་སྡོདཔ་མས་ཏེ་ ཁོང་གཉིས་དེ་སྦེ་སྡོདཔ་ད་ལུ་ སླབ་མས་ཟེརཝ་མས་ལོ་ དེ་སྦེ་འབདཝ་ཨིན་ཟེར་ དེ་ལས་ལྟོ་ཡང་ཁོང་གཉིས་ཀྱིས་ཕྱེ་འཐག་འཐག་ཟ་ ག་ཅི་ཡོད་མི་འདི་ཁོང་གཉིས་ཀྱིས་ཟ་སྦེ།
  • ཆོས་འཛོམས་ Chozom
    སླབ་མས་ཟེརཝ་མས་ལོ་ཏེ་ཨ་ཅོ་གིས་ གཞུ་དང་མདའ་འདི་ཚུ་ཡང་ ག་ར་ཡོད་དོ་མས་ཏེ་ཁོང་འབད་སར་ གཞུ་དང་མདའ་འདི་ཚུ་ཡང་ག་ར་ མདའ་དང་གཞུ་ནཱ་ལྷོད་སྦེ་བཟོ་དོ་མས་ཏེ་ཁོ་གིས་ བཟོ་སྦེ་ མདའ་བཟོ་ གཞུ་བཟོ་ ལེགས་ཤོམ་འབད་བཟོ་སྟེ་ ཨ་ནཱི་དུག་ཡང་བཀལ་སྦེ་ མདའ་གུ་ལུ་ཡང་ དུག་བཀལ་སྦེ་བཟོ་ དེ་ལས་ ཕྱི་རུ་ཉལཝ་ད་ལུ་ ཁྱོད་ཆ་ཁྱབ་ནང་ན་ཉལ་ཤིག་ཟེར་ ང་སྒོ་ཕྲང་སྟེ་རང་ང་ཉལ་གེ་སྨ་རེད་ཟེར་ ཉལ་ཉལཝ་ཨིན་ལོ་མེན་ན་ཁོ་གིས།
  • ཆོས་འཛོམས་ Chozom
    སེམས་ཅན་གྱིས་ ཟ་རུང་ང་ཟ་བཅུག་སྨ་རེད་ཟེར་ ཁོ་གིས་ དེ་ལས་ ནུ་གཅུང་འབད་བ་ཅིན་ ཕར་ཨའི་དང་བུམོ་ནང་ན་ཉལཝ་ད་ ཁོ་ཡང་ནང་ན་ཧེན་དོ་མས་ དེ་འབདཝ་ད་ལུ་ ཕྱི་རུ་ནམ་བསྲོ་ཁམས་ལུ་ དེ་ལས་ སེམས་ཅན་འོང་མས་ཟེརཝ་མས་ལོ་ ཧུང་ཧུང་བཏང་སྐད་རྐྱབ་མས་ལོ་ ལམ་ཐག་རིང་ས་ལས་རང་ དེ་ལས་ སེམས་ཅན་ཧུང་ཧུང་བཏང་སྐད་རྐྱབ་ད་ལུ་ ད་འོང་དེས་སྨ་རེད་ཟེར་ སྡོད་དོ་མས་ཏེ་ཁོ།
  • ཆོས་འཛོམས་ Chozom
    མདའ་འ་ནཱི་འབད་བཀང་སྦེ་ ད་ལྟོ་རང་བཏང་ཆོག་ཆོ་འབད་ དེ་སྦེ་སྡོདཔ་ད་ལུ་ མདའ་མེན་པས་མས་ཨ་ནཱི་ཁར་འདི་ ཨིན་མདའ་ཡང་ཡོདཔ་སྦེ་ མདའ་ཡང་ལགཔ་ཁར་སྦེ་རང་ཡོད་དོ་མས་ཡོད་ནི་འདི་ དེ་འབདཝ་ད་ བླ་མ་་་་་ ལྟ་མ་འབདཝ་ད་ལུ་ ཨ་ནཱ་ཤག་སྐོར་ཁར་ལྷོད་ཅི་ཟེརཝ་མས་ལོ་ཏེ་ ཁྲཱོ་ལོ་ཁྲཱོ་ལོ་བཏང་ སེམས་ཅན་སྟག་གིས་ ལམ་ཐག་རིང་ས་ལས་འོངམ་ད་ ཧུང་ཧུང་བཏང་སྐད་རྐྱབ་འོང་ ང་བཅས་རའི་སྦོ་ལོགས་ཁར་ལྷོདཔ་ད་ ཧོརཔ་བཏོན་དོ་བཟུམ་སྦེ་འོང་ལོ་མེན་ན་ཏེ།
  • ཆོས་འཛོམས་ Chozom
    ཁྲཱོ་ལོ་ཁྲཱོ་ལོ་བཏང་ མིག་ཏོ་རང་ ཀི་ལིང་ཀི་ལིང་ཀི་ལིང་བལྟཝ་མས་ཟེརཝ་མས་ལོ་དེ་བསྒང་ལུ་ ཨ་ནཱ་སྒོ་ཕྱེ་སྟེ་མིན་འདུག་ཟེར་ ཙིགཔ་ཟ་དོ་མས་ཏེ་ མིག་ཏོ་རང་འདྲོག་སི་སི་བལྟཝ་མས་ཟེརཝ་མས་ལོ་ དེ་ཅིག་གི་བར་ན་ཁོ་ གཟུགས་འདར་འདརཝ་མས་ཏེ་ འདྲོག་འདྲོགཔ་མས་ཏེ་ཁོ་ འདྲོག་སྟེ་ དེ་ལས་ རྔ་ རོལ་མོ་ འདི་ཚུ་ག་ར་ལགཔ་ཁར་འབད་དེ་ དེ་ལས་མདའ་འདི་ཚུ་ག་ར་ལགཔ་ཁར་སྦེ་ འདར་འདར་བའི་བར་ན་མར་མདའ་རྐྱབ་ནི་གི་བྱ་བ་འདི་ག་ཏེ་འོང་བ་ཁོ་ རྔ་དང་རོལ་མོ་ཚུ་དཀྲོག་ ཀྲང་ཀྲི་དཀྲོག་ ཨ་ནཱི་དྲིལ་བུ་དཀྲོག་སྦེ་ སེམས་ཅན་གུ་བུད་འོང་འོངམ་མས་ལོ་ཁོ་ ཡར་གནམ་ཁ་ལས།
  • ཆོས་འཛོམས་ Chozom
    བུད་འོངམ་ད་ལུ་ སེམས་ཅན་གྱི་ཐོག་ཁར་ རྟ་གུ་བཞོན་བཞོནམ་བཟུམ་སྦེ་འགྱོ་སྟེ་ དེ་ལས་སེམས་ཅན་གྱིས་ འཕུར་ཏེ་འབག་དོ་མས་ལོ་ཏེ་ཁོ་ སེམས་ཅན་གྱིས་འུར་འུར་ ཧུང་ཧུང་་་་བཏང་འཕུར་འབག་ ཁོ་གིས་ལགཔ་དལཝ་རང་མེད་པར་དྲིལ་བུ་དང་ཀྲང་ཀྲི་ རོལ་མོ་རྔ་འདི་ཚུ་ དཀྲོག་སྟེ་རང་འགྱོ་དོ་མས་ལོ་ཁོ་ ས་གླིང་སྦེ་འབག་འབགཔ་ཨིན་ལོ་ཁོ་ ཐག་རིང་སར་ དེ་འབདཝ་ད་ ཡ་བླ་མ་ ད་ང་ག་ཏེ་ལུ་ཡང་མི་བསྒུག་ནི་མས་ད་ ག་དེ་སྦེ་འབདན་ན་ཟེར།
  • ཆོས་འཛོམས་ Chozom
    ཨ་ཕི་ཤིང་རུ་སྦྱིས་ནང་ན་ལས་ཕར་འབག་བཅུག་ཤིག་ཟེར་ རུ་སྦྱིས་ནར་ནར་བཏང་འདུག་ཟེརཝ་མས་ལོ་ཏེ་ རུ་སྦྱིས་ཀྱི་ནང་ན་ལས་འབག་བཅུག་ཤིག་ང་ཟེར་ སྨོན་ལམ་བཏབ་བཏབ་ཨིན་ལོ་ཁོ་གིས་ དེ་འབདཝ་ད་རུ་སྦྱིས་ཀྱི་ནང་ན་ལས་ཕར་ འབག་འབགཔ་ཨིན་ལོ་ཏེ་ དེ་འབདཝ་ད་ རུ་སྦྱིས་ཨིན་པས་ཟེར་ བཟུངམ་ད་ལུ་ དཔྱངས་སྡོད་ནི་སྦེ་ཨིན་པས་ཏེ་ཁོ་ར་འདིནི་ ག་ར་སྦུལ་ཆེན་ཨིན་པས་ལོ་ཏེ་སྦུལ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་སྦུལ་ཨིན་པས་ཟེར་ སྦུལ་གྱི་འབད་ ད་རུང་རྟས་ལྕག་བཟུམ་སྦེ་ ཁོ་གུ་དྲང་འབག་དོ་མས་ཏེ་སེམས་ཅན་གུ་ སེམས་ཅན་གུ་དྲང་འབག་པའི་བར་ན་ གཡུས་གཅིག་ནང་ དཔོན་གཅིག་གི་གཡུས་ཁ་ལུ་ལྷོད་ལྷོདཔ་ཨིན་ལོ་ཁོ་ ནུབ་མོ་གཅིག་འབདཝ་ད་ལུ་ ལྷོད་སྦེ་ ཨ་ནཱི་སེམས་ཅན་འདིན་ རྫོང་སྐོར་ར་རྐྱབ་སྦེ་ཤི་ཤིཝ་ཨིན་ལོ་ཏེ་ ཐང་ཆད་དེ་ དེ་འབདཝ་ད་ ཁོ་ཡང་འ་ནཱ་དྲན་མེད་བརྒྱལ་ཏེ་ཡོད་དོ་མས་ཏེ་ འུ་སྡུག་སྟེ།
  • ཆོས་འཛོམས་ Chozom
    ཨ་ནཱི་ཨ་ཅོ་ཡང་ ཨ་ཅོ་རྩ་རྒས་ཡང་ དེ་འབདཝ་ད་དྲོ་པ་རོགས་སྒརཔ་ཚུ་གིས་མཐོང་དོ་མས་ཏེ་ ཡ་བླ་མ་མི་གཅིག་ཤི་སོང་ནུག་ཟེར་ ག་དེ་སྦེ་ཨིན་ན་ཟེར་ ཨ་ནཱི་ཆོས་ཆའི་ཅ་ལ་འདིན་ག་ར་འདུག་ཟེར་ དེ་ལས་ཏེ་ ཁོ་ར་འདིན་རྩ་རྒས་ཐབ་ཐོབ་ཅིག་ཨིན་པས་ཟེར་ དེ་ལས་ཏེ་ རྟས་ལྕག་འདིན་སྦུལ་ཨིན་པས་ཟེར་ ཡིད་ཆེས་ཏེ་ སྦུལ་ཡང་ཤི་ཤིཝ་མས་ཏེ་ ཁོ་གིས་རྟས་ལྕག་དྲང་ནི་དེ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ཡིད་ཆེས་ཏེ་ དེ་ལས་ དཔོན་གྱི་སྐུ་མདུན་ལུ་འཁྱིད་འབག་འབགཔ་ཨིན་ལོ་མེན་ན་ཏེ་ཁོ་ རོགས་ཀྱིས་ དེ་ལས་དཔོན་གྱིས་ བཞག་བཞགཔ་ཨིན་ལོ་ཏེ་ཁོ་ ད་ཁྱོད་སྲིན་པོ་བཏུལ་ནི་ཁྱོད་དྲག་ནི་མས་ཟེར་ སྲིན་པོ་བཏུལ་བར་བཏང་ནི་སྨ་རེད་ཟེར་བཞག་བཞགཔ་མས་ལོ་ དེ་ལས་བཞག་སྦེ་ དེ་ལས་ཁོ་སྲིན་པོ་བཏུལ་བར་བཏང་བཏངམ་ཨིན་ལོ་ཏེ་ཁོ་ གེ་ཟ་གི་ཕྱེ་འཐག་སྟེ་ ཨ་ནཱི་ཧེ་མ་རང་གེ་ཟ་བརྔོ་ བརྔོ་སྦེ་ དེ་ལས་ཕྱེ་འཐག་ དེ་ལས་ཅི་ནི་(གུ་རམ་)བླུགས་ ཨ་ནཱི་མངརམོ་བླུགས་སྦེ་ དེ་ལས་འདི་གུ་དུག་བླུགས་སྦེ།
  • ཆོས་འཛོམས་ Chozom
    ཕད་ཅུང་གང་བཟོ་ དེ་ལས་ གོ་ལ་གྱོན་ མདའ་དང་གཞུ་འབག་སྦེ་ འགྱོ་འགྱོཝ་ཨིན་ལོ་ཁོ་སྲིན་པོ་བཏུབ་བར་ བཏང་བཏངམ་ཨིན་ལོ་ཏེ་ དེ་ལས་སྲིན་པོའི་ཁྱིམ་ནང་འགྱོ་སྦེ་ སྲིན་པོ་ག་ཡང་མིན་འདུག་ཟེརཝ་མས་ལོ་ ཁྱིམ་སྟོངམ་འདུག་ཟེརཝ་མས་ལོ་ སྲིན་པོའི་ཁྱིམ་ནང་འགྱོ་སྦེ་ གོ་གདན་འབད་ཐིང་སྦེ་ ཨ་ནཱི་ཧང་ ཕྱེ་ཧང་རྐྱབ་སྦེ་ མདའ་དང་གཞུ་ དེ་སྦེ་བཀང་བཀངམ་ས་ དེ་སྦེ་ཁོ་རའི་བྱང་ཁོག་ཁར་བཀལ་སྦེ་སྡོད་སྡོདཔ་ཨིན་ལོ་ གང་རྐྱལ་སྦེ་སྡོད་སྡོདཔ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ཕྱི་རུ་ལྷོདཔ་མས་ཟེརཝ་མས་ལོ་ ད་ཀ་ད་ཀ་བཏང་སྲིན་པོ་འདི་ཚུ་ལྷོད་སྦེ་ དེ་ལས་ སྲིན་པོ་ལྷོདཔ་ད་ ལྷོད་དེ་ད་ ཛའི་འུ་སྡུག་མ་དགོ་པའི་ཤ་འོང་ནུག་སྨ་རེད་ང་བཅས་ལུ་ ང་བཅས་ར་བཟའ་ནི་གི་ཟེར་ ད་ང་བཅས་ར་འཚོལ་མ་དགོ་པར་ཁྱིམ་ནང་འཛུལ་ཏེ་འོང་ནུག་སྨ་རེད་ཟེར་ གནམ་མེད་ས་མེད་སེམས་དགའ་སྟེ་ དེ་ལས་ སྲིན་པོ་འདི་ཚུ་ཡིད་ཆེས་ཏེ་ ལྟོཝ་བཀྱེས་ཏེ་ཤི་ཤིཝ་ཨིན་ན་ ག་ཅི་འབད་ཤི་ཡི་ག་ ཨ་ནཱི་མི་འདི་ཟེར་ ཁོ་ཤི་ཤིཝ་བཟུམ་སྦེ་ ཨ་བུག་གུ་ཕྱེ་ཨ་ཙི་བཏབ་ ཁ་གུ་ཕྱེ་ཨ་ཙི་བཏབ་སྦེ་སྡོད་སྡོདཔ་མས་ལོ།
  • ཆོས་འཛོམས་ Chozom
    ཤི་ཤིཝ་བཟུམ་བཟོ་སྦེ་ དེ་ལས་ ག་དེ་འབད་ཤི་ཤིཝ་ཨིན་ན་ཟེར་ ལྟོཝ་བཀྱེས་ཏེ་ཤི་ཤིཝ་འབད་བ་ཅིན་ རྒྱགས་སྐལ་ཧང་བཙུགས་ཏེ་འདུག་ཟེར་ ལྟོཝ་བཀྱེས་ཏེ་ཤི་ཤིཝ་ཨིན་ན། རྒྱགས་སྐལ་ཧང་མི་བཙུགས། སླབ་མས་ལོ་ འདྲོག་སྟེ་ཤི་ཤིཝ་ཨིན་ན། མདའ་གཞུ་འབག་སྟེ་མི་སྡོད་ཟེར་ འདྲོག་སྟེ་ཤི་ཤིཝ་འབད་བ་ཅིན་ ཨ་ནཱི་མདའ་བཀང་བཀངམ་ས་མི་ཤི་ཟེར་ དེ་ལས་ བྱང་སྟེ་ཤི་ཤིཝ་ཨིན་ན་ གོ་ལ་གདན་མི་ཐིང་ ཟེར་སླབ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ བྱང་སྟེ་ཤི་ཤིཝ་འབད་བ་ཅིན་ གོ་ཐིང་སྟེ་མི་ཉལ་ཟེར་ དེ་སྦེ་སླབ་མས་ཟེརཝ་མས་ལོ་ཏེ་ཁོ་ཆ་ཁྱབ་ ཨ་ནཱི་སྲིན་པོ་འདི་ཚུ་བློ་སླབ་མས་ལོ་ཏེ་ དེ་འབདཝ་ད་ ཁོ་གི་ཧང་གི་ཕད་ཅུང་འདི་ སཱད་བཏང་འཐེན་ཏེ་འབག་ཡི་ལོ་མས་ལྟ་མ་འབདཝ་ད་ འཐེན་འབག་སྦེ་ ཨ་པ་གིས་འབག་སྦེ་ དེ་ལས་ ཁ་ཕྱེ་སྦེ་ ཟ་བལྟཝ་མས་ཟེརཝ་མས་ལོ་ཏེ་ཨ་པ་གིས་ ཛའི་གནམ་མེད་ས་མེད་ཞིམ་མས་ཟེརཝ་མས་ལོ་ཏེ་ དེ་འབདཝ་ད་ལུ་ གཅིག་གིས་ཡང་ང་ལུ་གནང་ གཅིག་གིས་ཡང་ང་ལུ་གནང་ གཅིག་གིས་ཡང་ང་ལུ་གནང་ཟེརཝ་མས་ལོ་ཏེ་ དེ་ལས་ག་ར་གིས་ང་ལུ་གནང་ ང་ལུ་གནང་ཟེར་ དེ་ལས་ ག་ར་ལུ་བྱིན་བྱིནམ་མས་ཏེ་ སྤར་གང་གང་རེ་ཨ་པ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ཟ་སྟེ་ ཨ་ནཱི་ཕྱེ་ཕད་ཅུང་གང་ ཟ་ཚར་ཚར་ཟ་ཟཝ་མས་ཏེ་ཁོང་གིས་ ཟ་སྦེ་ལྟ་མ་འབདཝ་ད་ ན་དོ་མས་ཏེ་ ཁོང་ཆ་ཁྱབ་འདིན་དུག་གིས་ན་དོ་མས་ཏེ་ དེ་ལས་ ཨ་པ་གིས་ང་ནཝ་མས་ཟེར་ སླབ་དོ་མས་ དེ་ལས་ ག་ར་གིས་རང་ནཝ་མས་ ནཝ་མས་ཟེར་ ག་ར་ཤི་དོ་མས་ཏེ་ ཁྱིམ་གང་ ག་ར་ དེ་ལས་ཤི་སྦེ་ དེ་ལས་ སྲིན་པོ་གི་ལགཔ་ རྐངམ་འདི་ཚུ་ག་ར་བཏོག་སྦེ་འབག་འབགཔ་ཨིན་ལོ་ཁོ་གིས།
  • ཆོས་འཛོམས་ Chozom
    བཏོག་སྟེ་དཔོན་ལུ་ཕུལ་བར་ དེ་ལས་སྲིན་པོ་འདི་ཚུ་ག་ར་ཕུལ་ཏེ་ ཕུལ་བར་འབག་སྦེ་ དཔོན་ཐུགས་དགྱེས་ཏེ་ བླ་མ་མཁྱེན་ནོ་ད་ ད་ཁྱོད་གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་སྨ་རེད་ཟེར་ ཁྱོད་ལུ་ག་ཅི་བྱིན་ནི་ང་གིས་ཟེར་ ད་ཁྱོད་ལུ་བཀའ་དྲིན་དགའ་ཚོར་གྱི་ག་ཅི་ཅིག་འདི་བྱིན་རང་བྱིན་དགོ་ ཟེར་གསུངསམ་ད་ ག་ནི་ཡང་མི་དགོ་ ཟེར་ཞུ་ནུག་ཏེ་ཁོ་གིས་ དེ་འབདཝ་ད་ཁྱོད་ལུ་ ད་རྫོང་ཕྱེད་ཀ་གཅིག་ཁྱོད་ལུ་བྱིན་ནི་ཨིན་སྨ་རེད་ཟེར་ བཀའ་གནང་ནུག་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ཁོ་ལུ་རྫོང་ཕྱེད་ཀ་ཅིག་བྱིན་ནུག་ཏེ་ དེ་ལས་ང་ལུ་ནུ་གཅུང་གཅིག་ཡོད་ ནུ་གཅུང་འཕྱད་པར་འགྱོ་དགོ་ ཟེར་འགྱོ་ནུག་ཏེ་ཁོ་ ནུ་གཅུང་འབད་སར་སོང་སྟེ་ ནུ་གཅུང་ཡང་ ཨ་ནཱི་བུམོ་དང་གཅིག་ཁར་གཉེན་རྐྱབ་སྦེ་ དེ་ལས་ ཁོ་དང་གཅིག་ཁར་བཞག་ནུག་ཏེ་ ནཱ་ལུ་ དེ་ལས་ཁོ་ཡང་ཨ་ནཱ་རྒྱལ་པོ་དང་གཅིག་ཁར་ཁོང་ཆ་ཁྱབ་ཡང་ག་ར་བདེ་ཏོག་ཏོ་སོང་ནུག་ཏེ་ ཕྱུགཔོ་གནམ་མེད་ས་མེད་འགྱོ་འགྱོཝ་མས་ཏེ་དེ་ལས་ དེ་ལས་འ་ནཱི་ཅིག
  • ཆོས་འཛོམས་ Chozom
    དང་ཕུ་འབད་བ་ཅིན་གཏམ་ ད་ལྟོ་འབད་བ་ཅིན་སྲུང།། །།