Skip to main content Skip to search
29 Jan 2016
4 min 41 sec
Video Overview
Creators: 
Sonam Tobgye, Sangay Tshomo

Every cause has an effect, and vice versa. This story shows how the law of cause and effect works. Once upon a time there were two brothers and a king. The younger one snored, so the king told the older one that if he heard the younger brother snoring, he would eat him. The older brother was scared, so he sang over the brother's snoring. In the end, both brothers were rewarded as a result of the older one protecting the younger one. 

 

Transcript search
No results found for this search
0 of 0
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  ཧེ་མ་ལགས། སྤུན་ཆ་གཉིས་སྡོད་སྡོདཔ་མས་ལགས། ཕོ་རྒནམ་གཅིག་དང་ནུ་གཅུང་གཅིག་ དེ་ལས་ཁོང་གཉིས་ ཉིནམ་ཅིག་འབདཝ་ད་ བཤལ་འགྱོ་གེ་ང་བཅས་གཉིས་ རྒྱལ་ཁབ་བཤལ་སྦེ་འགྱོ་ནི་ང་བཅས་གཉིས་ཟེར།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  ཏེ་ འགྱོ་གེ་ཟེར་ ཏེ་རྐངམ་ག་ལྷོད་སར་བཤལ་ཡི་ བཤལ་ཡི་ བཤལ་ཡི་འགྱོཝ་ད་ལུ་ དཔེ་འབད་བ་ཅིན་ཏེ་ ས་ཆ་གནས་སྟངས་མ་འདྲཝ་ཅིག་ལུ་ཏེ་ དཔེ་འབད་བ་ཅིན་ ཕྱིའི་རྒྱལ་ཁབ་བཟུམ་ཅིག་མེན་ནས་ཨིན་ནི་འདི་ དང་ཕུགས་གཏམ་འདི་ ག་ཅི་ཨིན་ན་ གནམ་མེད་ས་མེད་ ཉིནམ་ཅིག་འབདཝ་ད་ རྒྱལ་པོའི་ཕོ་བྲང་ཅིག་ནང་ལྷོད་སོ་ནུག་ལོ་ལགས།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  རྒྱལ་པོའི་ཕོ་བྲང་རྩ་བར་ལྷོདཔ་ད་ལུ་ ཕར་མིག་གིས་བལྟ་རང་མ་ཚུགས་པའི་གསེར་ ཚོན་ཡང་གསེར་གྱིས་བཏང་སྟེ་ གསེར་པག་ཅུ་པག་ཅུ་འབད་དེ་ གསེར་ལུ་མིག་ཏོ་རང་བལྟ་མ་ཚུགས་པའི་འོད་ཅེམ་ཅེ་འདུག་ཟེརཝ་མས་ལོ།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  ཏེ་འ་ནི་ཕོ་བྲང་ནང་ལྷོད་སོངཔ་སྦེ་ དེ་ལས་ རྒྱལ་པོའི་ཕྱག་སྒརཔ་ཅིག་གིས་མཐོང་མཐོང་མས། དབའེ་ཁྱེད་གཉིས་ག་ཏེ་ལས་འོངམ་སྨོ? ཟེརཝ་ད་ ང་བཅས་གཉིས་ འ་ནི་བཟུམ་སྦེ་ རྒྱལ་ཁབ་བཤལ་ རྐངམ་གིས་ག་ཏེ་ལྷོད་སར་ འ་ནི་བཟུམ་སྦེ་ལམ་འགྱོ་ ལྟོ་བཀྱེས་པ་ཅིན་ལྷང་ཟ་སྦེ་ ང་བཅས་གཉིས་ འ་ནི་བཟུམ་སྦེ་སྡོད་ཡོད་ང་བཅས་གཉིས་ ད་རེས་འ་ནི་བཟུམ་སྦེ་ལྷོད་སོ་ཡི། ཡ་ ཁྱེད་གཉིས་ཤོག་ཤོག་ནང་ན་ཟེར། དེ་ལས་ལྟོ་ཅིག་ཡང་ཟ་བཅུག་སྟེ་ དེ་ཚེ་ནམ་སྲོ་སྦེ་ཏེ་ ཉལ་ནི་གི་གནསཔོ་ཅིག་ཡང་ ན་སྡོད་དགོ་པས་ཟེརཝ་ད་ སྡོད་སྡོད་ཟེར་ ཏེ་ལྟོ་ཡང་མ་བཏུབ་བཏུབ་སྦེ་ཟ་བཅུག་ནུག་ལགས། ཟ་བཅུག་སྦེ་ཏེ།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  དེ་ཚེ་སླབ་སླབ་མས་ལགས། ཨ་ནི་ཕྱག་སྒརཔ་གིས་ རྒྱལ་པོའི་སྐུ་མདུན་ལུ་འབག་སྦེ་ ཡ་ ཁྱེད་གཉིས་ད་རེས་ང་གི་ནཱ་ ང་གི་ཕོ་བྲང་ནང་ཉལ་ནི་མས་ ཉལ་ཉལ་ དེ་འབདཝ་ད་ལུ་ ཧོརཔ་བཏོན་ནི་མེད་སྨེ། ཉལཝ་ད་ཧོརཔ་བཏོན་པ་ཅིན་ མི་ཟ་ནི་ཡོད་སྨེ། ཟེར་སླབ་སླབ་མས།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  ངོ་མ་འབད་རང་ཟ་འོང་སྨེ་ཟེར་ ཧོརཔ་མ་བཏོན་པར་ཉལ་སྨེ་ཟེར་ ཁུ་སིམ་སི་སྦེ་ ཨ་ཙི་ཡང་ཧོརཔ་བཏོནམ་སྦེ་ཉལ་བ་ཅིན་ཏེ་ ཁྱེད་གཉིས་ལུ་གནོདཔ་སྐྱེལ་དགོཔ་ག་ཅི་ཡང་མེད། ཏེ་ཧོརཔ་བཏོན་པ་ཅིན་ ཁྱེད་གཉིས་ག་ཧོརཔ་བཏོནམ་ཨིན་ན་ ཧོརཔ་བཏོན་མི་འདི་ཟ་རང་ཟ་ནི་སྨེ་ཟེར་ བཀའ་གནང་ནུག
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  དེ་འབདཝ་ད་ཏེ་ ཉལ་ཉལཝ་མས་ལགས། ནུབ་མོ་ནུ་གཅུང་གིས་གནམ་མེད་ས་མེད་ཧོརན་བཏོན་དོ་ཡོདཔ་མས་ལགས། གནམ་མེད་ས་མེད་ཧོརཔ་བཏོན་ཏེ་ ནུ་གཅུང་གིས་ཧོར་ཧོར།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  དེ་ལས་ ཕོ་རྒནམོ་གིས་ གནམ་མེད་ས་མེད་ཞབས་ཁྲ་ཤེས་དོ་ཡོདཔ་མས་ཞབས་ཁྲ་ལགས། དེ་ལས་འ་ནི་བཟུམ་གྱི་ཞབས་ཁྲ་ཚུ་ ཨིནམ་མེདམ་ག་ར་མེད་པར་ ལེགས་ཤོམ་ལེགས་ཤོམ་ཚུ་བསལ་ཡི་བསལ་ཡི་འཐེན་ཏེ་ ག་ཅི་བཟུམ་རང་འཐེན་ཏེ་ རྣམ་དཀར་བཤིག་སྟེ་འཐེན་སྦེ་ ནུ་གཅུང་གིས་ ཧོརཔ་བཏོན་མི་འདི་ རྣམ་ཅོག་གོ་མ་བཅུག་པར་ སྡོད་སྡོདཔ་མས་ལགས།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  དེ་ལས་ཏེ་ རྒྱལ་པོ་ཡང་ཐུགས་དགྱེས་ཏེ་ སྤ་དབའེ་ ཁྱོད་གནམ་མེད་ས་མེད་སྐད་ལེགས་ཤོམ་འདུག་ཟེར་ ད་རེས་ང་གི་ཕོ་བྲང་ནང་ཉལ་བ་ཉལ་རིན་ཆོག་ཅི། ཁྱོད་ཀྱིས་གནམ་མེད་ས་མེད་ ཞབས་ཁྲ་འདྲཝ་མ་འདྲཝ་གནམ་མེད་ས་མེད་ སྐད་ཧན་ཏོང་ཏོ་ གནམ་མེད་ས་མེད་དབྱངས་དང་ལྡན་པ་ ཁྱོད་ཀྱིས་ད་རེས་ པི་ཝང་དང་སྒྲ་སྙན་ནང་ན་ལས་འཐོན་འཐོནམ་བཟུམ་སྦེ་ སྙན་ཆ་སྦྲགས་སྦྲགསཔ་བཟུམ་སྦེ་ གནམ་མེད་ས་མེད་གླུ་གར་མཆོད་པ་ འ་ནི་བཟུམ་བཏང་བྱིན་ནི་འདི་གིས་ གནམ་མེད་ས་མེད་བཀའ་དྲིན་དགའ་ཚོར་ཡོད་སྨེ་ཟེར་ གསེར་པག་ཅུ་གཅིག་གནང་ནུག་ལགས།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  གསེར་པག་ཅུ་གཅིག་གནང་སྟེ་ དེ་ལས་ གསེར་ལེན་འབག་སྦེ་ འགྱོ་སྦེ་ལམ་ཁར་ལྷོདཔ་ད་ཁོང་གིས་མ་འཆམ་པས་ལགས། གསེར་བགོ་གེ་ཟེར་སླབ་སླབ་མས་བ་ནུ་གཅུང་གིས་འདི་ གསེར་བགོ་གེ་ཟེརཝ་ད་ གསེར་འདི་ང་ལུ་གནངམ་མ་གཏོགས་ ང་ཞབས་ཁྲ་འཐེན་སྦེ་ཐོབ་ཐོབ་མ་གཏོགས་ ཁྱོད་ཀྱིས་ཐོབ་ཐོབ་མེན་ ཁྱོད་ལུ་ང་གིས་བྱིན་མུ་ཚུགསཔ་ ཟེར་སླབ་ད་ དབའེ་ བགོ་གེ་ས་ ང་བཅས་སྤུན་ཆ་གཉིས་འབད་མི་ཡོད་ བགོ་གེ་ སྦུག་ལས་ཀྲིག་ཀྲ་འབད་ སྦུག་བཀག་རྐྱབ་སྦེ་ བགོ་གེ་ཟེར་སླབ་ནུག་ལགས།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  ཐག་ཆོད་རྦད་ཆོད་མི་བྱིན་ ཟེར་སླབ་ནུག་ལགས། དེ་ལས་ཏེ་ ཁོང་གཉིས་མ་འགྲིག་པས་ལགས། མ་འགྲིག་པར་ལགས། དེ་ལས་ ནུ་གཅུང་གིས་གནང་ ཟེརཝ་ད་མ་བྱིན། དེ་ལས་ ནུ་གཅུང་གིས་སླབ་ནུག ནུ་གཅུང་ཡང་རིག་རྩལ་ཡོདཔ་མས།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  དབའེ་ ཐད་རི་བ་རི་ཁྱོད་ར་གིས་ར་ ཐོབ་ཐོབ་ཨིན་ན་ ཟེརཝ་ད་ ང་ར་གིས་རང་ཐོབ་ཐོབ་ཨིན་ ཞབས་ཁྲ་འཐེན་ཏེ་ ང་གིས་ཧོརཔ་མ་བཏོན་པ་ཅིན་ ཁྱོད་ཀྱི་ཞབས་ཁྲ་མ་འཐེནམ་འོང་ ང་གིས་ཧོརཔ་བཏོནམ་ལས་རྐྱངམ་ཅིག་ ཁྱོད་ཀྱིས་ཞབས་ཁྲ་འཐེན་ནུག ང་ཟ་འོང་ཟེར་ ཞབས་ཁྲ་འཐེན་འཐེནམ་འོང་ འཐེན་འཐེནམ་ཨིན། ཁྱོད་ཀྱིས་ང་ལུ་ སྙིང་རྗེ་བསྐྱེད་དེ་འཐེན་འཐེནམ་ཨིན་པས་ཨིན་ནི་འདི།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  ཨིན་ཏེ་འབད་རུང་ ང་གིས་ཧོརཔ་མ་བཏོན་པ་ཅིན་ ཁྱོད་ཀྱིས་ཞབས་ཁྲ་མི་འཐེན་ ང་བཅས་གཉིས་ཆ་ར་ ཉལ་སྡོད་པ་ཅིན་ ང་བཅས་གཉིས་ཆ་ར་མ་ཐོབ་འོང་ འ་ནི་གསེར་འདི་ བྱིན་རང་བྱིན་དགོ་པས་ཟེརཝ་ད་ལུ་ ཏེ་ཕོ་རྒནམ་ཡང་ མནོ་བསམ་བཏང་སྟེ་ དབའེ་ ཁོ་གི་ལོ་རྒྱུས་ཡང་ཨིན་པས་སྨོ་ཟེར་ ཆ་གནས་ཅིག་འདུག་ཟེར།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  ད་ ཁོ་གིས་ཧོརཔ་མ་བཏོན་པ་ཅིན་ ང་གིས་ཞབས་ཁྲ་ཐད་རི་བ་རི་མི་འཐེན་ ཁོ་གིས་ཧོརཔ་བཏོན་ནི་འདི་གིས་ ཞབས་ཁྲབ་འཐེན་ཡི། དེ་ལས་ ཞབས་ཁྲ་འཐེན་ཞིནམ་ལས་ཏེ་ གསོལ་རས་འདི་ རྒྱལ་པོ་གིས་འ་ནི་བཟུམ་སྦེ་གནང་གནངམ་ཨིན། ཁོ་གིས་སླབ་མི་ཡང་ལེགས་ཤོམ་ཅིག་ཨིན་པས་ཟེར།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  དེ་ལས་ གསེར་བགོ་ཡི་ལོ་ཁོང་གཉིས་ལགས། འདྲན་འདྲ་འབད་དེ་ འདྲ་མཉམ་དང་དྲང་བདེན་ཐོག་ལས་འབད་དེ་བགོ་སྦེ་ དགའ་ཏོག་ཏོ་སྦེ་ ཏེ་ཁོང་སྤུན་ཆ་གཉིས་ཡང་ཏེ་ གནམ་མེད་ས་མེད་དགའ་ཏོག་ཏོ་འབད་དེ་ སྡོད་དེ་ཡོད་ལགས།
 • ཕུན་ཚོགས་དབང་འདུས/Phuntsho Wangdi
  བཀའ་དྲིན་ཆེ་ལགས།