Skip to main content Skip to search
18 Mar 2015
4 min 51 sec
Video Overview
Creators: 
Norzin Lhamo

Chimi Wangmo from Drakteng Gewog (county) of Trongsa Dzongkhag (district) narrates two stories of three best friends. The first is a humorous story of a hungry ghost, while the second story talks about how a human can be managed through various means. As with these stories, most Bhutanese storytelling has a message that plays a vital role in educating the next generation about how to behave and think. Storytelling is an oral tradition where elder people pass on knowledge and lore to younger generations. In Bhutanese tradition, stories are told after dinner around the fire, in bed to put children to sleep, and during the day to pass the time

༉  ང་བཅས་ར་འབྲུག་པའི་ལམ་སྲོལ་ལུ་ དང་ཕུ་གི་གཏམ་ཟེར་ ཕྱི་རུ་ཉལ་རན་ཁར་ རྒན་ཤོས་ཚུ་གིས་གཞོནམ་ཆ་ཁྱབ་བསྐོར་ར་རྐྱབ་སྟེ་སྡོད་བཅུག་ཞིནམ་ལས་དང་ ཡང་ཅིན་ མལ་ཆ་བཟོ་ མགུ་ཧང་ཁར་བཀལ་ཏེ་གཉིད་མ་ལོག་ཚུན་ཚོད་ སྲུང་ཤེས་མི་ཅིག་གིས་སྲུང་གཏང་བཏང་སྟེ་ ཉན་མི་ཚུ་གིས་ ཨེ་་་་ཨེ་་་་ཟེར་རང་ལན་འཇལ་ཏེ་ སྲུང་གཏང་སྲོལ་གྱི་ལམ་སྲོལ་ཅིག་སྡོད་ནུག ཨིན་རུང་ ད་རེས་ནངས་པར་ ལམ་སྲོལ་ག་ཅི་གི་ཐད་ལས་འབད་རུང་ དེང་སང་གི་འཕྲུལ་ཆས་ཀྱིས་ཡར་རྒྱས་གོང་འཕེལ་ལས་བརྟེན་ཏེ་ རང་ལུགས་ཀྱི་ལམ་སྲོལ་ཚུ་མར་ཉམས་ཏེ་འགྱོ་ཡོདཔ་བཞིན་དུ་ འདི་བཟུམ་གྱི་སྲུང་གཏང་ནི་གི་ལམ་སྲོལ་ཡང་ཉམས་འགྱོ་སྟེ་ཡོདཔ་ཨིན། སྲུང་གི་རིགས་ལས་ ལ་ལུ་སྐྱོ་སི་སི་ ལ་ལུ་འདྲོག་སི་སི་ ལ་ལུ་སྤྲོ་བ་ཆེ་ཏོག་ཏོ་སྦེ་ཡོད་པའི་གྲས་ལས་ ད་ལྟོ་ཀྲོང་གསར་བྲག་སྟེང་ལས་འཆི་མེད་དབང་མོ་གིས་ ལྟོ་ཚང་འཆམ་ཏོག་ཏོ་གསུམ་གྱི་སྲུང་ལྷམ་པ་གཉིས་སྦེ་གཏང་མི་གཉིས་ཆ་ར་ སྤྲོ་བ་ཆེ་ཏོག་ཏོ་གི་སྲུང་ཅིག་ཨིན་པས།

Transcript search
No results found for this search
0 of 0
 • འཆི་མེད་དབང་མོ།/Cimi Wangmo:
  དང་ཕུག་ལྟོ་ཚང་འཆམ་ཏོག་ཏོ་གསུམ་ཡོདཔ་ཨིན་པས་ལགས། །
 • འཆི་མེད་དབང་མོ།/Cimi Wangmo:
  ད་གཅིག་་་ལྟག་ཀོ་་་ལྟག་ཀོ་ ཆུང་ཀུ་ལ་གཅིག་སྡོད་སྡོདཔ་མས་ལགས། ལྟག་ཀོ་ཡ་ནེམ་གཅིག་།
 • འཆི་མེད་དབང་མོ།/Cimi Wangmo:
  གཅིག་ཨ་ནི་བྱང་ཁོག་འདི་ སྲབ་ཤོག་ཤོ་ཡོདཔ་ཨིན་མས་ལགས།
 • འཆི་མེད་དབང་མོ།/Cimi Wangmo:
  ད་གཅིག་འདི་ ནཱ་་་ག་ཅི་ལོ་་་གཅིག་འདི་ ལྟག་ཀོ་ཕྲ་སི་སི་གཅིག། གཅིག་འདི་ཨ་ནི་བྱང་ཁོག་སྲབ་ཕྲོད་ཕྲོད་འབད་མི་གཅིག། གཅིག་འདི་ནཱ་་་ཨ་ནི་རྐངམ་རྐངམ་ད་ལྟོ་ར་ ཆག་འགྱོ་ནི་བཟུམ། སྲ་སི་སི་ཡོདཔ་མས་ལགས།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་ཡ་ནི་ལྟོ་ཚང་གསུམ་ཟ་ཅུམ་ བཟའ་བཟའཝ་མས། བཟའ་ནུག་ལགས། བཟའ་ཅུམ་བཟའ་སྦེ། བཟའ་ཅུམ་བཟའ་བ་འགྱོ་ད་ལུ་ དེ་ བཟའ་ཅུམ་ཐོབ་ཐོབ་འདྲས་ལགས། བཟའ་ཆོགཔ་སྦེ།
 • འཆི་མེད་དབང་མོ།/Cimi Wangmo:
  བཟའ་ཅུམ་ལྟོ་ཐོབ་ད་སྟེ་ ཏེ་ཆ་རོགས་གཅིག་གིས་སླབ་སླབ་མས། དབའི་་་ཨ་ནི་ཨེ་ལྐོག་མེད་མི་འདི་ ཡར་ལྔོག་ལྟ། མར་ཚོདམ་ནང་ག་ཅི་ཨིན་ན་འཛུལ་ཡི་ ཟེར་སླབ་སླབ་མས།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་ཡ་ནི་ལྟག་ཀོ་སྲ་སི་སི་འདི་ ཡ་ནེ་སྦེ་ལྟ་ལྟཝ་མས་ཏེ་མར། ཨ་་ལྟག་ཀོ་མར་ཚོདམ་ནང་ཆད་འགྱོཝ་སྦེ། དེ་ཚོདམ་གྱི་འ་ནི་ནང་འགྱོ་ནུག་སྟེ། ཚོདམ་ནང་ན་ཆད་འགྱོ་སྦེ་ ལྟག་ཀོ་སྲ་སི་སི་འདི།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་ལས་ཨ་ནི་ བྱང་ཁོག་སྲབ་ཕྲོད་ཕྲོད་ཡོད་མི་འདི་གིས་ ཨ་པ་དགའསི་ ང་བཅས་གཉིས་རང་ཨིན་པས་ཟེར་ སླབ་སླབ་མས། དེ་ལས་བྱང་ཁོག་ནང་ན་རོབ་འགྱོ།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་ལས་རྐངམ་ཆུང་ཀུ་ལ་འདི་ འ་་ད་ང་རང་རྐྱངམ་ཅིག་རང་ཨིན་པས་ཟེར་ འཆམ་རྐྱབ་རྐྱབ་མས། དེ་རྐངམ་ཡང་ཆག་འགྱོཝ་སྦེ། འ་ནེམ་ཅིག་ཨིན་པས་ལགས།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་ལས་ད་རུང་རང་ལྟོ་ཚང་འཆམ་ཏོག་ཏོ་ གསུམ་སྡོད་ནུག་ལགས། གཅིག་མིག་ཏོ་ཁལ་ཁལཝ་གཅིག། གཅིག་རྐོང་ཟེ་ལ་གཅིག་སྡོད་ནུག། གཅིག་་་ཤིག་གནམ་མེད་ས་མེད་ ཤིག་ཡོད་མི་གཅིག།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་མགུ་ཏོ་ཁར་འབད་རུང་ ནཱ་གོ་ལ་ཁར་འབད་རུང་། ཤི་ཡོད་མི་གཅིག། གཅིག་འདི་ གཅིག་འདི་ ཨ་ནི་མིག་ཏོ་ཁལ་ཁལཝ་གཅིག། གཅིག་རྐོང་ཟེ་ལ་ གཡའ་སྟེ་རང་སྡོད་མི།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་འ་ནི་གསུམ་ཟ་ཅུམ་བཟའ་སྦེ། སྟེ་ཟ་ཅུམ་བཟའ་བར་འགྱོ་འགྱོཝ་མས་ འ་ནི་གསུམ། དེ་ཟ་ཅུམ་བཟའ་བ་འགྱོ་སྦེ་ ད་སྟེ་ང་བཅས་ར་ ཟ་ཅུམ་བཟའ་ནི་ཨིན་ནོ་ཟེར། ཟ་ཅུམ་ཐོབ་སྟེ་གིས་བཟའ་བཟའཝ་མས།
 • འཆི་མེད་དབང་མོ།/Cimi Wangmo:
  དེ་ཨ་ནི་མིག་ཏོ་ཁལ་མི་འདི་སྟེ་ མིག་ཏོ་ནང་། ཧེ་མ་རང་བློ་རྐྱབ་རྐྱབ་མས། ད་ཁྱོད་མིག་ཏོ་མིག་ཁལ་འདི་ཨ་ནི་ མིག་ཏོ་ཁལ་འདི་ཡང་ཕྱགས་ནི་མེད་ཟེར།
 • འཆི་མེད་དབང་མོ།/Cimi Wangmo:
  ང་ཨ་ནི་ ཨ་ནི་ རྨ་འཐོན་མི་འདི་ཡང་ཀྲེག་ནི་མེད་ཟེར། དེ་ཨ་ནི་ཁྱོད་ཤི་བཏགས་མི་འདི་ཡང་སྟེ་ ཨ་ནི་ཤི་ཨ་ནི་ ལག་པ་གིས་ཨ་ནི་ཀྲེག་མི་ཆོག་ཟེར། ཡ་ཡ་ཟེར་ སྟེ་ཟ་ཅུམ་བཟའ་བཟའཝ་འདྲས།
 • འཆི་མེད་དབང་མོ།/Cimi Wangmo:
  ཟ་ཅུམ་བཟའཝ་ད་སྟེ་ཏེ་ཨ་ནི་ མིག་ཏོ་ཁལ་མི་འདི་ མིག་ཏོ་གི་སྤུར་ཏེ་འོང་སྟེ་གི་ཏེ་ མིག་གིས་མ་མཐོངམ་མས། དབའི་དབའི་ལྟོ་ཚང་གིས་ཟེར་སླབ་སླབ་མས།
 • འཆི་མེད་དབང་མོ།/Cimi Wangmo:
  དང་ཕུག་ངེའི་ཕ་མའི་སྐབས་ལུ་ རྒྱ་ཚ་ག་ནི་བ་ལེགསཔ་གཅིག་ཡོད་ཟེར་སླབ་ནུག། ག་བཟུམ་ཅིག་ཡོད་གོ་ཟེར་སླབ་པ་ཅིན་ འ་ནེ་སྦེ་ཡོད་ཟེརཝ་མས་ལོ།
 • འཆི་མེད་དབང་མོ།/Cimi Wangmo:
  གཅིག་གིས་སླབ་མས་ཟེར་བའི་ལོ། ཛའི་ངེའི་ཕ་མའི་སྐབས་ལུ་འདི་ ནཱ་ངེ་ཨ་པ་གིས་འཆམ་ཤེས་ཟེར་སླབ་མས་ལོ། ཡ་ཡ་འཆམ་ག་བཟུམ་རྐྱབ་ཨིན་ན། ཁྲིང་ཁྲིང་ཁྲིང་ ཁྲིང་ཁྲིང་ཁྲིང་ ཁྲིང་ཁྲིང་ཟེར་སླབ་ཨིན་ཟེརཝ་མས་ལོ།
 • འཆི་མེད་དབང་མོ།/Cimi Wangmo:
  ཏེ་གཅིག་གིས་ ཨ་ནི་ རྐོང་ཟེ་འདི་གིས་སླབ་མས་ལོ་ ངེའི་ཨ་པ་འདི་གིས་འདི་ སྒྲ་སྙན་རྐྱབ་ཤེས་ཟེརཝ་མས་ལོ། ག་བཟུམ་རྐྱབ་ཨིན་ན་ཟེརན། ཨ་ནེ་སྦེ་ གྲིང་གྲིང་གྲིང་ གྲིང་གྲིང་གྲིང་ཟེར་རྐྱབ་ཨིན་ཟེར་མས་ལོ།