Skip to main content Skip to search
20 Jun 2018
7 min 1 sec
Video Overview
Creators: 
Penchela

Penjor from Bartsa, Dagana tells a story of how rats came to exist. The story has a secondary meaning about being kind. The story takes place during the time of the construction of Phunakha Dzong. People of Punakha planted grains in their fields to pay taxes; rats ate the grains and caused problems for the villagers. Villagers prayed for a solution. In response, it is believed that cats were sent from the heavens. Cats ate the rats, all but one; one rat escaped and was responsible for today’s rats. The story continues with an astrologer squirrel came begging for food where the rats settled. Unkind, the rats chased it away; later, the rats had to visit the squirrel to see their fortune, and the squirrel took revenge and chased them away.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ དཔལ་འབྱོར་གྱིས་ ད་རེས་ནངས་པ་ བྱི་ཙི་ག་སྦེ་ཡོད་དགོཔ་ཨིན་ནའི་སྐོར་ལས་ སྲུང་བཏངམ་ཨིནམ་ད་  ཁོ་གིས་སྲུང་འདི་ དོན་དག་གཉིས་ཀྱི་ཐོག་ལུ་བཏངམ་ཨིན་པས།  གཅིག་གི་བྱི་ཙི་ཡོད་དགོ་པའི་ཁུངས་དང་ གཞན་མི་འདི་ སེམས་ལེགས་ཤོམ་མནོ་བ་ཅིན་ རང་ལུ་ དྲན་པ་བཙུགས་དོ་ཡོད་པའི་སྐོར་ལས་ སྲུང་འདི་ དང་ཕུགས་སྤུན་ན་ཁའི་ རྫོང་བཞེངས་པའི་སྐབས་འབྱུང་བྱུངམ་ཨིན་པས། ཏེ་སྤུན་ན་ཁའི་ མི་སེར་ཚུ་ ཁྲལ་ཕུལ་ནིའི་དོན་ལུ་ ཁོ་རའི་ཞིང་ནང་འབྲུ་སྣ་བཏབ་ད་ དེ་བསྒང་ བྱི་ཙི་གིས་ འབྲུ་སྣ་ག་ར་བཟའ་སྟེ་ གཡུས་ཁའི་མི་ཚུ་ལུ་ བྱ་སྟབས་མ་བདེཝ་ཐོནམ་ད་ ཁོང་གིས་ ལྷ་ལུ་ དཀའ་ངལ་་སེལ་གནང་དགོཔ་སྦེ་གསོལཝ་བཏབ་ད་ ལྷ་གིས་ ཁ་མནོན་སྦེ་བྱི་ཙི་གསད་ནིའི་དོན་ལུ་ བྱི་ལི་བཏང་བཏངམ་ཨིན་ཟེར་མས། ཏེ་བྱི་ལི་གིས་ བྱི་ཙི་ཆ་མཉམ་བསདཔ་ད་ བྱི་ཙི་གཅིག་བྱོག་ཚུགས་ཏེ་ཡོདཔ་ལས་ ད་རུང་ ཁོ་གིས་ རྒྱལ་ཁབ་ནང་ བྱི་ཙི་ལེ་ཤ་ཅིག་བཟོ་ནི་ འགོ་བཙུགས་བཙུགསཔ་ཨིན་པས། སྲུང་གི་འཕྲོ་འཐུད་དེ་ བྱི་ཙི་ཚུ་གཞི་ཆགས་སྡོད་སར་ རྩིསཔ་ཤིང་གེ་ཏ་ཅིག་ ལྟོ་འཚོལ་བ་འོངམ་ད་ བྱི་ཙི་ཚུ་གིས་ ཁོ་བདའ་བཏང་ཡོདཔ་ད་ ཤུལ་ལས་ཚར་ཅིག་འབདཝ་ད་ བྱི་ཙི་ཚུ་ཁ་རྗེ་བལྟ་བ་འོངམ་ད་ ཤིང་གེ་ཏ་གིས་ དགྲ་ལེན་མཇལ་ནིའི་དོན་ལུ་ ལོག་བདའ་བཏང་ཡོདཔ་ཨིན་པས། ནཱི་འབདཝ་ལས་ སྲུང་འདི་ནང་ དགྲ་ལེན་ཨ་རྟག་ར་འོང་ནི་ཨིནམ་ལས་ སེམས་བཟང་དགོ་པའི་སྐོར་ལས་ཡང་ སྟོནམ་ཨིན་པས། 

Transcript search
No results found for this search
0 of 0
  • དཔལ་འབྱོར་
    ད་ དང་ཕུ་ དང་ཕུ་རང་ ཏེ་སྤུ་ན་ཁ་རྫོང་གཞི་གསརཔ་འདི་བཞེངས་སྦེ་ དེ་གི་གནམ་དུས་ལུ་ དེ་ལས་ཏེ་རོགས་སྤུ་ན་ཁ་གྲྭ་ཚང་གི་ཞིང་ཡོདཔ་མས་ལགས། གྲྭ་ཚང་གི་ཞིང་འདི་ནང་ལུ་ཏེ་ལྕང་ལཱ་རྐྱབ་ འབྱུ་འདི་ཚོཔ་ཅིག་ དེ་ལས་ཏེ་ བྱི་ཙི་དེ་འཐོན་འཐོནམ་མས་ལགས།
  • དཔལ་འབྱོར་
    ཏེ་རོགས་ ཡར་རྫོང་གཞི་གི་ཡར་རོགས་ གཉེརཔ་ཚུ་གིས་ ཏེ་རེད་ཐོག་བྱཱ་འབག་ཤོག་ཟེར་ དེ་ལས་མར་ལཱ་འབད་མི་ཚུ་གིས་ཐོག་བྱཱ་སྤྲོད་མ་ཚུགསཔ་ དེ་ལས་བྱི་ཙི་ཚུ་གིས་ཡང་ཏེ་ བྱཱ་འདི་ཚོཔ་ཅིག་ བྱཱ་གི་ཧིང་མགུ་བཏོག་ཅི་རང་རྩིགཔ་ཁར་ལས་ཕར་སྦ་བཞག་ དེ་ལས་ཏེ་ག་དེ་རྐྱབ་རུང་འབད་མ་ཚུགས་པར་ གྲྭ་ཚང་ལུ་ཞུ།
  • དཔལ་འབྱོར་
    ཏེ་ད་ང་བཅས་ཀྱིས་ལྕང་ལཱ་འདི་མ་རྐྱབ་མེན་ ཏེ་མ་པ་རང་ཐོག་གིས་འཐོན་མ་ཚུགསཔ་ ཏེ་འབྱུ་འདི་འ་ནཱི་འབད་ ཏེ་བྱི་ཙི་གིས་འ་ནཱི་སྦེ་འབད་དེ་འ་ནཱི་སྦེ་ཡར་སོ་ཡི་ ཟེར་མར་གྱི་དེ་བྱེལ་སྐད་ཤོར་འབདཝ་ད་ དེ་ལས་ཏེ་ལོག་ཡར་བོད་ལས་མར་གྱི་དེམ་བྱོན་ དེ་ལས་ཏེ་ཁོང་བྱེལཝ་ལང་ནི་འབད་སྦེ་སོངམ་ད།
  • དཔལ་འབྱོར་
    དེ་ལས་ཏེ་ཡར་རྫོང་ནང་གི་དགྲ་ཆ་ཚུ་ སྤུ་ར་(ག་ར་)(ག་ར་) ཏེ་ད་ནངས་པར་ལས་བྱེལཝ་ཨིན་མ་རེད་ཟེར་ དེ་ལས་ཏེ་ ཕྱི་རུ་ལས་ཏེ་ དགྲ་ཆ་ཚུ་སྤུ་ར་(ག་ར་)(ག་ར་)ཆུ་འཁྱུ་ ཧུམ་དབུར་ སྤུ་ར་(ག་ར་)(ག་ར་)ཡར་ལས་མར་ ཏེ་ནངས་པར་འཐོན་ཆོག་ཆོག་འབད་དགྲ་ཆ་ཚུ་སྤུ་ར་(ག་ར་)(ག་ར་)དཔྱངས་ དེམ་འབད་སྦེ་ ཏེ་ཕྱི་རུ་ནུམོ་ཅིག་གི་ནང་སྐོར་ལུ་ བྱི་ཙི་་་ སྤྱི་དཔོན་དེ་གིས་བྱི་ཙི་སྤུ་ར་(ག་ར་)(ག་ར་)སྐྱོར་བདའ་འོང་།
  • དཔལ་འབྱོར་
    དགྲ་ཆ་སྤུ་ར་(ག་ར་)(ག་ར་)ཐགཔ་བཏོག་ སྤུ་ར་(ག་ར་)རྩ་བར་བཀོ་ དྲོ་པ་རོགས་བྱང་ཕྱད་མཐོང་ དེ་ལས་དགྲ་ཆ་བལྟ་བར་འགྱོ་བའི་བསྒང་ལས་རྩ་བར་བཀོ་ དེ་ལས་ཏེ་འ་ན་ལས་ཏེ་ ང་བཅས་འབྲུག་ཆ་ཁྱབ་ཡང་ཨ་ཙི་ཅིག་ ད་འབད་མི་ཚགས་པས་ཟེར་ ད་ཉིམ་གཉིས་གསུམ་ཅིག་གི་ནང་འཁོད་རྐྱབ་གེ་ཟེར་ ཏེ་ད་རུང་འ་ནཱི་འབད་ཞག་དུས་བཟོ།
  • དཔལ་འབྱོར་
    དེ་སྦེ་འབད་ དེ་ལས་ཏེ་ནཱ་བོདཔ་ཚུ་གིས་ ཨིན་ཅི་མིན་ཅིག་དེམ་འབད་དགོ་ཟེར་ འབྲུགཔ་རང་མཁསཔ་བཟོཝ་མས་ཟེར་ ནོརཔ་མགུ་ནག་སྤུན་གསུམ་ཡང་ ཁྱོད་འབྲུགཔ་གིས་འབག་འགྱོ་འགྱོཝ་ཨིན་ཟེར་ཏེ་ ནོརཔ་མགུ་ནག་སྤུན་གསུམ་དེ་ ཨིན་ཅིག་མེན་ཅིག་ལོག་དགོ་ཟེར་ཏེ་ ཨིན་ཅིག་མིན་ཅིག་བྱེལཝ་རྐྱབ་དགོ་ཟེར་འབདཝ་ད་ དེ་ལས་ང་བཅས་ཀྱི་འབྲུགཔ་ཚུ་གིས་ དེ་ལས་ཏེ་ཞག་དུས་ཅིག་བཟོ་བཞག་སྦེ་ ཏེ།
  • དཔལ་འབྱོར་
    དུས་ཚོད་འ་ནེམ་ཅིག་ཁར་རྐྱབ་གེ་མནོ་ཟེར་ ཏེ་ཞག་དུས་བཟོ་བཞག་སྦེ་ དེ་ལས་ཏེ་ ཡར་སྟེང་ལྷ་བྱོན་བྱོནམ་མས་ལགས་ ནཱ་གི་བླམ་འདི་ བླམ་འདི་ཏེ་སྟོད་ལྷ་བྱོནམ་སྦེ་ ཏེ་བྱི་ལི་ཞུ་བར་བྱོན་བྱོནམ་མས། དེ་ལས་ཡར་གྱི་ཚུ་གིས་ཡང་བྱི་ལི་ལུ་ ཏེ་ད་མར་ལས་ཡར་རོགས་འབྲུག་པ་ཚུ་གིས་འ་ནཱི་སྦེ་འོང་ནུག་ཟེར།
  • དཔལ་འབྱོར་
    ད་ཁྱོད་སོང་ མར་སོང་བྱིན་ཟེར་ ད་མར་ལུ་གནམ་མེད་ས་མེད་ འ་ནཱི་འབད་གནོད་སྐྱོན་རྐྱབ་དོ་ཡོདཔ་མས་ ཟེར་སླབ་སོང་བ་ ཏེ་བྱི་ལི་དེ་གིས་ཁ་བཟེད་མ་བཏུབ་མས་ལགས། ང་རྩ་ལས་མི་འགྱོ་ཟེར་ ཏེ་ད་ང་འགྱོ་རང་འགྱོ་དགོ་པ་ཅིན་ ཏེ་གན་རྒྱ་ཅིག་བཟོ་དགོ་ཟེར།
  • དཔལ་འབྱོར་
    དེ་ལས་ཏེ་ ང་བཅས་ནཱ་ལས་བྱི་ལི་ཞུ་བར་འགྱོ་མི་བླམ་འདི་གིས་ཏེ་ཞུ་ཞུཝ་མས་ ཨ་ད་ཨིན་ཅིག་མིན་ཅིག་འབྱོན་དགོ་ཟེར་ཏེ་ འབྲུག་ལུ་བྱོནམ་འདྲཝ་ཅིག་འབད་བཅིན་ ཏེ་ཁྱོད་རང་སྡོདན་བླམ་བསྙེན་རྫོགས་ཐོགས་ཁར་སྡོད་ནི་ཟེར་ཏེ་ ཆུ་འདི་ཡར་མཆོད་པའི་ཆུ་ལས་འཐུང་ནི་ཟེར་ཏེ་ ལྟོན་མཆོདཔ་ཕུད་ལས་བཟའ་ནི་ཟེར་ཏེ་ ཟེར་སླབ་ཞུ་སོངམ་ད་ དེ་ལས་ལོག་བྱི་ལི་དེ་གིས་སླབ་མས་ལོ་ ད་དེ་འབད་བ་ཅིན་བཏུབ་ ད་ཏེ་ང་འགྱོ་གེ
  • དཔལ་འབྱོར་
    ཏེ་བཀའ་ཤོག་ཅིག་དགོ་ཟེར་ཏེ་ ད་རེས་བྱི་ལི་གི་འ་ནཱི་རྣམ་ཅོག་གུ་ལུ་ ཏེ་བཀའ་ཤོག་བཟོམ་སྦེ་འ་ནཱི་ཏེ་ ད་རེས་བྱི་ལི་རྣམ་ཅོག་ར་ཏོག་ཁར་ ཧོག་ཀ་གཉིས་འབད་ཡོད་མི་འདི་འ་ནཱི་ཨིན་ལོ། བྱི་ལི་གི་རྣམ་ཅོག་ཁར་བཀའ་ཤོག་བཙུགས་འབག་འོང་ནི་འདི་གིས།
  • དཔལ་འབྱོར་
    དེ་ལས་ཡར་ལས་ནཱ་ཞུ་སྦེ་འབད་ ཏེ་ཁོ་ར་ཉལ་ས་ཡང་བླམ་བསྙེན་རྫོགས་ཀྱི་ཐོག་ཁར་སྡོད་ ཆུ་ཡར་མཆོད་པའི་ཏིང་ནང་ལས་འཐུང་ ལྟོ་བླམ་བསྙེན་རྫོགས་ཀྱི་ཕུད་ལས་ཟ་སྦེ་འབད་སྡོད་སྡོདཔ་མས། དེ་ལས་ཏེ་དེ་གིས་ནངས་པར་སོང་པའི་བསྒང་ལས་ ཏེ་བྱི་ཙི་ཚུ་ག་ཏེ་ལས་ཐོན་ཡི་ག་ ཏེ་ཁོང་གི་ཚང་གི་དོང་ཕུག་ལྟ་སོང་།
  • དཔལ་འབྱོར་
    དེ་ལས་འ་ནཱི་དོང་ཕུག་གི་སྒོ་ཁར་ཉལ་སྡོད་སྡོདཔ་མས་ལགས། ཏེ་དོང་ཕུག་གི་སྒོ་ཁར་ཉལ་སྡོད་སྦེ་འབདཝ་ད་ལུ་ དེ་ལས་ཏེ་མར་ལས་བྱི་ཙི་སྤྱི་དཔོན་མཇུག་བསྡུ་རང་ཟེར་ སྤྱི་དཔོན་འདི་འོང་འོངམ་མས་ལགས། སྤྱི་དཔོན་འདི་འཐོན་འོངམ་ད་ལུ་ ཏེ་སྤྱི་དཔོན་འདི་གིས་མཐོང་དཔ་མས་ ཏེ་མཐོང་སྦེ་ཁོ་གིས་བྱི་ལི་འདི་གུ་ཕར་སྒོར་ཚུར་སྒོར་ཡི་རང་བལྟ་སྡོད་སྦེ་འབད་ དེ་ལས་ཏེ་བྱི་ལི་འདི་གིས་སྤར་རང་མ་སྤར་བ་སྡོད་སྦེ་ དེ་ལས་ཏེ་མར་སོང་ དེ་ལས་ཏེ་བྱི་ཙི་རྒྱལཔོ་ལུ་ཞུ་ཞུཝ་མས་ལགས།
  • དཔལ་འབྱོར་
    འུམ་་་་ རྒྱལ་པོ་ཟེར་ཏེ་ སེམས་ཅན་ཨ་རྟག་དང་མ་འདྲ་བའི་སེམས་ཅན་ཅིག་ཐོན་ནུག་ཟེར་ཏེ་ དེ་འདི་ང་ག་འགྱོ་ཡི་ལགས་ཟེར་ཏེ། དབའེ་ཁྱོད་ཀྱི་ཤོབ་མེན་ནམ་ཟེར་ཏེ་ བྱི་ཙི་རྒྱལ་པོ་དེ་གིས་ མེན་ལགས་ཟེར་ ང་ག་འགྱོ་ཡི་ལགས་ཟེར་ ཏེ་ཐུགས་མ་བདེ་བ་ཅིན་བལྟ་བར་བྱོན་ཤིག་ཟེར་ཏེ་ མར་འ་ནཱི་འབད་ཞུཝ་ད་ལུ་ དེ་ལས་བྱི་ཙི་རྒྱལཔོ་དེ་གིས་སླབ་སླབ་མས་ ཏེ་ག་འགྱོ་བ་ཅིན་སྤྱི་དཔོན་ཟེར་མི་འདི་འ་ནཱི་བཟུམ་ཅིག་དགོ་ཟེར་ཏེ།
  • དཔལ་འབྱོར་
    བྱི་ཙི་ཁ་ཧམ་བཤད་འཐོམ་བཤད་ཟེར་སླབ་མས་བ་སྤྱི་དཔོན་འདི་ ཏེ་ཁོ་མར་ལས་ཡར་འཁྱིད་འགྱོཝ་སྦེ་འབདཝ་ད་ དེ་ལས་ཏེ་ བྱི་ཙི་རྒྱལཔོ་དང་ ཁོ་ར་གི་མི་སེར་དང་བྱི་ཙི་སྤུ་ར་(ག་ར་)ཐོན་ཏེ་ ཡར་བལྟ་བར་འོང་འོངམ་མས་དོང་གི་ཁ་ལུ། བལྟ་བར་འོང་སྦེ་འབདཝ་ད་ལུ་ དེ་ལས་ཏེ་ དབའི་སེམས་ཅན་འདི་མ་ཤི་བས་མེན་ན་ ཟེར་གསུང་གསུངམ་མས་བྱི་ཙི་རྒྱལཔོ་གིས།
  • དཔལ་འབྱོར་
    ཨ་ལགས་རྒྱལ་པོ་ཟེར་ཏེ་ ཐུགས་ཚ་གྱང་ བཞེས་མི་དགོ་ཟེར་ཏེ་ ང་ག་འགྱོ་ཡི་ལགས་ཟེར་ཏེ་ ཏེ་རྒྱལཔོ་ཁྱོད་ར་བློ་མ་བདེན་ལྟ་ཤིག་ཟེར་ ཏེ་དེ་ལས་བྱི་ལི་འདི་གིས་མགུ་ལས་ཕར་མཆོང་ཚུར་མཆོང་ཕར་མཆོང་ ཏེ་མར་བརླད་དོ་གུ་སོ་བཏབ་རུང་ཡང་བྱི་ལི་གིས་མ་སྤར་བ་གང་རྐྱལ་འབད་རང་སྡོད་སྡོདཔ་མས། ཏེ་བྱི་ལི་འདི་གིས་ཏེ་ རྒྱལཔོ་འདི་འགུགས་ནི་འབད་ཨིན་མས་བ་ཏེ་ དེ་ལས་ཏེ་རྒྱལཔོ་འདི་ འ་་་་ འ་ནཱི་སྦེ་འབད་དགོ་ཟེར་ཏེ་ ཏེ་རྒྱལཔོ་འདི་ཁོ་ར་དགའ་དྲགས་ཏེ་ ཕར་མཆོང་ཕོག་གསུམ་ཚུར་མཆོང་ཕོག་གསུམ་རྐྱབ་ཅིག
  • དཔལ་འབྱོར་
    བྱི་ལི་འདི་གིས་བལྟབ་ལོངམ་རྐྱབ་ཅིག་ བྱི་ཙི་རྒྱལཔོ་འདི་སོ་བཏབ་ནདཔ་བཏོན་བཞག དེ་ལས་གཞན་རྣམས་ཚུ་སྤུ་ར་(ག་ར་)སོ་བཏབ་བསད་ ཏེ་འ་ནཱི་སྤྱི་དཔོན་འདི་ཕྱེད་གཤགས་སྐོར་གཤགས་འབད་བཟོ་བཞག་བཞགཔ་མས་ དེ་ལས་གཅིག་བྱོག་ཡར་སོངཔ་མས་ ཤོར་སོངཔ་མས། བྱི་ལི་འདི་གིས་འོར་འོར་སླབ་དང་ ནོརཔ་མགུ་ནག་སྤུན་གསུམ་བཏོན་འབག་ཤོག་ཟེར་ དེ་ལས་རྒྱལཔོ་དེ་གིས་སླབ་ནུག ཏེ་སྤྱི་དཔོན་མཇུག་བསྡུ་ད་ཡི་ལོ། དབའེ་བདེན་བདེན་རང་ང་སླབ་ཅི་སྦོ་ཟེར་ཏེ་ ཁྱོད་སླབ་པ་ག་འགྱོ་ཡི་ལོ་ ཏེ་ད་ལྟོ་སོངམ་ད་ལྟ་ཤིག་ ཏེ་ཁྱོད་ར་མར་སོང་ནོར་པ་མགུ་ནག་སྤུན་གསུམ་འདི་ཡར་བཏོན་འབག་ཤོག་ ཟེར་སླབ་ད།
  • དཔལ་འབྱོར་
    དེ་ལས་ཏེ་སྤྱི་དཔོན་འདི་ཏེ་ (ཤ་རིགས་སྐོར་རི་རྐྱབ་?) ཏེ་རྐྱབ་མར་སོང་ ཏེ་མར་ལས་ནོརཔ་མགུ་ནག་སྤུན་གསུམ་འདི་བཏོན་འབག་ལྷོདཔ་ཅིག་ དེ་ལས་བྱི་ཙི་རྒྱལཔོ་འདི་ཡང་བསད་ དེ་ལས་སྤྱི་དཔོན་འདི་ཡང་བསད་ དེ་ལས་གཅིག་ཤོར་སོངཔ་ཨིན་ཟེར་ཨིན་མས་བ་ལགས། ཏེ་གཅིག་འདི་ཤོརཝ་ད་ལུ་ ཏེ་ད་རེས་ང་བཅས་གཡུས་ཁ་ལུ་རེ་རེ་གཉིས་གཉིས་འཐོན་མི་འདི་ ད་རེས་འ་ནཱི་འཕྱད་མི་འདི་འ་ནཱི་ཨིན་ ཟེར་ཨིན་མས་ལགས།
  • དཔལ་འབྱོར་
    བྱི་ཙི་འདི་གིས་ཡང་ དགུན་ཏེ་ཁོ་འ་ནཱི་ཨ་རིང་ཁ་ལས་ ཏེ་རོགས་ རྫོང་གི་ཕ་ཞིང་གི་ཐོག་དེ་སྤུ་ར་(ག་ར་)རོགས་ལཱ་འབད་མི་ལུ་དེམ་འབད་སྦེ་ མགུ་ཏོ་སྤུ་ར་ཁོ་བཏོག་སྦ་བཞག་ དེ་ལས་ཏེ་འ་ནཱི་རི་ཁ་ལུ་ འ་ནཱི་(བདེ་ཤི་དཀརཔོ་?)ཟེར་ཅིག་ཡོད་བ་ལགས། མཇུགམོ་ཕེད་ཁོག་ཤིག་ཤིག་ བྱི་ཙི་ལྕོགས་ར་འཐདཔ་ཅིག་ དེ་ལས་ཁོ་རྩིསཔ་འབད་ དེ་ལས་ཏེ་དགུན་ ཏེ་འ་ནཱི་ཁོ་ཏེ་ ལྟོ་བཟའ་ནི་མེད་ ཤིང་ཐོག་མེད།
  • དཔལ་འབྱོར་
    འབད་སྦེ་ ཏེ་འ་ནཱི་བྱི་ཙི་སྦོ་ལོགས་སོང་ ཏེ་ལྟོ་བསྐྱི་བར་འགྱོ་འགྱོཝ་མས་ལགས་རེད་ཅིག་བསྐྱི་བར་ (བདེ་ཤི་དཀརཔོ་?)ག་ཅི་འབད་བ་འོངམ་ ཟེར་སླབ་སླབ་མས་བྱི་ཙི་ཚུ་གིས་ དེ་ལས་ཁོ་སླབ་སླབ་མས་ ད་ང་ཨ་ལོ་དང་ཨམ་སྲུ་ཚུ་ག་ར་ལྟོཝ་བཀྱེས་དོ་ ད་རེད་ཅིག་བསྐྱི་བར་འོང་འོངམ་ཨིན་ ཟེར་སླབ་སླབ་མས། དེ་ལས་བྱི་ཙི་གིས་བསྐྱི་རེ་མ་སྟེརཝ་མས་ལགས་རེད་ཅིག་ཁོ་ལུ།
  • དཔལ་འབྱོར་
    དེ་ལས་ཨ་རིང་ཚིགས་ཁ་ལས་ཕར་བྱི་ཙི་དོང་ཡོདཔ་མས་ལགས། ཏེ་ལྕང་ལཱ་རྐྱབ་ འ་ནཱི་སྦེ་བཤལཝ་རྐྱབ་སྦེ་འབདཝ་ད་ ཏེ་ཆུ་འཛུལ་ དེ་ལས་བྱི་ཙི་ཕོཝ་ན་ནཝ་མས་ལགས་ ཨམ་སྲུ་དང་ཨཔ་དང་ ཨ་ལོ་ཚུ་དང་བྱི་ཙི་ཆུ་འཛུལ་ཏེ་ ཕོཝ་སྦོ་སྟེ་ཕོཝ་ན་ དེ་ལས་བྱི་ཙི་འདི་གིས་འ་ནཱི་(བདེ་ཤི་དཀརཔོ་?)སྦོ་ལོགས་མོ་བཏབ་པར་འགྱོ་འགྱོཝ་མས་ལགས། དབའེ་སློབ་དཔོན་རྩིས་པ་ ཏེ་ཁྱོད་ག་ཅི་འབད་བར་འོངམ་ཟེརཝ་ད།
  • དཔལ་འབྱོར་
    ཏེ་ཕྱག་མོ་ཅིག་གཟིགས་པར་འོང་འོངམ་ཨིན་ ད་ང་ཨ་ལོ་དང་ཨམ་སྲུ་དང་ སྤུ་ར་(ག་ར་)ཆུ་འཛུལ་ཕོཝ་སྦོ་སྟེ་འ་ནཱི་སྦེ་ན་སྟེ་ཨིན་ཟེར་སླབ་པ་ དེ་ལས་ཏེ་(བདེ་ཤི་དཀརཔོ་?)དེ་གིས་སླབ་སླབ་མས་ལགས། དགུན་སུ་བརྙ་རེ་བསྐྱི་རེ་མེད་པར། བྱཱར་སུ་མོ་བཏབ་རྩིས་བཏབ་མེད་མ་རེད་ ད་ཁྱོད་ར་ལོག་སོང་ཤིག་ཟེར་ དེ་ལས་འ་ནཱི་སྦེ་བྱི་ཙི་འདི་ལོག་བཏང་བཏངམ་ཨིན་ཟེར་ ཏེ་འ་ནཱིམ་ཅིག་བཤད་ནི་འདུག་ལགས།། །།