Skip to main content Skip to search
25 Jan 2017
3 min 46 sec
Video Overview
Creators: 
Yeshi Wangchuk, Dorji Nima

Chezom from Tali village narrates a story abou Monkey, Hen and Fat who were Friends. The monkey was potrayed as a cruel friend who does value the friendship. The trio while working in field, the fat soaks itself in the curry to make a delicious dinner for his friends, and the hen lays eggs and prepares a delicious dinner on her turn but the monkey forces the fat willing to soak in the curry volunteers to do it on the monkeys turn of cooking as he did not know how to make a delicious curry. But the monkey disobeys to let the fat out after enough time in the curry and gets it all melted into the curry.  On the next, the monkey forces the hen for a egg and get the hen killed for his dish. 

གློག་བརྙན་འདི་ནང་ གཞལམ་སྒང་རྫོང་ཁག ནང་སྐོར་རྒེད་འོག་ རྟ་ལི་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་ སྤྱ་དང་ བྱམོ་ འདི་ལས་ ཚི་ལུ་སྦེ་ ཆ་རོགས་གསུམ་གྱི་སྐོར་ལས་ སྲུང་བཏངམ་ཨིན་པས། ཏེ་སྤྱ་འདི་ ཆ་རོགས་ཀྱི་འདུ་ཤེས་མ་བཞག་མི་ སེར་སྣང་ཅན་ཅིག་ཨིནམ་སྦེ་བཏོནམ་ཨིན་པས། ཁོང་གསུམ་ ཞིང་ནང་ལཱ་འབད་བའི་སྐབས་ ཚི་ལུ་གིས་ ཁོ་རའི་ཆ་རོགས་ཚུ་གིས་དོན་ལུ་ ཕྱི་རུའི་ལྟོ་འདི་ ཞིམ་ཏོག་ཏོ་བཟོ་ནིའི་དོན་ལུ་ ཁོ་ར་རྫམ་ནང་འཛུལ་སྦང་ཞིནམ་ལས་ ཚོདཔ་བཟོ་དོ་ཡོདཔ་ད་ བྱམོ་གིས་ མོ་རའི་བསྐོར་རྐྱབ་ལུ་ སྒོང་རྡོག་བུད་དེ་ ཚོདམ་ཞིམ་ཏོང་ཏོ་སྦེ་ བཟོ་་ཡོདཔ་ཨིན་པས། ཨིན་རུང་ སྤྱའི་བསྐོར་རྐྱབ་ཁར་ལྷོདཔ་ད་ ཚོདམ་་ཞིམ་ཏོང་ཏོ་སྦེ་ བཟོ་མ་ཤེས་པར་ ཚི་ལུ་འདི་ ཁས་བླངས་ཀྱི་ཐོག་ལས་སྦེ་ རྫམ་ནངཨུ་ཚུགས་བཀལ་ཏེ་ སྦང་བཅུག་བཅུགཔ་ཨིན་པས། སྤྱ་འདི་གིས་ ཚི་ལུ་འདི ཚོད་མའི་རྫམ་ནང་ལས་ ཡར་ཐོན་མ་བཅུག་པར་བཞག་སྟེ་ ཚོདམ་ནང་ར་ བཞུ་ཡར་སོངཔ་ཨིནམ་ད་ དེའི་ཤལ་ལས་ བྱམོ་འདི་ སྒོང་རྡོག་འབུད་དགོ་ཟེར་ སླབ་སྟེ་ བྱམོ་འདི་ཡང་ ལྟོ་གི་དོན་ལུ་ བསད་བཟའ་དཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom:དང་ཕུགས་དང་ཕུགས་ སྤྱ་ ཚི་ལུ་ བྱམོ་གསུམ་ལྟོ་ཚང་སྦེ་སྡོད་སྡོདཔ་མས། ཁོང་གསུམ་ཆ་རོགས་འབད་དེ་ དེ་ལས་ ཚར་གཅིག་འབདཝ་ད་ ཁོང་ཆ་ཁྱབ་རྩེ་རི་བརྫམ་པར་འགྱོ་འགྱོཝ་མས། དེ་ལས་ ཧེ་མ་ར་ སྤྱ་གིས་ སླབ་སླབ་མས།Long ago there lived a three friends, a monkey, Fat and a hen. One day this three friend went to the cut the bushes, a land under cultivation and there firstly a monkey said
  • ཆོས་འཛོམས་ Chozom
    ཁྱོད་གཉིས་ལས་ ག་འབད་རུང་ཅིག་ ལྟོ་འབད་བར་སོང་ཤིག་ཟེར་ སླབ་སྟེ་ དེ་ལས་ ཚི་ལུ་སོང་སོངམ་མས་ ཚི་ལུ་སོང་ཞིནམ་ལས་ལྟོ་འབད་ ཚོདམ་འདི་ཚི་ལུ་བླུགས་ཞིན་ན་ ཞིམ་ཏོག་ཏོ་སྦེ་ བཟོ་བཞག་བཞགཔ་མས་ཏེ།
    One of you go and prepare meal, so a fat went to the home and prepared food and a delicious curry by putting fat in it.
  • ཆོས་འཛོམས་ Chozom
    དེ་ལས་ འབད་བཞག་ཞིན་ན་ དེ་ལས་ བཟའ་ཞིནམ་ན་ ཞིམ་ཞིམ་མས་མེན་ན་ཏེ་ཁོང་ དེ་ལས་ ནངས་པ་ཡང་ཙེ་རི་བརྫམ་པར་འགྱོ་འགྱོཝ་ མས། ད་རུང་ནངས་པ་ཡང་ ལྟོ་འབད་བ་ག་འགྱོ་ནི་ཟེར་ སླབ་སླབ་མས།
    They ate a meal and it tasted delicious. Again the next day they went to cut bushes and there again asked who want to go to prepare meals?
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ བྱམོ་ལུ་ ཁྱོད་སོང་ད་ཟེར་ སླབ་སྟེ་ དེ་ལས་ བྱམོ་དེ་ འགྱོ་འགྱོཝ་མས་ཏེ་ བྱམོ་སོང་སྟེ་ ལྟོ་འབད་ཞིན་ན་ ཚོདམ་འདི་ སྒོང་རྡོག་ལེགས་ཤོམ་སྦེ་ བླུགས་ཞིནམ་ལས་ བཟོ་བཟོཝ་མས།
    But this time hen was sent to prepare the meals, hen prepared a meals by putting egg in the curry.
  • ཆོས་འཛོམས་ Chozom
    དེ་ལས་ བཟའ་བཟའཝ་མས་ བཟའ་སྟེ་ ཞིམ་ཞིམ་མས་ཏེ་ ཁོ་(སྤྱ་)ད་རུང་ དེ་ལས་ ནངས་པ་འབདཝ་ད་ ཁོ་(སྤྱ་) སོང་སོངམ་ཨིན་ལོ་ཏེ་ སྤྱ་སོང་ཞིནམ་ལས་ ལྟོ་འབད་ཞིནམ་ན་ ཚོདམ་ག་ནི་ཡང་ བཟོ་མ་ཤེས་པས་ཏེ།
    After having a meals, it taste delicious again. Then the next day a monkey went to make a meals, he prepared food but didn't know what curry to prepare.
  • ཆོས་འཛོམས་ Chozom
    དེ་ལས་ ཕྱི་རུ་ ཁོང་གཉིས་ལྷོདཔ་ད་ སྤྱ་དེ་ཚོདམ་ག་ནི་ཡང་ བཟོ་མ་ཤེས་པར་འདུག་ཟེར་ཨིན་མས། དེ་ལས་ བྱམོ་ལུ་ སླབ་སླབ་མས་ཏེ ་སྤྱ་གིས་ ཁྱོད་ཀྱིས་ སྒོང་རྡོག་བཏོན་ད་ ཚོདམ་ག་ནི་ཡང་ བཟོ་མ་ཤེས་ཟེར་ སླབ་སླབ་མས་ཏེ།
    Then at evening when a fat and hen reached home, they found a monkey not yet prepared a curry and was in delima not knowing what curry to prepare. Hatch your egg, I didn't know what curry to prepare, said a monkey to the hen.
  • ཆོས་འཛོམས་ Chozom: དབའེ་ཁོག་པའི་ནང་ར་མེད་པའི་ སྒོང་རྡོག་ག་ཏེ་ལས་བཏོན་ནི་ ང་གིས་ཟེར་ སླབ་སྟེ་ དེ་ལས་ ཚི་ལུ་ལུ་སླབ་སླབ་མས། སླབ་ད་ལུ་ ཚི་ལུ་གིས་ཡང་ སླབ་སླབ་མས།How can I hatch a egg when it is not inside my organs said a hen. Then a monkey said to a fat and he too replied
  • ཆོས་འཛོམས་ Chozom
    ང་ག་དེ་སྦེ? ང་བཙོ་བཏངམ་ད་ བཞུ་སྟེ་འགྱོ་འོང་ཏེ་ཟེར་ སླབ་སླབ་མས། དེ་འབདཝ་ད་ སྤྱ་གིས་ ང་གིས་ འགྲོས་ཀྱིས་སྦེ་བཙོ་འོང་ཟེར་ སླབ་སླབ་མས། དེ་ལས་ ཧེ་མ་ར་ ཚི་ལུ་བཙོ་བཙོཝ་མས་ཏེ།
    How can I? If you cook me then I will be melt but a monkey said that he will cook slowly and a fat was cooked first.
  • ཆོས་འཛོམས་ Chozom
    ཚི་ལུ་བཙོཝ་ད་ ཚི་ལུ་གིས་ ཁབ་ཏོ་ལོ་ གོབ་ལོ་གོབ་བཏང་ཁ་ཕྱེཝ་ད་ ཁྱོད་ཀྱིས་ ཁ་ཕྱེ་སྨ་རེ་ཟེར་ སླབ་སླབ་མས་ཏེ་ ཧེ་མ་འབད་བ་ཅིན་ ཆུ་ནང་སྦང་བཏབ་ཅིག་བཏོན་ཏེ་ བཙོ་བཙོཝ་འདྲས་མེན་ན་ཏེ་ ཚི་ལུ་ཁོ་ར་གིས་དེ།
    When a monkey cooked a fat, a fat said that when I open the lid as gob-lo-gob, you do open it okay, to the monkey. Before a fat prepared a curry by just soaking in a water and immediately taking out.
  • ཆོས་འཛོམས་ Chozom
    ཁབ་ཏོ་ལོ་གོབ་ལོ་གོབ་འབདཝ་ད་ ཁ་ཕྱེ་སྨ་རེ་ དེ་བསྒང་ ཚི་ལུ་འདི་འཐོན་ནི་ཟེར་ སླབ་སླབ་མས། དེ་ལས་ ལྟ་མ་བཙོ་དོ་མས་ཏེ་ བཙོཝ་ད་(ཚི་ལུ་གིས་) ཁབ་ཏོ་ལོ་གོབ་ལོ་གོབ་བཏང་ཕྱེ་ཕྱེཝ་མས།
    A fat said that I will come out, you just open the lid when I do gob-lo-gob on the lid and a fat was cooked. While cooking a fat open a lid as gob-lo-gob
  • ཆོས་འཛོམས་ Chozom
    ཡ་་་ཁོ་གིས་(སྤྱ་གིས་) ཁབ་ཏོ་ཕྱེ་ཡང་ཕྱེ་འོང་ག་ཏེ་ ཧེང་སྐལ་སྦེ་ར་ ཁབ་ཏོ་གཱརབ་བཏང་བཅད་བཅདཔ་མས་ཏེ་ ཨཱ་་་དེ་ལས་ ཚི་ལུ་གིས་ ཚོདམ་ཞིམ་ཏོང་ཏོ་སྦེ་ བཟོ་བཟའ་བཟའཝ་མས་ཏེ་ བཟའ་ཞིན་ན་དེ་ལས།
    but a monkey didn't open a lid instead he covered it. Aaa....then a curry of fat was prepared and ate it.
  • ཆོས་འཛོམས་ Chozom
    ནངས་པ་ད་རུང་ ཁོང་གཉིས་ཚོདམ་ག་ནི་ཡང་ བཟོ་མ་ཤེསཔ་མས། དེ་ལས་ བྱམོ་ལུ་ སླབ་སླབ་མས་ཏེ་ ད་ཁྱོད་ ང་གིས་ཨེབ་ན་ཟེར་ སླབ་ད་ བྱམོ་གིས་ ཡ་བླ་མ་་་ཨེབ་ད་ ག་དེ་སྦེ་འཐོན་ནི་སྨོ་ཏེ་ཟེར་ སླབ་སླབ་མས།
    Then the next day, again they(monkey and hen) didn't know what curry to prepare. Shall I press you said a monkey and a hen replied saying that oh my god! how an egg will come out while you press.
  • ཆོས་འཛོམས་ Chozom
    ང་གིས་ ཨེབ་ལྟ་གེ་ཁྱོད་ཟེར་ སླབ་སླབ་མས། ཨཱ་་་་འགྲོས་ཀྱིས་སྦེ་ ཨེབ་སྨ་རེ་ཟེར་ སླབ་སླབ་མས་ བྱམོ་གིས་ འགྲོས་ཀྱིས་སྦེ་ཡང་ ཨེབ་འོང་ག་སྤྱ་གིས་ ཤུགས་སྦེ་ཨེབ་བཏང་སྟེ་ སྒོང་རྡོག་འཐོན་ནི་ ག་ནི་ཡང་མེད་པར་ བྱམོ་ཨམ་དེ་ བསད་བཏང་སྟེ་ དེ་ལས་ བྱམོ་ཡང་ ཁོ་གིས་ བཟའ་བཞག་བཞགཔ་ཨིན་ལོ།
    A monkey said that he will press and see, then a hen said 'Aaa....press slowly okay' but a monkey instead of pressing slowly, he pressed forcefully. Rather an egg coming out, he killed a hen and ate it.
  • ཆོས་འཛོམས་ Chozom
    (སྲུང་)ཨ་ནཱེམ་ཅིག་ར་ བཏང་འོང་མེན་ན་ ཨིན་ཨ་ནཱེམ་ཅིག་ར། A story will be narrated this much only.....this much only.