Skip to main content Skip to search
02 Feb 2016
4 min 42 sec
Video Overview
Creators: 
Sonam Tobgye, Sangay Tshomo

Kinzang narrates a story about a merchant and a royal prince and princess. In particular, the story is focused on how a wife is incriminated for not being faithful to her husband. While trying to hide her mistake, she ends up losing her son who is murdered by the man she had an affair with. Although the story is fictitious, we can actually see this kind of scenario in real life as well. The story reminds us that often we do not think much about the consequences we have to face for hiding our wrongdoings. Whether we do something good or bad or whether the issue is big or small, the story shows us that hiding from everyone is not the only option.

 

Transcript search
No results found for this search
0 of 0
  • ཀུན་བཟང་།/Kinzang
    ཏེ་ཧེ་མ་སྡོད་སྡོདཔ་ཨིན་མས་ལགས། ད་ ཚོང་པ་ཅིག་དང་ རྒྱལ་པོ་ཅིག་སྡོད་ནུག། ད་ ཚོང་པ་གི་བུ་དང་ རྒྱལ་པོའི་སྲས་མོ་འདི་ གཉེན་སྦེ་བཞག་ནི་ཟེར་ ཏེ་ཨ་པ་ཨ་མ་གིས་ བསྟུན་འགྲོས་རྐྱབ་ད་ འ་ནིའི ཚོང་པའི་བུ་གིས་ཡང་ འགྱོ་འགྱོཝ་ཨིན་མས་ལགས། ཏེ་ཚོང་པའི་ བུ་སོང་སྟེ་ ལམ་ཁར་ལྷོདཔ་ད།
  • ཀུན་བཟང་།/Kinzang
    འ་ནཱ་འདི་ ང་བཅས་ ཤར་ཕྱོགས་པ་གིས་འདི་ ཆོར་གེན་སེ(ཨམ་ལ)སླབ་མས་མེན་ན་ལགས། འ་ནིའི་འཚོལ་ཏེ་ འབག་འབགཔ་ཨིན་མས་ལགས། ད་ རྒྱལ་པོའི་སྲས་མོའི་ ཁྱིམ་ནང་ལྷོདཔ་ད་ འ་ནིའི་གི་ འ་ནཱ་ རྒྱལ་པོ་སྲས་མོ་གི་ ནང་ན་འདི་ འགྱོ་མ་ཚུགས་པར་ ད་ དེ་ལས་ ཕྱི་ཁའི་ ཨམ་ལ་སྲག་ཀྲ་བཀོ་བཀོཝ་ཨིན་མས་ལགས། ད་ ཧ་ལམ་ཅིག་ལས་ འ་ནིའི ཚོང་པའི་བུའི་ ཧེམ་ཅུང་ནང་ ཨམ་ལ་ རྫོགས་ཏེ་ ད་ འ་ནིའི ཁོ་གི་ རྫོགས་ཞིནམ་ལས་ཏེ་ རྒྱལ་པོ་སྲས་མོ་གིས།
  • ཀུན་བཟང་།/Kinzang
    ཁྱོད་ག་ཏེ་བྱོན་སྨོ? ནང་ན་འབྱོན་ཟེར་ སླབ་སླབ་ཨིན་པས་ཏེ་ ད་ ང་ ག་ཅི་ཡང་མེད་ ནང་ན་འོང་ནི་གི་ཟེར་ སླབ་ད། ད་ མེད་རུང་ ནཱ་ ལྟོ་ཅིག་འབད་དེ་དྲང་འོང་ཟེར་ སླབ་སླབ་ཨིན་མས་ལགས། འ་ནིའི རྒྱལ་པོའི་སྲས་མོ་གིས་ ད་ ལྟོ་ཅིག་དྲང་ནི་ཟེརཝ་ད་ལུ་ ད་ ཁོང་གཉིས་ ལྟོ་འབད་བཟའ་སྟེ་ ད་ ཁོང་གཉིས་ ལོག་སྟེ་ ཚོང་པའི་ཁྱིམ་ནང་ འོངའོངམ་ཨིན་པས་ལགས།
  • ཀུན་བཟང་།/Kinzang
    ཚོང་པའི་ཁྱིམ་ནང་འོངམ་ད་ལུ་ ད་ འ་ནིའི དེ་ལས་ཏེ་ ཁོང་གཉིས་ ཉལ་ནི་ ནང་ན་སོང་སྟེ་ ཉལ་ནུག། ད་ ཨ་པ་འདི་ ཚོང་ལུ་ཡར་སོངཔ་ཨིན་པས། ཏེ་ཨ་མ་གི་འདི་ ཨ་ཁུ་ཅིག་ལྷོད་ལྷོདཔ་ཨིན་པས་ལགས། ད་ འ་ནཱ་ལས་ཏེ་ ཁོང་གཉིས་ ཉལ་ས་ལས་ བུ་གི་ཏེ་ འ་ནཱ་ ཆུ་འཐུང་པར་འགྱོ་ནི་ཟེར་ སླབ་སླབ་མས། ཏེ་རྒྱལ་པོའི་སྲས་མོ་གིས་ཏེ་ མིན་དགོ་ ཁྱོད་ ཆུ་ནཱ་ མཆོད་པའི་ཆུ་འཐུང་ད་ཟེར་ སླབ་སླབ་མས་ལགས།
  • ཀུན་བཟང་།/Kinzang
    ཏེ་འ་ནཱ་ལས་ ང་ ཆུ་མར་ར་སོང་ འཐུན་ནི་ཟེར་ སླབ་ད་ལུ་ཏེ་ མིན་དགོ་ཟེར་ སླབ་བལྟཝ་ད་ མ་ཉནམ་ཨིན་པས་ལགས། ཏེ་དེ་ལས་ མར་སོང་སྟེ་ ཆུ་འཐུངམ་ད་ འུད་ཟེར་སླབ་སླབ་མས་ལགས་ ཨ་ཁུ་གིས། འུད་ཟེར་ཚར་གཉིས་སླབ་ད་ ཨ་ཁུ་ ཕྱི་ཁར་འོང་སྟེ་ ཚོང་པའི་བུ་བསད་ད་ནུག་ལགས། ད་ ཚོང་པའི་བུ་བསད་དེ་ བླ་མ་མཁྱེན་ནོ་ བསྐྱེལ་ས་བསྐྱེལ་ད་ཡི་ ང་གིས་ མི་གཅིག་བསད་ད་ཡི་ཟེར་ སླབ་སླབ་མས་ འ་ནིའི་ ཚོང་པའི་ ཨ་མའི་ཨ་ཁུ་གིས། ད་ ངེ་བུ་འོང་མས་ ཁྱོད་ཀྱིས་བསད་ནུག་ཟེར་ སླབ་ནུག་སླབ་སླབ་མས།
  • ཀུན་བཟང་།/Kinzang
    བླ་མ་ ཁྱོད་ཀྱིས་ ངེ་བུ་བསད་ད་ནུག་ ད་ག་ཅི་སྦེ་ནི་ཟེར་ སླབ་ད་ ད་ལྟོ་ག་དེ་སྦེ་བཞག་ནི་ ད་ལྟོ་འདི་ གྱི་ཅུང་འདི་ ཁྲག་གི་གང་ཚར་ཡི་ཟེར་ སླབ་ད་ལུ་ ཨ་མ་གིས་ གྱི་ཅུང་གི་ཁྲག་འདི་ ཨོམ་བྱི་གིས་ འཕྱག་ཟེར་སླབ་སླབ་མས་ལགས། ད་ ཁྲག་དེ་ ཨོ་བྱི་གིས་ འཕྱག་ནི་ཨིན་མས། ཕུངམོ་ག་ཏེ་བཞག་ནི་ཟེརཝ་ད་ ཕུངམོ་རྡོ་གཅལ་འོག་ལུ་བཞག་ སྒོ་ཁར་ཟེར་ སླབ་ནུག་ལགས།
  • ཀུན་བཟང་།/Kinzang
    ད་ འ་ནཱ་ལས་ འ་ནིའི རྒྱལ་པོའི་སྲས་མོ་དེ་ ལོག་སྟེ་ མོ་རའི་ ཁྱིམ་ནང་འགྱོ་ནུག་ལགས། ད་ འ་ནཱ་ལས་ རྡོ་གཅལ་འོག་ལུ་བཞག་སྟེ་ ད་ ཨ་པ་ལོག་ལྷོདཔ་ད་ ཁོའི་བུ་ ག་ཏེ་སྨོ་ཟེར་ སླབ་སླབ་མསལགས། ད་ བུ་མེདཔ་ལས་ ད་ ངེ་བུ་ ག་ཏེ་སོང་ཡི་ཟེར་ སླབ་ད་ བུ་དེ་མིན་འདུག་ཟེར་ སླབ་ནུག་ལགས། ད་ ཨ་པ་གིས་འཚོལ་ཏེ་ ག་ཏེ་འཚོལ་རུང་མེད་པར་ ཨ་པའི་ གཟུགས་ལས་པུན་པ་(རྩ)སྐྱེས་ཡི་ཟེར་ སླབ་ཨིན་མས་ལགས།
  • ཀུན་བཟང་།/Kinzang
    ད་ རྩ་སྐྱེཝ་ལས་ ད་ འ་ནཱ་ལས་ ཨའེ་ ད་འབདན་ ངེ་བུ་ མ་པ་ལས་ར་ མི་མཐོང་ནི་ཨིན་པས། ངེ་བུ་ ག་ཏེ་ལུ་ ག་དེ་སྦེ་ཡར་སོངམ་ཨིན་ན་ཟེར་ ད་ རྒྱལ་པོ་ལུ་ མོ་ཅིག་བཏབ་པར་འགྱོ་ནི་ཟེར་ འགྱོ་འགྱོཝ་ཨིན་པས་ལགས། མོ་བཏབ་པར་འགྱོཝ་ད་ ད་ རྒྱལ་པོ་སྲསམོ་གིས་ ད་སླབ་སླབ་ཨིན་མས་ལགས། ཨ་ཞང་ ཁྱོད་ཀྱི་ བུ་འདི་ མོ་བཏབ་མིན་དགོ། ཁོ་ནཱ་ལྷོད་དེ་ ལྷོདཔ་ད་ ང་འདི་ གོ་ཐགས་སྡོད་སྡོདཔ་ཨིན། ད་ ཁོ་གིས་ འ་ནིའི་ ཨམ་ལ་ བཀོ་དེས་ བཀོ་སྡོད་དེ་
  • ཀུན་བཟང་།/Kinzang
    ཁོ་གི་ ཚར་ཞིནམ་ལས་ཏེ་ ང་གིས་ སླབ་ཅི་ ཁྱོད་ག་ཏེ་འགྱོ་ནི? ཁྱོད་ ཡར་ཤོག་ཟེར་ སླབ་ད་ལུ་ ད་ ཁོ་ནང་ནང་འོང་སྟེ་ ང་ ག་ཅི་ཡང་མེད་ཟེར་ སླབ་དེས། ད་ ག་ཅི་ཡང་མེད་ཟེརཝ་ད་ ག་ཅི་ཡང་མེད་རུང་མེད་ ཁྱོད་ནང་ན་ཤོག། ལྟོ་ཅིག་འབད་དེ་དྲང་ནི་ཟེར་ སླབ་ཅི། ད་ ང་བཅས་ཀྱི་ ད་ ནཱ་ ཉལ་ནི་ཟེར་ སླབ་ད་ལུ་ཏེ་ ཁྱིམ་ནང་ ཨ་མའི་ ཆ་རོགས་མིན་འདུག་ཟེར་ ཁོ་གི་སོང་སྟེ་ ད་ མར་ ལྷོདཔ་ད་ལུ་ཏེ་ ཁོ་གི་ ཨ་མའི་ ཨ་ཁུ་ཡོདཔ་ལས་ ཁོ་བསད་ད་ཡི།
  • ཀུན་བཟང་།/Kinzang
    ད་ བསད་ད་ཡི། ག་ཅི་སྦེ་ནི་ཟེར་ སླབ་དེས། ད་ འ་ནཱ་ གྱི་ཅུང་ཚུ་ ཁྲག་ཚུ་གི་གང་ཚར་ཡི་ཟེར་ སླབ་དེས། གྱི་ཅུང་གི་ཁྲག་འདི་ ཨོམ་བྱི་གིས་འཕྱག་ ཕུངམོ་ག་ཏེ་བཞག་ནི་ཟེརཝ་ད་ ད་ རྡོ་གཅལ་འོག་ལུ་བཞག་ཟེར་ སླབ་དེས། འ་ནཱེ་སྦེ་ སླབ་དེས། ཁྱོད་ཀྱི་བུ་དེ་ འཚོལ་མིན་དགོ། བསད་བསདཔ་ཨིན་ཟེར་ སླབ་ནུག་ལགས།
  • ཀུན་བཟང་།/Kinzang
    ད་ བསད་བསདཔ་ཨིན་ཟེར་སླབ་ད་ ཨཔ་འགྱོ་བལྟཝ་ད་ལུ་ ད་གཞན་ འབོ་ནི་ཡང་མེད་པར་ ག་ཅི་ཡང་མེད་པར་ གྱི་ཅུང་གིས་ བརྫམ་པའི་རྨ་ཅིག་འདུག་ཟེར་ སླབ་ནི་ཨིན་མས་ལགས། དེམ་ཅིག་ཨིན་ལགས།