Skip to main content Skip to search
01 Sep 2018
2 min 27 sec
Video Overview
Creators: 
Penchela

Chimi Wangmo from Kuengarabten village in Drakteng Gewog in Trongsa Dzongkhag, shares stories to educate the youth. She narrates one about a louse and a flea who went to collect fire wood. Whoever came back first would eat a picnic. The louse kept put and ate the picnic, which made the flea angry. The flea beat the louse, explaining why we see a black dot on the chest of fleas.

༉  ང་བཅས་རའི་ལམ་སྲོལ་བདག་འཛིན་འཐབ་ནིའི་དོན་ལུ་ སྲུང་དང་གཏམ་རྒྱུད་ཚུ་ཤེས་དགོཔ་དེ་ཡང་ གནམ་མེད་ས་མེད་ཁག་ཆེ་ནི་ཨིནམ་བཞིན་དུ་ ཀྲོང་གསར་རྫོང་ཁང་བྲག་སྟེང་ལས་འཆི་མེད་དབང་མོ་གིས་ མོ་རའི་གཡུས་སྐད་ཐོག་ལས་མེན་པར་ ང་བཅས་ར་འབྲུག་གི་ཁ་སྐད་རྫོང་ཁ་ཐོག་ལས་འབད་ ཡོངས་གྲགས་ཅན་གྱི་སྲུང་ ཤིག་དང་ཀི་ཤིག་གི་སྲུང་འདི་གཏངམ་ཨིན་པས། དེ་ཡང་ ཤིག་དང་ཀི་ཤིག་གཉིས་ ཁྱིམ་ནང་ལྟོ་འབད་ ཤིང་འཐུ་བར་འགྱོཝ་སྦེ་ ལོག་སྟེ་ཧེ་མ་ག་ལྷོད་མི་དེ་གིས་བཟའ་ནི་སྦེ་ཁ་ཚིག་བཟོ་སྟེ་ འགྲན་བསྡུར་འབདཝ་ད་ ཤིག་གིས་རྒྱལ་ཁ་ཐོབ་པའི་སྐོར་ལས་ཨིན་པས།

Transcript search
No results found for this search
0 of 0
 • འཆི་མེད་དབང་མོ། Chimi Wangmo
  དང་ཕུག་ དང་ཕུག་གཅགི་ཨིན་པས་ལགས། ཤིག་དང་ཀི་ཤིག་ ཏེ་མཛར་ཅུམ་ཟ་བར་འགྱོ་འགྱོཝ་མས་ཁོང་། ཤིང་གི་རི་ཁར་མཛར་ཅུམ་ཟ་བར་འགྱོཝ་ད་ལུ། ཏེ་ མཛར་ཅུམ་ནཱ་བཟོ་བཞག་སྦེ་ ཁྱིམ་ནང་བཟོ་བཞག་འབད་ ཁོང་གཉིས་ཤིང་ནང་ ཤིང་འཐུ་བར་འགྱོ་འགྱོཝ་འདྲས།
 • འཆི་མེད་དབང་མོ། Chimi Wangmo
  ཤིང་འཐུ་བར་འགྱོ་སྦེ་ ཏེ་ ཤིང་ཁུར་ཆ་འབག་སྦེ་ འོང་ནུག་ཏེ་ ཁོང་གཉིས་ ད་ སྔོན་མ་ག་ལྷོདཔ་ཅིག་ འ་ནཱི་ཟ་ནི་ཨིན་སྨ་རེད་ཟེར། འ་ནི་ཟ་ནི་ཨིན་སྨ་རེད་ མཛར་ཅུམ།
 • འཆི་མེད་དབང་མོ། Chimi Wangmo
  སྔོན་མ་ཀི་ཤིག་ལྷོད་པ་ཅིན་ ཀི་ཤིག་ཟ་ནི་ སྔོན་མ་ཤིག་ལྷོད་པ་ཅིན་ ཤིག་གིས་ཟ་ནི་ཨིན་ཟེར་ ཁོང་གཉིས་ཁ་ཚིག་བཅས་སྦེ་འགྱོ་ནུག་ཏེ།
 • འཆི་མེད་དབང་མོ། Chimi Wangmo
  ཏེ་ཀི་ཤིག་འདི་ཡར་ཁུར་ཆ་བཟོ་ ཤིག་འདི་ཡང་ ཁུར་ཆ་བཟོ་ ཤིང་ཁུར་ཆ་ བཟོ་སྦེ་ ཤིག་འདི་ ཏེ་རོགས་ འ་ནེ་སྦེ་རང་འབག་འོང་ནུག་ཏེ།
 • འཆི་མེད་དབང་མོ། Chimi Wangmo
  ཏེ་རོགས་ ཁུར་ཆ་ཚར་གཅིག་ཡང་བཟོ་མ་དགོ་པས་སྤ་ཏེ་ ཏེ་ ཀི་ཤི་འདི་ ཚར་རེ་མཆོངམ་ད་ ཁུར་ཆ་ཚར་རེ་རམ་འགྱོ་སྦེ་ ཏེ་ འ་ནཱི་ཀི་ཤིག་ལྷོདཔ་ད་ ཤིག་གིས་མཛར་ཅུམ་ཕྱེ་ཐག་ཐ་སྦེ་ཟ་སྦེ་ཏེ་ འ་ནེམ་ཅིག་ཨིན་པས་ལགས།
 • (Laughs)
 • འཆི་མེད་དབང་མོ། Chimi Wangmo
  ད་ལྟོ་ང་བཅས་ར་ མི་ཕྱེད་ཀ་ལུ་ཤིག་འོང་སྤ་ལགས་ འ་ནཱི་ཤིག་འདི་ ཨ་ནཱ་གནགཔོ་ཅིག་ཡོད་སྤ་ལགས་ ཏེ་འ་ནཱ་ བྱང་ཁོག་གུ་ར།
 • འཆི་མེད་དབང་མོ། Chimi Wangmo
  འ་ནཱི་འདི་ ཀི་ཤིག་གིས་ མཛར་ཅུམ་ག་ར་ཁྱོད་ཟ་སྟེ་ཨིད་པས་ཟེར་ འ་ནཱི་མེ་གི་གེ་རོ་ {ཀུན་དགའ་རབ་བརྟན་གྱི་ཁ་ནང་མེ་རུ་ལུ་} འདུག་མེན་ན་ འ་ནཱི་གི་ འ་ནེ་སྦེ་ བརྡུང་སྟེ་གིས་བྱིན་བྱིནམ་ཨིན་ལོ་ ག་ཅི་ཨིནམ་ཁྱོད་ སྔོན་མ་མཛར་ཅུམ་ཁྱོད་ཟ་སྟེ་ཟེར།
 • (All Laughs)