Video Overview
Lumo Tsering from Chuma village in Repgong tells the story of why the lamb, the cat, and the dog do not get along.
འདིར་ལུ་གུ་དང་ཞི་ལ། ཁྱི་བཅས་བར་གྱི་གཏམ་རྒྱུད་ཐུང་ཐུང་ཞིག་བརྗོད་ནས། ཅིའི་ཕྱིར་ཁོ་ཚོ་མི་མཐུན་པའི་རྒྱུ་རྐྱེན་བརྗོད་ཡོད།
འདིར་རབ་བཏགས་ཀྱི་འབྲི་ཐབས་སྤྱད་ནས་ལུ་གུ་དང་ཞི་ལ། ཁྱི་བཅས་བར་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ། སྔོན་རྒད་པོ་དབུལ་བོ་ཞིག་དང་ལུ་གུ། ཞི་ལ་དང་ཁྱི་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ལ། རྒད་པོ་ནི་དབུལ་བོ་ཡིན་པས་ག་ས་གང་དུ་སྤྲང་ནས་ཟ་མ་རེ་ཁྱེར་ཡོང་ནས་ཁོ་ཚོ་དང་མཉམ་ཟ་མཉམ་འཐུང་བྱོས། རེ་ཞིག་ཡང་ཟ་མ་སློང་དུ་འགྲོ་སྐབས་སྒོ་ཁ་རུ་གསེར་གྱི་ཅ་ནེ་ཞིག་རྙེད་པ་ཡིན། དེའི་ནང་ནས་ཟས་ཟ་མ་སོགས་ཅི་འདོད་དུ་ཡོང་བ་དང་ཉིན་ཞིག་སྲིན་པོས་བརྐུས་སོང་བས། ལུ་གུ་སོགས་གསུམ་པོ་དེ་བཙལ་དུ་སོང་བ་ཡིན། སྲིན་པའི་ལག་ནས་ཕྱིར་ཁྱེར་ཡོང་སྐབས་ཀྱི་ལམ་བར་ནས་ངལ་གསོ་བྱེད་སྐབས་ཁྱི་གཉིད་སོང་བས་ལུ་གུ་དང་ཞི་ལ་གཉིས་ཀྱིས་གསེར་གྱི་ཅ་ནེ་ཁྱེར་ནས་ཁྱིམ་ལ་སོང་བ་དང་། ཁྱི་རྒན་ལ་ངན་བཤད་བྱས་པས་རྒད་པོས་ཀྱང་ཁྱི་རྒན་ལྕགས་ཐག་གིས་བཟུང་སྟེ་སྒོ་ཁར་བཏགས། དེ་ནས་བཟུང་ཁྱིས་ལུ་གུ་དང་ཞི་ལ་གཉིས་ལ་ཞེ་སྡང་སྐྱེས་ནས་མི་མཐུན་པ་རེད།
这段视频讲述了羊羔,猫和狗之间的故事说明了它们在日常生活中为什么不和的原因。
这段故事用拟人的方法讲述了羊羔,猫和狗的故事。有个非常贫穷的老人跟一只羊羔,猫和狗生活在一起。他们每天的食物都是靠老人去乞讨,有一天在路上捡到的了一只金碗,还有一种特异功能就是想得到什么就能得到什么。有一次那只碗被妖魔偷走了,羊羔等开始去寻找。等找到后回来的路上休息时狗睡着了,羊羔和猫拿着金碗回到家开始挑剔狗,等狗回到家老人用铁链摔在门口,从此就开始仇恨猫和羊羔。
- གནའ་གནའ་ཞིག་ལ་ས་ཆ་ཞིག་ན་རྒད་པོ་ལོ་ལོན་ཞིག་ཡོད།
- བདག་པོ་མེད་པའི་རྒད་པོ་ཞིག་ཡོད།
- ཁོ་ལ་འདུག་རོགས་ལུ་གུ་ཞིག་དང་ཁྱི་ཞིག
- བྱི་ལ་ཞིག་བཅས་ཁོ་ཚོ་འདུག་རོགས་གཅིག་རེད།
- ཁོ་ལ་ཟ་རྒྱུ་འཐུང་རྒྱུ་ཅི་ཡང་མེད་པར།
- ཡར་མར་ལ་སོང་ན་སྤྲང་ནས་བྲོ་ཁ་སློང་ནས་ཡོང་ན།
- ཁོ་ཚོའི་མཉམ་ཟ་མཉམ་འཐུང་བྱས་ནས་ཁོ་ཚོ་བཞི་བོ་བསྡད།
- ཉིན་ཞིག་ལ་རྒད་པོ་ཐང་ཆད་ནས་བྲོ་ཁ་སློང་ཏུ་འགྲོ་མ་ཐུབ་པར།
- ངལ་གསོ་བྱས་ནས་བསྡད་པ་རེད།
- དེ་རིང་ང་ཐང་ཆད་ནས་འགྲོ་མི་ཐུབ་གི
- དེ་རིང་ཅི་བྱེད་ཅེས་བཤད་དེ།
- གོ་རེ་དང་འོ་ཇ་དཀར་པོའི་སྟེང་ན་མར་ཁུ་ཡོད་པ་ཞིག་འཐུང་ཐུབ་རྒྱུ་ན་འདོད་དུས།
- དེ་ནས་བྲོ་ཁ་སློང་དུ་འགྲོ་དགོས་རྒྱུ་རེད་འདོད་ནས།
- སྒོ་ཕྱི་ལ་སོང་དུས་གསེར་གྱི་ཅ་ནེ་ཞིག་རྙེད་པ་རེད།
- རྒད་པོ་དགའ་ནས་གནམ་རྒན་མ་ཞེས།
- ང་ལ་གནམ་སྔོན་མོ་ཡིས་གསེར་གྱི་ཅ་ནེ་འདི་གནང་བ་ཡིན་ཞེས།
- ཁོ་དགའ་ནས་ཕྱིར་རྒྱུགས་ནས་ཡོང་སྟེ་ཉལ་ནས་བསྡད།
- དགའ་ནས་གསེར་གྱི་ཅ་ནེ་སྔས་མགོར་བཞག་ནས།
- དེར་བལྟས་ནས་ངལ་གསོ་བྱས་ནས་བསྡད།
- ཕྱི་དྲོ་ཉི་མ་ནུབ་དུས་ཁོ་ལྟོགས་ནས་མ་ནུས་པ་རེད།
- ལྟོགས་ནས་དེ་རིང་ཟ་རྒྱུ་འཐུང་རྒྱུ་སློང་དུ་ཡང་མ་སོང་།
- དེ་རིང་ཅི་ཞིག་ཟ།
- དེ་རིང་འོ་ཇ་དཀར་པོ་ཁ་ན་མར་ཁུ་ཡོད་པ་ཞིག་འཐུང་།
- སེམས་ལ་དེ་འདྲ་ཞིག་འདོད་ནས།
- དེ་འདྲ་ཞིག་འཐུང་རྒྱུ་ན་ཅི་འདྲའི་སྐྱིད་འདོད།
- དེ་ནས་གསེར་གྱི་ཅ་ནེ་ཡི་ནང་ནས།
- འོ་ཇ་དཀར་པོ་ཁ་ན་མར་ཁུ་སེར་ལམ་ཞིག་ཡོད་པ་ཐོན་པ་རེད།
- རྒད་པོ་དགའ་ནས་་་ཨ་གནམ་རྒན་མ།
- འདི་གནམ་སྔོན་མོ་ཡིས་ང་ལ་གནང་ནི་རེད་ཅེས།
- འོ་ཇ་དཀར་པོ་དེ་འཐུང་བ་དང་ཁོ་སྐྱིད་པོ་བྱས་ནས།
- གསེར་གྱི་ཅ་ནེ་ནང་དུ་ཅི་ཤོག་ཟེར་ན།
- ཟས་རང་འགྲུབ་དང་གོས་རང་འགྲུབ་བྱས་ནས་འབབ་གིན་བསྡད།
- དེ་ནས་ཁོ་ཚོ་སྐྱིད་པོ་བདེ་མོ་བྱས་ནས།
- ཁོ་ཚོ་ཚང་མས་འཚོ་བ་སྐྱིད་པོ་རོལ་ནས་བསྡད་དུས།
- ཉིན་ཞིག་ལ་རླུང་ནག་འཚུབ་མ་ཞིག་གློ་བུར་དུ་ཡོང་ནས།
- གསེར་གྱི་ཅ་ནེ་ཁྱེར་ནས་བུད་སོང་།
- རླུང་ནག་འཚུབ་མ་དེ་ཚར་དུས་བལྟས་པ་ན།
- རྒད་པོ་ཡི་གསེར་གྱི་ཅ་ནེ་མེད་པ་རེད།
- རྒད་པོ་ངུས་ནས་འགྱེལ་རེས་བརྒྱབ།
- ངའི་གསེར་གྱི་ཅ་ནེ་མེད་ཀི་ཞེས་ངུས་ནས།
- དེ་ནས་ལུ་གུ་དང་ཁྱི་དང་བྱི་ལ་བཅས་ཀྱིས་ང་ཚོས་རྒད་པོ་ཡི་དྲིན་ལན་མཇལ་དགོས་རྒྱུ་རེད།
- ང་ཚོ་གསེར་གྱི་ཅ་ནེ་བཙལ་དུ་འགྲོ་ཞེས་བཤད་དེ།
- ཁོ་ཚོ་བཙལ་དུ་སོང་།
- བཙལ་དུ་སོང་ནས་ཁོ་ཚོ་ཕ་རོལ་ཞིག་ལ་སོང་ནས།
- ཕ་རོལ་ཞིག་ན་ཁང་བ་ཁང་ཆེན་ཞིག་ཡོད།
- ས་སྟོང་ཞིག་ན་དེ་འདྲ་ཞིག་ཡོད།
- དེར་སོང་ནས་ཡར་མར་ལ་བྱི་ལ་ཡིས་ཕར་བལྟ་ཚུར་བལྟ་བྱས་པས།
- གསེར་གྱི་ཅ་ནེ་སྲིན་པོ་ཡི་སྔས་མགོར་བཟུང་ཡོད།
- དེ་ནས་ཅ་ནེ་སྲིན་པོ་ཡི་སྔས་མགོར་བཟུང་ཡོད།
- དེ་ནས་སྲིན་པོ་ཡི་མགོ་ནས་ཅི་ལྟར་ལེན་འདོད་ནས།
- འདང་ཞིག་བརྒྱབ་ནས་ཁྱི་དང་ལུ་གུ་དང་བྱི་ལ་ཚོས་གྲོས་བྱས་ནས།
- དེ་ནས་ཕར་འགྲོ་ཚུར་འགྲོ་བྱས་ནས་བསྡད་དུས།
- དེ་ན་ཙི་གུ་འགའ་འགྲོ་བཞིན་ཡོད།
- བྱི་ལ་རྒྱུགས་ནས་སོང་སྟེ་ཙི་གུ་གཅིག་གསོད་རྩིས་བྱས་པས།
- ཙི་གུ་ཡིས་ཁྱོད་ཀྱིས་ང་མ་གསོད་དང་ངས་ཁྱོད་རོགས་བྱེད་དགོས་ན་བྱེད་ཟེར།
- ཁྱོད་ཀྱིས་ང་མ་གསོད་ཅེས་ཞུ་བ་བྱས།
- དེ་ནས་ཁྱོད་ཀྱིས་ང་ལ་རོགས་བྱེད་ཐུབ་ན།
- ཁྱོད་སོང་དང་ངའི་གསེར་གྱི་ཅ་ནེ་སྲིན་པོ་ཞིག་གིས་བརྐུས་ནས་སོང་སྟེ།
- ཁོ་ཡིས་གན་ན་སྔས་མགོར་བཟུང་ནས་འདུག
- ཁྱོད་སོང་དང་དེ་ཁྱེར་ནས་ཤོག་ཟེར།
- དེ་ནས་ཙི་གུ་དེ་སྒང་ལ་ལངས་ནས་གཟི་ཁ་བཏབ་པས།
- ཙི་གུ་བཀང་སོང།
- དེ་ནི་ཙི་གུ་ཡི་རྒྱལ་བོ་ཡིན་པ་རེད།
- དེ་ནས་ཙི་གུ་དེས་ཙི་གུ་རྔ་རིང་ཤོག
- ཙི་གུ་ལག་རིང་ཤོག
- ཙི་གུ་རྐང་མགྱོགས་ཤོག་ཅེས་བཤད་པས།
- དེ་ཚོ་ཡོང་རྗེས་ཁྱོད་ཚོ་སོང་ནས།
- སྲིན་པོ་དེའི་སྔས་མགོ་ནས་ཅ་ནེ་ཁྱེར་ཤོག་ཅེས་བཤད་པས།
- ཙི་གུ་ལག་རིང་གིས་སོང་ནས་ཡང་གིས་དྲུད་པ་རེད།
- ཙི་གུ་རྔ་རིང་གིས་སོང་ནས་སྲིན་པོའི་ངོར་ཟ་འཕྲུག་ལངས་ཏུ་བཅུག་ནས།
- རྣ་ནང་ལ་ཟ་འཕྲུག་ལངས་ཏུ་བཅུག་ནས་བསྡད་པས།
- སྲིན་པོ་ཡིས་དེ་ལྟར་ཕྲུགས་ནས་གཉིད་ནས་བསྡད།
- ཙི་གུ་ལག་རིང་གིས་དྲུད་ནས་ཁྱེར་ཡོང་སྟེ་རྐང་མགྱོགས་ཀྱི་ལག་ལ་བཞག
- རྐང་མགྱོགས་ཀྱིས་ཁྱེར་ཏེ་བྲོས་ནས་ཡོང་སྟེ།
- བྱི་ལ་དང་ཁྱི་དང་ལུ་གུ་བཅས་ཀྱི་ལག་ཏུ་བཞག
- ཁོ་ཚོས་ཁྱེར་ཏེ་བྲོས་ནས་ཚུར་རོལ་ཞིག་ལ་ཡོང་ནས།
- ས་སྟོང་ཞིག་ལ་ཡོང་ནས་ཁོ་ཚོ་ཐང་ཆད་ནས།
- ང་ཚོ་འདི་ནས་ངལ་གསོ་བྱེད་ཅེས་བཤད་དེ།
- ཐང་ཆད་གི་ཞེས་བཤད་དེ་ཁོ་ཚོ་དེ་ནས་ཙོག་ནས་ངལ་གསོ་བྱས།
- ཁོ་ཚོ་ངལ་གསོ་བྱས་པས་ཁྱི་གཉིད་སོང་།
- གཉིད་རྗེས་བྱི་ལ་དང་ལུ་གུ་གཉིས་ཀྱིས་ཁྱེར་ནས་ཡུལ་ལ་ཡོང་།
- ཡུལ་ལ་ཡོང་ནས་རྔ་མ་གཡུག་གཡུག་བྱས་ནས།
- རྒད་པོ་ལ་ཁྱི་སོང་ནས་ཡོང་རག་བར་དུ་གཉིད་ནས་བསྡད་དེ།
- ངེད་གཉིས་ལ་རོགས་གཅིག་ཀྱང་མི་བྱེད་གི་ཟེར།
- བཀོལ་ཅི་ཡང་མི་ཆོད་པ་རེད།
- ངེད་གཉིས་ཀྱིས་སྡུག་མྱངས་ནས་ཡར་ལ་བཙལ་མར་ལ་བཙལ།
- སྡུག་ཡང་ཡང་མྱངས་ནས།
- གསེར་གྱི་ཅ་ནེ་རྙེད་ནས་ཁྱེར་ཡོང་བ་ཡིན་ཞེས་བཤད་པས།
- ཁྱོད་ཀྱི་དྲིན་ལན་མཇལ་བ་ཡིན་ཞེས་བཤད་དེ།
- རྒད་པོ་ཡིས་ཁྱོད་གཉིས་ངོ་མ་བཟང་གི
- ང་འདུག་རོགས་ལ་ཁྱོད་གཉིས་བཟང་གི་ཞེས།
- ང་ཚོ་བདེ་མོ་སྐྱིད་པོ་བྱས་ནས་འདུག་ཟེར།
- དེ་ནས་ཁོ་ཚོས་འཚོ་བ་སྐྱིད་པོ་རོལ་ནས།
- གསེར་གྱི་ཅ་ནེ་ནང་དུ་ཟས་རང་འགྲུབ་དང་གོས་རང་འགྲུབ་བྱས་ནས།
- ཁོ་ཚོས་འཚོ་བ་སྐྱིད་པོ་རོལ་ནས་བསྡད།
- དེ་ནས་ཁྱི་ལ་ཨ་ཁྱི་རྒན།
- ཁྱོད་ཀྱིས་ང་དྲིན་ཆེན་ལ་དྲིན་ལོག
- གཡང་ལ་རྡོ་བཀལ་བྱེད་དགོས་པ་རེད་དམ་ཞེས།
- ཁྱི་བཙོག་ཁྱོདཅེས་ཁྱེར་ནས་སོང་སྟེ།
- རྐེ་ལ་ལྕགས་ཐག་ཅིག་བརྒྱབ་ནས།
- སྒོ་ནང་ནས་བཏག་ཏེ།
- ཆུ་རྙོགས་བླུད་ནས་ཟས་འཕྲོ་འཐུང་འཕྲོ་བླུད་ནས་བསྡད།
- ཁྱི་དེ་ལུ་གུ་དང་བྱི་ལ་གཉིས་ཀྱི་ཐོག་ལ་ཞེ་སྡང་ལངས་ནས།
- ཁྱོད་གཉིས་ཀྱིས་ང་ལ་བསམ་པ་གནག་པ་ཡིན་ཞེས།
- ངས་ཀྱང་སྡུག་མྱངས་པ་ཡིན་ཞེས་ཞེ་སྡང་ལངས།
- དེ་ལྟར་བསྡད་པ་རེད།
- འཇིག་རྟེན་ཁམས་ཀྱི་བྱི་ལ་དང་ཁྱི།
- ལུ་གུ་ཚང་མ་མི་འགྲིག་པའི་རྒྱུ་མཚན་དེ་རེད་ཅེས་བཤད།
- ད་དེ་རེད།