Video Overview
Kato Kyi from Sonak village in Tsekhok tells the humorous, yet tragic tale of a fool's deeds and death.
བརྙན་ཐུང་འདིར་རྨོངས་ཅན་གོ་ཤེས་མེད་པའི་བླུན་པོ་ཞིག་གི་བྱ་སྤྱོད་བརྗོད་ཡོད་པ་དང་མཇུག་མཐར་བླུན་པོ་དེ་མེད་པར་བྱས་པའི་གཏམ་རྒྱུད་བརྗོད་ཡོད།
བརྙན་ཐུང་འདིར་གཏམ་རྒྱུད་འདི་འདྲ་ཞིག་བརྗོད་ཡོད་དེ། སྔོན་ཁྱིམ་ཚང་ཞིག་ལ་བུ་བླུན་པོ་ཞིག་ཡོད་པ་དང་དེ་ནི་རྨོངས་ཅན་གོ་ཤེས་མེད་པ་ཞིག་ཡིན་པས། རང་གི་ཕུ་བོ་མེ་མདས་བསད། རང་གི་ཨ་མ་ནོར་ཁང་དུ་བཏགས་ཏེ་བསད་པ་སོགས་ཡ་ང་བའི་མཇུག་འབྲས་མང་པོ་ཞིག་བྱུང་བས། མཐའ་མར་བླུན་པོ་དེ་མེད་པར་བྱས་པའི་གཏམ་རྒྱུད་བརྗོད་ཡོད་ལ། འདིར་བླུན་པོ་དེའི་བྱ་སྤྱོད་རྣམས་དགོད་བྲོ་བའི་སྐད་ཆས་བརྗོད་ནས་མི་རྣམས་ལ་ཁ་མཚར་གྱི་ཚུལ་ཏུ་བརྗོད་ཡོད།
这段故事用幽默的语言来讲述了一个的愚人的滑稽可笑的行为。最后也是用即可笑又悲惨的方法除掉他的故事。
这段故事讲了这样一段故事,从前有户人家有个蒙昧无知的傻子,他用机枪杀死了哥哥,把母亲也给杀了。做个无数个害人害己的事情,最后把他也给杀了。这段故事用幽默的语言来表述的愚人的滑稽可笑的行为。
- སྤུན་གཉིས་ཡོད།
- བུ་སྤུན་གཉིས་ཡོད།
- གཅིག་བླུན་པོ་ཞིག་ཡིན།
- ཆེ་བ་བླུན་པོ་མིན།
- ཆུང་བ་བླུན་པོ་ཞིག་ཡིན།
- བླུན་པོ་བུ་ཆུང་བོའི་ལག་ན་མེ་མདའ་ཞིག་ཡོད།
- ཆེ་བའི་རྒྱབ་ན་ཤིག་ཅིག་ཡོད།
- དེ་ནས་ཆུང་བས་ཨ་ཕ་ཨ་ཕ་ཁྱོད་ཀྱི་རྒྱབ་ན་ཤིག་ཅིག་ཡོད་གི་ཟེར་ནས།
- མེ་མདའ་ཡིས་བརྒྱབ་པས་ཨ་ཕ་བསད་པ་ཡིན།
- ཨ་ཕ་བསད་པས།
- བུ་ཆེ་བའི་རྒན་མོས་བླུན་པོ་བླུན་རྒན་ཁྱོད་སོང་དང་གྲྭ་བ་ཞུས་ནས་ཤོག
- ངས་ཇ་སྐོལ་ལ་འདུག་ཟེར།
- བུ་གྲྭ་བའི་རྗེས་སུ་འགྲོ་རུ་བཅུག
- དེ་ནས་སོང་ནས་དགོན་པའི་ནང་གི་སྐུ་འདྲ་མང་པོ་ཞིག་ཁྱེར་ཡོང་དུས་ཆར་བབས།
- ཁོ་ཆུ་ལ་བརྒལ་ནས་ཡོང་།
- ཆུ་ནང་ནས་འདི་ཚང་མ་ཁྱེར་ཐུབ་རྒྱུ་མ་རེད་འདོད་ནས།
- ཆ་རེ་ཕ་རོལ་ནས་བསྐྱུར།
- འགའ་ཞིག་ཁྱེར་ནས་ཆུ་ཡི་ཚུལ་རོལ་ལ་བཞག
- ཆུ་ལ་བརྒལ་ནས་ཕྱིར་གཞན་རྣམས་ལེན་པར་སོང་དུས།
- གཞན་པ་ཚོ་ཆར་བབས་ནས་བཞུས་སོང་།
- གྲྭ་བ་ཚོས་སྐྱག་པ་བཏང་ནས་བྲོས་སོང་ཞེས་བཤད་དེ།
- ཕྱིར་ཡོང་ནས་ཚུལ་རོལ་ལ་ཡོང་དུས་དེ་རྣམས་ཡང་བཞུས་སོང་།
- འདི་ཚོས་ཀྱང་སྐྱག་པ་བཏང་ནས་བྲོས་སོང་ཟེར།
- ཕྱིར་རྒྱུགས་ནས་ཡུལ་ལ་ཡོང་དུས།
- ཁྱོད་ཀྱིས་གྲྭ་བ་རྣམས་ཁྲིད་ནས་མ་ཡོང་ངམ་ཞེས་དྲིས་པས།
- ངས་གྲྭ་བ་རྣམས་ཁྲིད་ནས་ཡོང་མོད།
- གྲྭ་བ་ཚོས་སྐྱག་པ་བཏང་ནས་བྲོས་སོང་ཟེར།
- འགའརེ་ཕ་རོལ་ནས་བཞག
- འགའ་རེ་ཚུལ་རོལ་ལ་ཁྱེར་ནས་ཡོང་།
- ཆུ་ཡི་ཚུལ་རོལ་ལ་ཁྱེར་ནས་ཡོང་སྟེ་བཞག
- ཕྱིར་རྗེས་ལ་སོང་དུས་ཕ་རོལ་གྱི་དེ་ཚོས་སྐྱག་པ་བཏང་ནས་བྲོས་སོང་།
- ཚུལ་རོལ་ལ་ཡོང་དུས་ཚུལ་རོལ་གྱི་དེ་ཚོས་ཀྱང་སྐྱག་པ་བཏང་ནས་བྲོས་སོང་ཟེར།
- བླུན་པོ་དེ་ཅི་ཞིག་ཡིན།
- ཁྱོད་ཀྱིས་དགོན་པའི་ནང་གི་སྐུ་འདྲ་ཁྱེར་ནས་ཡོང་བ་རེད།
- ཁྱོད་ཀྱིས་ཇ་སྐོལ་དང་ང་འགྲོ་ཟེར།
- དེ་ལྟར་སོང་ནས་གྲྭ་བ་འགའ་རེ་ཞུས་ནས་ཡོང་བ་ཡིན།
- ཁོ་གཉིས་ཀྱིས་བཏོན་ནས་ཁོ་ཚོའི་ཨ་ཁུ་ཡང་ཡོང་ཡོད་ཁ་རེད།
- དེ་ནས་ཆོས་བཅོས་ཏེ།
- དེའི་འཕྲོར་ཨ་ཁུ་ཚང་མས་འདིས་ད་རུང་ངན་པ་བྱེད་རྒྱུ་རེད་འདོད་ནས།
- འདི་མེད་ཐབས་བྱེད་དགོས།
- ཨ་ཁུ་ཚང་མས་ཁྲིད་ནས་སོང་སྟེ།
- རྡོ་ཕ་བོང་ལ་མེ་བཞག་སྟེ་བསྲེག་ནས་དམར་པོར་བཏང་།
- ཁྱོད་ཀྱིས་འདི་ནོན་ན་སྡོད།
- ང་ཚོ་ཡུལ་ལ་སོང་རྗེས་ཕྱིར་ཡོང་།
- ཕྱིར་ཡོང་རག་བར་དུ་ཁྱོད་ཀྱིས་འདི་འགྲོ་རུ་མ་འཇུག
- ནོན་ན་སྡོད་ཞེས་བཤད།
- ཨོ་ཡ་ཟེར་ནས།
- ཁོ་ཕ་བོང་གི་ཐོག་ལ་ལོག་ནས་དེ་མནན་ནས་བསྡད།
- ཁོ་འཚིག་ནས་སིར་སིར་གྲགས།
- ཁྱོད་ཀྱིས་ཙ་ཙ་ཙུས་ཙུས་བརྒྱ་ཟེར་རུང་།
- ཨ་ཁུ་ཡོང་རག་བར་དུ་མི་གཏོང་ཟེར་ནས་མནན་ནས་བསྡད།
- དེ་ནས་ཁོ་འཚིག་སོང་།
- ཁྱོད་ཀྱིས་ཙ་ཙ་ཙུས་ཙུས་བརྒྱ་ཟེར་རུང་།
- ཨ་ཁུ་ཡོང་རག་བར་དུ་མི་གཏོང་ཟེར་བའི་ལོ་རྒྱུས་དེ་ནས་ཡོང་བ་ཡིན།