Video Overview
Dorjé from Gartsé village in Repgong tells the story of two men who bet on the faithfulness of their wives.
བརྙན་ཐུང་འདིར་སྐྱེས་པ་གཉིས་ཀྱིས་རང་གི་ཆུང་མ་དེ་ལྷག་བསམ་དཀར་མིན་ལ་རྒྱལ་འཇོག་བྱས་པའི་གཏམ་རྒྱུད་བརྗོད་ཡོད།
བརྙན་འདིར་སྐྱེས་པ་གཉིས་ཀྱིས་ཁ་བརྡ་མང་པོ་ཞིག་བྱེད་པའི་བར་ལ་གཅིག་གིས་གཅིག་ལ་འཇིག་རྟེན་ན་རང་གི་སྐྱེས་པ་གཅིག་པུ་ལ་ལྷག་བསམ་དཀར་བའི་བུད་མེད་ཞིག་ཡོད་རྒྱུ་མ་རེད་ཟེར་ནས། གཅིག་གིས་ངའི་ཆུང་མ་ནི་དེ་འདྲ་ཞིག་ཡིན་ཟེར། དེ་ནས་ཁོ་གཉིས་ཀྱིས་རང་གི་རྒྱུ་ནོར་སོགས་རྒྱན་ལ་བཞག་ནས་ཁོའི་ཆུང་མ་དེ་འདྲ་ཡིན་མིན་ལ་བལྟས། སྐྱེས་པ་དེས་ཐབས་བཀོད་སྣ་ཚོགས་ཞིག་འཐེན་པས། ཁོ་རང་ཕམ་ནས་རང་གི་རྒྱུ་ནོར་ཡོད་དོ་ཅོག་བྱིན་པ་ཡིན། རྗེས་ནས་ཁོའི་ཆུང་མའི་ཁོ་རང་བཙལ་ཚུལ་དང་རྙེད་རྗེས་ཕྱིར་འོང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཚུལ་བརྗོད་ཡོད།
本段讲述了两个男人想看看自己的妻子是否忠诚,因而打赌,输了的那位答应把所有的财产给另一位的故事。
这段视频讲了两个男人在聊天中说世上没有一个女人对自己的男人忠于一辈子,其中一位说我的妻子正是。为了试探他的妻子他们用自己所有的财产来打赌,另外一个人用尽办法证明了他的妻子的不忠。当他输了所有的财产之后去流浪,到另外地方去当了马夫,最后妻子找到后他们又过上美满的生活。
- རྒྱ་ཚོང་བ་ཞིག་ཡོད།
- ཁོ་ལ་ལག་རྡོ་ཞིག་ཡོད།
- ལག་རྡོ་ཟེར་བ་ཚོང་བ་རྒྱ་བོད་གང་ཡིན་རུང་།
- ཚོང་བར་སོང་ན་དེའི་ནང་ན་ལག་རྡོ་ཞེས་གཙོ་བོ་ཞིག
- གླ་བའི་ནང་གི་གཙོ་བོ།
- ནང་ཆེན་ཞིག་ལ་མཚོན་ན་ཇ་མ་དང་རྟ་རྫི་དེ་འདྲ་མང་པོ་ཡོད་ན།
- གཉེར་བ་ཞེས་གཙོ་བོ་ཞིག་ཡོད་པ་རེད།
- དེ་ཡང་གླ་བའི་ནང་གི་གཙོ་བོ་ཞིག་ཡིན་ལ་གླ་བ་ཡང་ཡིན།
- དེ་ལྟར་རྒྱ་ཕྱུག་དེར་ཁོ་ལ་ལག་རྡོ་གཙོ་བོ་ཞིག་ཡོད།
- ཚོང་བར་སོང་ནས་ཕྱི་ཉིན་ཡུལ་ལ་ཐོན་ངེས་རེད།
- ཚོང་བརྒྱབ་ནས་ཁོ་གཉིས་ཕྱིར་ཡུལ་ལ་ཐོན་ངེས་རེད།
- དགོང་མོ་དགོང་ཇ་འཐུང་ཁོ་གཉིས་ཀྱིས་ཁ་བརྡ་བྱས་ནས་བསྡད།
- ང་ལ་རྒྱུ་མེད་པ་དང་ཅི་ཡང་མེད་པས་གླ་བྱས་ནས་སྒོར་མོ་བཙལ་དགོས།
- ཁྱོད་སྙིང་རྗེ་འདི་འདྲའི་རྒྱུ་ཞིག་ཡོད་མོད།
- ཁྱོད་རི་ལ་བུད་དེ་སྡུག་མཐོང་ནས།
- ཙག་བསེར་བུ་འདི་ལྟར་མྱངས་ནས།
- ཁྱོད་ཀྱི་འདི་ཅི་ཡིན་ནམ།
- ཁྱོད་ཀྱི་ཆུང་མས་ཤུལ་ན་གཞན་པར་རྩེ་ནས་བསྡད་ཡོད་པ་རེད།
- དེ་ལྟར་བཤད་པས་དཔེ་མི་སྲིད་པ་རེད་ཅེས་ལན་བཏབ།
- ང་ཡང་དེ་ལྟར་ཡིན་ཏེ་ཆུང་མ་ལས་གཞན་གྱི་ངོར་བལྟས་མ་མྱོང་ལ།
- ཆུང་མ་ཡང་ང་ལས་གཞན་ཞིག་གི་ངོར་བལྟས་མྱོང་བ་ཞིག་མིན།
- མི་ལྟ་བར་དེ་འདྲའི་བུད་མེད་ཁྲེལ་ཡོད་ཅིག་ཡིན།
- དེ་ལྟར་བཤད་པར་དཔེ་ཡོད་པ་མ་རེད་ཅེས་ལན་བཏབ།
- འཇིག་རྟེན་ན་དེ་འདྲ་ཡོད་པ་མ་རེད།
- དེར་དཔེ་ཡོད་པ་མ་རེད་ཅེས་བཤད་པར་དེར་དཔེ་ཡོད་ཟེར།
- དེ་ན་དོ་དགོང་ང་འགྲོ་དང་འུ་གཉིས་ཀྱིས་རྒྱལ་འཇོག
- ང་སོང་ནས་ཉལ་མ་ཐུབ་པ་དང་ཁྱོད་ཀྱི་བུད་མེད་ཀྱིས་ཁ་མ་ཉན་ན།
- ཁྱོད་ཀྱིས་ང་ལ་དོང་ཙེ་སྐར་མ་གང་ཡང་སྟེར་མི་དགོས།
- ང་ཤི་རག་བར་དུ་ཁྱོད་ཀྱི་གླ་བ་བྱེད།
- ང་ཁྱོད་ཀྱི་ཆུང་མ་ལ་དོ་དགོང་ཉལ་ཐུབ་སོང་ན་ཁྱོད་ཀྱིས་ང་ལ་ཅི་བྱེད་ཅེས་དྲིས།
- ངའི་དྲེལ་རྟ་དང་ཚོང་ཚང་མ་ཁྱོད་ལ་སྟེར་ཟེར།
- དེ་ནས་དོང་ཙེ་འགའ་ཡོད་པ་རུམ་ལ་བསྡུས་ནས་བུད་སོང་།
- སོང་ནས་ཆུང་མ་དེར་འུ་གཉིས་དོ་དགོང་ཉལ་དང་ཞེས་བཤད་པར།
- དཔེ་ཡོད་དམ།
- ང་འདི་ཚང་ལ་ཡོང་བ་ནས་བཟུང་སྐྱེས་པ་མ་གཏོགས་མི་ཞིག་གི་ངོར་བལྟས་མ་མྱོང་།
- དེ་ལྟར་བཤད།
- དེ་ལྟར་བསྡད་དུས་ཁོས་འདང་བརྒྱབ་ནས།
- ཁོ་ཚང་ལ་གཡོག་མོ་རྒན་མོ་ཞིག་ཡོད།
- རྒན་མོ་དེའི་རྩིབ་ལ་སོང་ནས་ཁྱོད་ཀྱིས་ང་རྒྱ་ཡི་ཆུང་མ་གན་ལ་ཉལ་དུ་འཇུག་ཨེ་ཐུབ།
- ཐུབ་ན་ངས་ཁྱོད་ལ་དོང་ཙེ་བཅོ་ལྔ་སྟེར་ཞེས་བཤད་དུས།
- དེ་ཐུབ་ཟེར།
- དེ་ནས་རྒན་མོ་ཡིས་འོག་ལ་ལུག་གི་པགས་པ་དང་རུས་པ་འགའ་བཏགས་ནས།
- ལྭ་བའི་འོག་ལ་བཅུག་ནས།
- རྒྱ་ཕྱུག་གི་ཆུང་མའི་རྩིབ་ལ་སོང་ནས།
- ཁྲོག་སྒྲ་ཞིག་གྲགས་སུ་བཅུག་ནས་ཨ་་ཡོ་་ཧད་་ཅེས་བཤད།
- ཨ་མ་ཅིག་མ་ཅིག་ཅི་རེད་ཅེས་དྲིས།
- ཅི་ཡིན་་་ང་ཡང་དེང་མ་ཆུང་དུས་སྐྱེས་པ་ཞིག་ཡོད་པ།
- ཡར་མར་ལ་སོང་བར་སོང་ནས་ཡུན་རིང་ལ་མི་ཡོང་།
- ཡར་མར་གཞན་དག་ལས་མི་ཉན་འདོད་དེ།
- དེ་ལྟར་བྱས་པས་ད་བར་འོག་ལ་རུས་པ་སྐྱེས་ནས།
- སྡུག་མཐོང་ནས་བསྲན་མི་ཐུབ་ཅེས་བཤད།
- འདིའི་སྔོན་ལ་དེས་ང་བཤད་རུང་ང་མ་ཉལ་ཟེར།
- མི་ཉལ་ནས་ཅི་བྱེད།
- དེ་ལྟར་བྱས་ན་ལོ་ལོན་ན་ན་ཟུག་གིས་མི་བསྲན་གི་ཞེས་བཤད།
- ཅི་འདྲའི་དགོད་སྤྱད་འདོད་དེ།
- དེར་ཅང་མེད་དེ་ཁ་ནང་དུ་མཛུ་མོ་བཏང་ན་ཤུལ་ཡོད་དམ།
- དེའི་རང་བཞིན་ཡིན་པས་ཅི་ཡང་མེད།
- ངས་ཀྱང་ཆུང་དུས་དེ་ལྟར་འདོད།
- རང་གི་རྒད་པོའམ་སྐྱེས་པ་དེར་ཁྲེལ་མེད་བྱེད་མི་ཉན།
- དེ་ལྟར་བསྡད་པས་ད་བར་འདི་རེད།
- ན་ཟུག་འདི་འདྲ་ཞིག་ལ་ཐུག་ཡོད།
- དེ་ལྟར་བཤད།
- ཨ་ཙི་ཨ་ཙི་ཞེས་ཆུང་མས་དེ་ལྟར་འདོད་དེ།
- དེ་ནས་རྒན་མོ་ཡིས་ཨ་་ཡོ་་ཧད་་ཟེར་ཞོར་དུ་ཁྲོག་སྒྲ་ཞིག་གྲགས་སུ་བཅུག་ནས་བུད་སོང་།
- དེ་ནས་མི་དེས་ངས་ཁྱོད་འཐད་དུ་འཇུག་མི་ཐུབ་བམ་ཞེས་བཤད་དེ་སོང་དུས།
- ཆོག་གི་ཞེས་བཤད།
- དེ་ནས་རུམ་ལ་འཛུལ་ནས་ཉལ་རྒྱུ་ཟེར་དུས།
- འགག་ལོ་ཞིག་གྱོན་ཡོད་པ་དེ་མི་ཕུད།
- ཁྱོད་ཀྱི་འགག་ལོ་ཕུད་དང་ངེད་གཉིས་ཅི་བྱས་རུང་ཉལ་དགོས་ཞེས་བཤད།
- ཉལ་དགོས་པས་འགག་ལོ་ཕུད་དང་ཞེས་བཤད།
- འགག་ལོ་ངས་མི་ཕུད་དེ་ངའི་སྐྱེས་པ་ལ་ཡང་ལྭ་མ་གཏོགས་ཕུད་པ་མིན།
- ཁྱོད་ཉལ་རྒྱུ་ཟེར་ན་ཉོལ་དང་དེ་མིན་ཁྱོད་སོང་ཟེར།
- ཁྱོད་ཀྱིས་དེ་ལྟར་མ་བྱེད་དང་ངས་ཁྱོད་ལ་དོང་ཙེ་ལྔ་སྟེར།
- ཁྱོད་ཀྱི་རུམ་ནས་ཉལ་བ་དང་།
- གོན་པ་གྱོན་ནས་ལས་ན་དེ་ནི་དུད་འགྲོ་ལ་སོགས་པའི་བྱ་སྤྱོད་མིན་ནམ།
- ཁྱོད་ཀྱིས་དེ་ལྟར་མ་བྱེད་པར་འགག་ལོ་ཕུད་དང་ཞེས།
- ཀུ་རེ་རྩེ་ནས་དེ་འདྲ་བྱས་པས།
- མོས་ཀྱང་འགག་ལོ་ཕུད་དེ་སྔས་མགོར་བཞག་ནས་ཉལ་བ་རེད།
- ཉལ་རྗེས་འགག་ལོ་དེ་རུམ་ལ་བསྡུས་ནས་ཤོར་ནས་ཡོང་།
- དེ་ནས་ཡོང་སྟེ་རྒྱ་ཕྱུག་དེར་ང་ཉལ་བ་ཡིན་ཞེས་བཤད་པར།
- དཔེ་ཡོད་དམ་ཞེས་བཤད།
- དཔེ་མེད་ན་འདི་ཁྱོད་ཀྱིས་ངོ་ཨེ་ཤེས་ཞེས།
- ཆུང་མའི་འགག་ལོ་དེ་བསྟན་དུས་ཁོག་ནས་ཅིག་ཆད་སོང་།
- ཨ་ཤུ་རེ་ཁོ།
- ངས་འདི་འདྲ་ཞིག་ཡིན་མ་བསམ།
- ཁྱོད་ཀྱི་དེ་བདེན་པ་རེད།
- མི་ལ་ཡིད་ཆེས་རྒྱུ་མེད་པ་བདེན་གི།།
- ཞེས་བཤད་དེ་དྲེལ་རྟ་དང་ཚོང་རྫས་ཚང་མ་ལག་རྡོ་དེར་སྤྲད་དེ།
- དེ་ནས་བཟུང་ཁོ་ཡུལ་ལ་མ་ཡོང་སྡོམ་སོང་།
- སྡོམ་ནས་ཐག་རིང་ཞིག་ལ་སོང་ནས།
- བར་ཞིག་ལ་རྒྱ་ཕྱུག་ཚང་ཞིག་གི་དྲེལ་རྟ་ལ་ཆས་སྟེར་མཁན་དང་།
- ཆུ་ལྡུད་མཁན་བྱས་ནས་བསྡད།
- ཆུང་མ་དེས་འདི་ཡོང་རྒྱུ་མེད་ཀི་འདོད་ནས།
- གཞན་གྱིས་ཡོང་བཞིན་འདུག་ཟེར་མོད་ད་དུང་མི་ཐོན་པ་ཅི་ཡིན་ནམ་ཞེས།
- རྩད་བཅད་ནས་ཡུན་རིང་འགོར་མོད་རྩད་མ་ཆོད་པར།
- དེ་ནས་ཉིན་ཞིག་མི་ཞིག་གིས་ཁོས་རྒྱལ་བཞག་ནས་རྒྱལ་ཤོར་བས།
- ཁོ་ཡུལ་ལ་མ་ཡོང་བར་གཞན་ཞིག་ན་རྒྱ་ཕྱུག་ཚང་ཞིག་གི།
- དྲེལ་རྟ་གསོ་མཁན་རེད་ཟེར་བ་ཞིག་གོ་སོང་།
- དེ་ནས་ཆུང་མ་དེས་རྟ་ཞིག་ལ་སྒ་བསྟད་དེ།
- དེའི་ཐོག་ལ་སྐྱེས་པའི་གོན་པ་ལ་སོགས་པ་བཀལ་ནས།
- མོ་རང་རྟ་གཞན་ཞིག་ལ་ཞོན་ནས།
- སྐྲ་མགོར་དཀྲིས་ནས་སྟེང་ལ་ཞྭ་གོན་ཏེ་སྐྱེས་པ་ཁོ་ཐག་བཅོས་ནས།
- དེ་ནས་རྟ་གཅིག་ལ་ཞོན་པ་དང་རྟ་གཅིག་ཁྲིད་ནས།
- ཁྱིམ་ཚང་དེ་ཚང་རྩད་གཅོད་བཞིན་དེར་ཐོན་པ་རེད།
- དེར་ཐོན་རྗེས་མགྲོན་ཁང་འདྲ་ཞིག་གི་ནང་དུ་བསྡད་ནས།
- དེ་ནས་ཕྱི་དྲོ་དྲེལ་རྟ་སོགས་ནང་དུ་བཅུག་ནས་མཁར་སྒོ་ཡང་རྒྱག་པའི་དུས་ལ།
- རྟ་རྫི་སྟེ་མོའི་སྐྱེས་པ་ལ།
- ཡུན་རིང་ཞིག་འགོར་ཡོད་པ་རེད།
- དོ་དགོང་ང་ལ་བུད་མེད་ཅིག་དགོས་པས་ཁྱོད་ཀྱིས་ང་ལ་འཚོལ་ཟེར།
- ཁྱོད་ཀྱིས་སྔ་མོ་ནས་བཤད་དགོས།
- ད་ལྟ་མཁར་སྒོ་ཚང་མ་བརྒྱབ་ཟིན་པས་བུད་མེད་ལག་ཏུ་ཡོང་ངམ།
- ཁྱོད་སོང་ནས་ལྟོས་དང་།
- ཁྱོད་ལ་ངས་སྒོར་མོ་སྟེར་ཏེ་བུད་མེད་དེར་ཡང་ལོས་སྟེར།
- དེ་ལྟར་མ་བྱས་ན་ལག་ཏུ་ཡོང་བ་མ་རེད་ཟེར།
- དེ་ནས་ཁོ་སོང་རུང་མཁར་སྒོ་ཚང་མ་བརྒྱབ་པས་བུད་མེད་ལག་ཏུ་མ་ཡོང་།
- དེ་ལག་ཏུ་ཨེ་ཡོང་ཞེས་དྲིས་པས་ལག་ཏུ་མ་ཡོང་ཟེར།
- མ་ཡོང་ནས་ཁྱོད་ཡིན་ཀྱང་ཆོག
- ང་སྐྱེས་པ་ཞིག་ཡིན་ཀྱང་ཆོག་གམ་ཞེས་བཤད་པར་སྐྱེས་པ་ཡིན་ཀྱང་ཆོག་ཟེར།
- ཁྱོད་ཡིན་ཀྱང་ཆོག
- དེ་ནས་ཁོ་གཉིས་ཀྱིས་ཁ་བརྡ་བྱས་ནས།
- ཁ་བརྡ་དགོས་མོ་དགོས་ཐམས་ཅད་པོ་བཤད་ནས་བསྡད་དུས།
- དེ་ནས་ནམ་ཡང་ལངས་ལ་ཉེ་དུས།
- ཁྱོད་ཀྱིས་ཅི་བྱེད་དགོས་ན་བྱོས།
- ང་གཡག་སོ་བཞི་ཅན་གྱི་གླ་བ།
- ལས་རྒྱུ་མེད་རུང་ལོངས་ནས་སྡོད་ཟེར་བ་རེད།
- ད་ལོངས་ཟེར་ན་ད་ལངས་དགོས་པ་རེད།
- དེར་ད་དུང་བྲེལ་བ་མེད།
- དེ་ནས་རྒད་པོ་ལངས་རྒྱུ་ཟེར་བ།
- ང་ཁྱོད་ཀྱི་ཆུང་མ་ཡིན།
- ཁྱོད་ཀྱི་བྱེད་པ་འདི་འདྲ་ཡོད་དམ།
- ངས་ད་བར་དུ་ཁྱོད་རྩད་མ་ཆོད་པ་རེད།
- འདི་འདྲ་ཞིག་བྱུང་ན།
- ཁྱོད་ཀྱི་བུད་མེད་འདི་འདྲ་ཞིག་ཡིན་པ་དང་མི་ཚང་མས་ཡིད་ཆེས་འདི་འདྲ་བྱེད་མོད།
- ད་ཐེངས་ང་འདི་འདྲའི་ཁྲེལ་མེད་བཅོས་བྱུང་།
- དེ་ལྟར་འདོད་ན་ཁྱོད་ཀྱིས་ང་སྒོར་ཕུད་ནས།
- ཁྱོད་ཀྱིས་ཆུང་མ་མི་འདྲ་བ་ཞིག་བླངས་ནས།
- རྒྱུ་གན་འདྲ་ཞིག་ཡོད་པ་དེའི་ནང་ནས་འཕག་ར་བྱས་ནས་མི་འདུག་པར།
- འདི་ཅི་ཡིན་ནམ།
- ཁྱོད་ཅིག་ལ་སོང་ནས་གླ་བྱས་ཏེ་ཁྱོད་ཀྱི་འདི་ཅི་ཡིན་ནམ།
- དེ་ལྟར་བཤད་པས།
- ང་ལོ་འདི་འདྲ་ཞིག་ཡིན་པས་སྐྱིད་རྒྱག་ན་རྒྱག་ཁོམ་ཡང་མེད་ལ།
- སྡུག་མཐོང་ན་མཐོང་ཁོམ་ཡང་མེད།
- དེ་ལྟར་དེ་དག་བརྩད་ནས་བསྡད་ཡོད་དུས།
- འདིས་དྲེལ་རྟ་ལ་སྒ་བསྟན་པར་ཅི་ཞིག་བྱེད་བཞིན་ཡོད་དམ་ཞེས།
- རྒྱ་ཕྱུག་ཚང་གི་བདག་པོ་ཐོན་པ་རེད།
- ཁྱོད་གཉིས་ཅི་ཞིག་ཡིན་ནམ་ཞེས་དྲིས་པར།
- འདི་འདྲ་ཞིག་ཡིན་ཏེ་ངས་ད་བར་དུ་འདིར་རྩད་མ་ཆོད་པར།
- ཁྱོད་ཚང་གི་ཡན་མིན་ནའང་།
- རྒྱུ་ནོམ་པའི་སྟེང་ནས་ཕྱུག་ཚད་ཁྱོད་ཚང་གི་ཡན་མིན་ན་མན་མིན།
- དེ་འདྲ་ཞིག་ཡིན་མོད་འགལ་བ་དེ་འདྲ་ཞིག་བྱུང་བས།
- ཁོ་ཁྱོད་ཚང་གི་གླ་བ་བྱས་ནས།
- དེ་བས་ད་བར་དུ་ངས་རྩ་མ་ཆོད།
- དེ་བས་ངས་ཡུལ་ལ་འགྲོ་ཞེས་བཤད་ན་ཁོས་མི་འགྲོ་ཞེས་དེ་རྩོད་བཞིན་ཡོད་ཟེར།
- ཁྱོད་གླེན་པ་ཞིག་ཡིན་པ་འདྲ།
- ཁྱོད་ཀྱི་འདི་འདྲའི་བྱེད་པ་ཡོད་དམ།
- ཁྱོད་རང་གི་རྒྱུའི་ནང་ནས་འཕག་ར་བྱས་ནས་མི་འདུག་པར།
- ཁྱོད་ཀྱིས་སྡུག་ཐང་ནས་བླངས་ཏེ་ཐོད་པར་འཇོག་པ་འདི་འདྲའི་དཔེ་ཡོད་དམ།
- ཁྱོད་འདི་མི་དྭངས་བ་ཞིག་ཡིན་རྒྱུ་རེད།
- དེ་ལྟར་བཤད་པས་ཕྱིར་ཡོང་ནས་གཉིས་ཀ་འགྲིག་མཐུན་བྱས་ནས་བསྡད།