Video Overview
Karma Tshewang had narrated the story about a group of Monkey who had never made an examination before they begin their plan. It is a fiction story that has rich theme and could change the mind set of people. The focused on a group of monkey who found moon in the ocean and planned to get the moon, thinking that it had fallen in the ocean. Each and very monkey cought on one another's tail and dipped into the ocean but because of their own weight, they fell down and died. Thus, greed and importance of examination before any action is the key theme of the story and it is applicable lession that every individual should follow.
༉ ང་བཅས་ར་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ བརྟགས་ཤིང་དཔྱད་དེ་འབད་དགོ་པའི་འསྐོར་ལས་ བཀྲིས་སྒང་གཤོང་ཕུག་ལས་ ཀརྨ་ཚེ་དབང་གིས་སྲུང་ཅིག་བཏང་སྟེ་ཡོདཔ་ད་ སྲུང་འདི་བཅུད་དོན་སྦོམ་ཡོད་པའི་འཆར་སྲུང་ཅིག་ཨིན་པས། དེ་ཡང་ སྤྱ་སྡེ་ཚན་ཅིག་ སྤྱའི་འགོ་དཔོན་དེ་གིས་ བརྟགས་ཤིང་ག་ནི་ཡང་མ་དཔྱད་པར་ ཟླཝ་གི་གཟུགས་བརྙན་རྒྱ་མཚོ་ནང་མཐོང་སྟེ་ ཆུ་ནང་ལས་ཟླཝ་བཏོན་ནི་འབདཝ་ཨིན་ཟེར་ སྤྱ་ག་ར་རྒྱ་མཚོ་ནང་འབུད་དེ་ཤི་སོང་པའི་སྲུང་ཅིག་བཏང་སྟེ་ཡོདཔ་ད་ སྲུང་འདི་གིས་ ང་བཅས་ར་ ལཱ་ག་ཅི་ར་འབད་རུང་ བརྟགས་དཔྱད་མ་འབད་བར་སྣང་བ་གང་ཤར་གྱི་ཐོག་ལས་འབད་མི་ཚུ་གི་སེམས་ འགྱུར་བཅོས་གཏང་ནི་ལུ་ཕན་ཐོགས་སྦོམ་སྦེ་ར་འོང་ནི་ཨིན་མས།
- Shongphu
- ཀརྨ་ཚེ་དབང་ Karma Tshewangད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ད་དགོད་བྲོ་གིས་གཏམ་ཅིག་ཞུ་ནི་ལགས། ད་ གཏམ་འདི་ ག་ཅི་གིས་སྐོར་ལས་ཞུ་ནི་སྨོ་ཟེར་བ་ཅིན་ ང་གིས་གཙོ་བོ་ར་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ ཏེ ་འ་ ཏེ་ བརྟག་ཤིང་མ་དཔྱད་པ་ཅིན་ ལཱ་འབད་བའི་སྐོར་ལས་ ཆུང་ཀུ་ཅིག་ཞུ་ནི་ཡོད་ལགས། ཨ་ནཱི་ག་དེ་སྦེ་ཞུ་ནི་ཡོདཔ་སྨོ་ཟེར་བ་ཅིན་ དང་པོ་སྟེ་ འེང་ མཚོ་སྦོམ་ཅིག་ཡོདཔ་ཨིན་མས་ལགས། ཏེ་ ཨ་ནཱི་མཚོ་སྦོམ་གི་རྩ་བ་ ཤིང་སྦོ་ཅིག་ ཏེ་ཡོདཔ་མས། ཤིང་སྦོམ་ཐོག་ཁར་ཏེ་ ཏེ་ ཁོ་གི་སྤྱ་ གནམ་མེད་ས་མེད་སྤྱ་ཡོདཔ་ཨིནམ་མས་ལགས། ཏེ་ སྤྱ་ནང་ལས་ ཨ་ནཱི་སྤྱ་གི་འགོ་དཔོན་ཅིག་ ཡོདཔ་ཨིན་མས། སྤྱ་གི་འགོ་དཔོན་གྱིས་ ནུབ་མོ་གི་ ཚེས་༡༥གི་ཟླཝ་འདི་ ཏེ་མར་ལུ་ ཏེ་ཆུ་ནང་ལུ་ ཁོ་ཟླཝ་འདི་ ཉིན་མར་ཡོད་རུང་ གྱིབ་མ་འདི་ མར་ ཆུ་ནང་ མཐོང་མཐོངམ་ཨིན་མས་བ་ལགས། ཏེ་ གྱིབ་མ་ཆུ་ནང་ མཐོངམ་ད་ལུ་ ཏེ་ སྤྱ་གི་འགོ་དཔོན་གྱིས་སླབ་ནུག དབའི་ ཡ་ ད་རེས་འབདན་ ད་ གནམ་མཁའི་ཟླཝ་འདི་ མར་རྒྱ་མཚོ་ནང་ལུ་ མཚོ་ནང་ལུ་བུད་སོང་ནུག ད་འབདན་ བསྐྱལ་སར་བསྐྱལ་ནུག ང་བཅས་ཚུ། ཏེ་ ད་ ང་བཅས་ཚུ་གིས་ ཨ་ནཱི་བཏོན་ནིའི་ ཐབས་ཤེས་ཅིག་འབད་ནི་ ད་ ཐབས་ཤེས་བཏོན། བཏོན་ཚུགས་པ་ཅིན་ ང་བཅས་ཚུ་ སྐད་གྲགས་ཅན་ཅིག་ འོང་ནི་མས་ཟེར། ཏེ་ད་ ཨ་ནཱི་སྐད་གྲགས་ཅན་ཅིག་འོང་ནི་མས། ད་འབདན་ བཏོན་ནི་མས་ཟེར་སླབ་ནུག དེ་ལས་ ཏེ་ ཁོང་ གཞོནམ་ཚུ་གིས་སླབ་ནུག དབའི་ ཐབས་ཤེས་ག་དེ་འབད་ བཏོན་ནི་སྨོ་ཟེར། ད་ཐབས་ཤེས་བཏོན་ནི་གིས་ གནས་སྐབས་ཅིག་ མིན་འདུག་ས་ཟེརཝ་ད་ལུ། ཡ་ གཅིག་ ཧེ་མ་ར་ ཤིང་གི་ཞལ་ལག་ལས་ གཅིག་བཟུང་སྨ་རེད་ཟེར། ཏེ ་དེ་ལས་ཏེ་ གཅིག་གིས་ དེ་ལས་ མཇུག་མ་གུ་ ཏེ་ མཇུག་མ་གུ་ བཟུང་སྨ་རེད་ཟེར། དེ་ལས་ གཅིག་གིས་མཇུག་མ་གུ་བཤེད་དེ། གཅིག་གིས་མཇུག་མ་གུ་བཤེད་ཡི་ བཤེད་ཡི་ བཤེད་ཡི་ བཤེད་ཡི་ ཏེ་ཁོང་ཚུ་ ཏེ་མར་ལུ་ ཆུ་ནང་ན་ མཚོ་ནང་ལུ་་འཛུལ་སོངཔ་ཨིནམ་མས། མཚོ་ནང་ལུ་ འཛུལ་བའི་སྐབས་འདི་ སྤྱ་ཨ་ནཱི་ཅིག་གིས་ ལྗིད་འདི་ཤིང་གིས་ཞལ་ལག་གིས་ བཟེད་མ་ཚུགས་པར་ ཏེ་ཤིང་ཆག་འགྱོ་ད་ལུ་ སྤྱ་འདི་ཚུ་ག་ར་ མཚོ་ནང་ལུ་འགྱོ་སྟེ་ ཤི་ཡི་ཟེར། ད་ལྟོ་ ང་བཅས་ཀྱི་ མི་རང་ཨིན་རུང་ མི་ཨ་ནཱི་བཟུམ་ལུ་ ཏེ་བརྟག་ཤིང་མ་དཔྱད་པའི་ བློ་སླབ་སྟེ་ ཁྱོད་ཨ་ནཱི་འབད། ཨ་ནཱི་འབད་ ཟེར་མི་འདི་ ལེགས་ཤོམ་འབད་ བརྟག་ཤིང་དཔྱད་དགོ་ཟེར་ ཨ་ནཱི་བཟུམ་ བརྟག་ཤིང་མ་དཔྱད་པ་ཅིན་ ཨ་ནཱི་བཟུམ་སྤྱ་འགོ་དཔོན་གིས་འཁྱིད་དེ་ ཏེ་མཚོ་ནང་ལུ་འཛུལ་དོ་བཟུམ་ རྐྱངམ་ཅིག་འོང་ཟེར་ ཏེ་ ཧེ་མ་ཕམ་ཚུ་གིས་ཨ་ནཱི་བཟུམ་མའི་གཏམ་ཅིག་ སླབ་པའི་དོན་དག་ལས་ ཨ་ནཱི་གཏམ་འདི་ ང་གིས་ད་རེས་ཞུ་མི་འདི་ ཨ་ནི་སྦེ་ཨིན་ལགས།Now I will narrate a short funny story revolving around a theme of the importance and need for careful examination before doing or saying anything. The story goes like this, one upon a time there was a huge tree near a lake where many monkeys lived. They had one monkey as their leader. On one full moon day the monkey leader saw the reflection of the moon on the lake. No sooner did he saw the moon’s reflection than he told his monkey friends that the moon had fallen into the lake with much concern. “We will have to find a solution to take out the moon from the lake,” said the Monkey leader. He added, “We would get popular if we can come up with a solution.” Determined to come up with a solution the monkeys started to discuss. As they were discussing. The monkey’s than reached to a solution. They started holding each other from their tails simultaneously. The last monkey reached and got into the lake to pull out the moon. As the monkey’s got into the lake the branch of the tree that they were holding on broke not withstanding their weight. Then, all the monkeys drowned into the lake to death. Similarly it is important for the people to carefully examine before doing or saying anything. If people do not examine before doing or saying anything it would be same like the monkey leader’s act leading to death of all the monkeys in the story. I was told about this story by my parents with such lesson. So this was the reason why I narrated this story today.