Skip to main content Skip to search
15 Jun 2018
3 min 45 sec
Video Overview
Creators: 
Sonam Tobgye

Sonam Wangmo from Gangzur sings "Thrungla Ya Ya," a zhungdra song. The lyrics describe the places where certain people, animals and elements exist in balance. For instance, the lyrics speak of the sun in the spacious sky, snow lions in extensive mountain ranges, golden fish in a wide blue ocean, and beloved parents in a pleasant village. Thus, this song indirectly refers to the symbolic meaning of the association of people, animals and elements with particular places. 

༉  ལྷུན་རྩེ་སྒང་ཟུར་ལས་ཨིན་མི་བསོད་ནམས་དབང་མོ་གིས་ གླུ་གཞས་ཁྲུང་ལ་ཡར་ཡར་ཟེར་བའི་རང་ལུགས་འབྲུག་པའི་གཞུང་སྒྲ་ ཡོངས་གྲགས་ཅན་འདི་འཐེན་ཏེ་འདུག འ་ནཱི་གཞུང་སྒྲ་འདི་ སྔར་སྲོལ་གྱི་ལུགས་ གདངས་དབྱངས་རིང་སུ་སྦེ་འཐེན་དོ་ཡོདཔ་ཨིན། གླུ་ཚིག་ལྟར་དུ་འབད་བ་ཅིན་ ག་ནི་བ་གོ་ཡངས་པའི་ས་གནས་དེ་ཚུ་ ཁྱད་དུ་འཕགསཔ་སྦེ་བརྩིཝ་ཨིན་པས། དེ་ཡང་ དགུང་སྟོད་བདེ་ལེགས་ཡངས་པའི་ནང་། །ཁྲི་གདུགས་ཉི་མ་བཞུགས་པའི་ཁྲི། །གངས་སྟོད་བདེ་ལེགས་ཡངས་པའི་ནང་། །སེང་ཆེན་དཀར་མོ་བཞུགས་པའི་ཁྲི། །མཚོ་སྟོད་བདེ་ལེགས་ཡངས་པའི་ནང་། །གསེར་མིག་ཉ་མོ་བཞུགས་པའི་ཁྲི། །གཡུས་སྟོད་བདེ་ལེགས་ཡངས་པའི་ནང་། །ཡབ་ཡུམ་གཉིས་ཀུ་བཞུགས་པའི་ཁྲི་ཟེར་ དང་ཕུ་གི་གླུ་གཞས་དེ་ཚུ་མང་ཤོས་ཅིག་ གངས་སྟོད་དགུང་སྟོད་བསྐོར་ར་རྐྱབ་སྟེ་འཐེན་སྲོལ་ཡོདཔ་ཨིན། ཨིན་རུང་ དཔེ་དེ་ཚུ་ལུ་སྦྱར་ཏེ་འབད་རུང་ དོན་ངོ་མ་ གཞི་ག་ཅི་ལུ་བཞག་སྟེ་བརྩམས་བརྩམས་ཨིན་ན་ བརྩམ་མི་ཁོ་ར་ལུ་རགས་ལས་ནི་དང་ གོ་བ་ལེན་མི་རང་རང་སོ་ལུ་རགས་ལས་ནི་ཨིནམ་ད་ འ་ནཱི་བཟུམ་གྱི་གླུ་གཞས་འཁྲུངས་ལ་ཡ་ཡ་འདི་ལུ་ ཚིག་སོ་སོ་བཙུགས་ཏེ་འཐེན་འཐེནམ་གཞན་མི་ཡང་འདུག གླུ་གཞས་ཨ་ནཱི་འདི་འབད་བ་ཅིན་ རང་གི་གཡུས་བཀོ་བཞག་སྟེ་ཐག་རིང་ས་ཅིག་ཁར་འགྱོ་སྡོདཔ་ད་ རང་གི་གཡུས་དང་ཕམ་དྲན་ཏེ་འཐེན་འཐེནམ་བཟུམ་གྱི་སྣང་བ་ཅིག་ཤར་ནི་འདུག ལོགས་ཅིག་ཁ་ལས་འབད་བ་ཅིན་ ཆོས་ཐམས་ཅད་རྟེན་འབྲེལ་ཨིན་པའི་བརྡ་ཅིག་ཡང་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • དགུང་སྟོད་དེ་ལས་(ལ་)ཡངས་པའི་ནང་། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཁྲི་གདུགས་ཉི་མ་བཞུགས་པའི་ཁྲི། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • གངས་སྟོད་དེ་ལས་(ལ་)ཡངས་པའི་ནང་། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • སེང་ཆེན་དཀར་མོ་བཞུགས་པའི་ཁྲི། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • མཚོ་སྟོད་དེ་ལས་(ལ་)ཡངས་པའི་ནང་། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཉའུ་ཅུང་གསེར་མོ་(གསེར་མིག་)བཞུགས་པའི་ཁྲི། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • གཡུས་སྟོད་དེ་ལས་(ལ་)ཡངས་པའི་ནང་། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo:
  • ཡབ་ཡུམ་གཉིས་ཀྱི་བཞུགས་པའི་ཁྲི། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
    བསོད་ནམས་དབང་མོ།/Sonam Wangmo: