Video Overview
གླུ་དབྱངས་འདི་ནི་བོད་ཀྱི་ནང་བའི་ཆོས་ལུགས་དང་འབྲེལ་བའི་དམངས་གླུ་ཞིག་རེད།
ནང་པའི་ཆོས་ལུགས་ནི་བོད་ཀྱི་རིན་ཐང་ལྟ་བའི་སྲོག་ཤིང་དུ་གྱུར་བའི་ཆོས་ལུགས་ཤིག་ཡིན་ལ། གླུ་དབྱངས་འདིའི་ནང་དུ་དོན་དེ་གསལ་བོར་བཀོད་འདུག དུམ་ཚན་དང་བོའི་ནང་དུ་རྒྱལ་བ་པཎ་ཆེན་གཉིས་ལ་སྟོད་པ་བྱས་འདུག་ལ། དུམ་ཚན་གཉིས་པའི་ནང་དུ་སེ་འབྲས་དགེ་གསུམ་དང་། དུམ་ཚན་གསུམ་པའི་ནང་དུ་སང་རྒྱས་སྟོང་སྐུ་ལ་སྟོད་གླུ་གྱེར་འདུག། དུམ་ཚན་དང་པོའི་ནང་གི་རྒྱལ་པཎ་གཉིས་ནི་བོད་མི་ཀུན་གྱིས་སང་རྒྱས་མི་ཡི་གར་དུ་རོལ་བའི་མགོན་སྐྱབས་སུ་འཛིན་ལ། དུམ་ཚན་གཉིས་པའི་ནང་གི་སེ་འབྲས་དགེ་གསུམ་ནི་བོད་ཀྱི་དགེ་ལུགས་པའི་བསྟན་པའི་འབྱང་ཡུལ་དང་དགོན་པ་ཆེ་ཤོས་ཡིན་པ་རེད། དུམ་ཚན་གསུམ་པའི་ནང་གི་སང་རྒྱས་སྟོང་སྐུ་ནི་རང་གི་ཆོས་ལུགས་ཀྱི་སྲོལ་འབྱེད་པའི་སྟོན་པ་རིན་པོ་ཆེའི་སྐུ་ཡི་བྱིན་རླབས་གནས་ཡུལ་ཡིན་པས་བོད་པ་ཚང་མས་མཐོང་ཆེན་པོ་བྱེད་པས་གནས་ལུགས་བསྟན་འདུག་པ་རེད།།
This folk song relates to Tibetan Buddhism.
这是一首与藏传佛教有关的民歌。
藏传佛教是藏族宗教的灵魂,这首民歌清楚地揭示了这一点。歌曲的第一部分歌颂达赖喇嘛和班禅活佛;第二部分歌颂了色拉寺、哲蚌寺和甘丹寺;第三部分歌颂了千佛雕像。所有藏人都相信达赖喇嘛和班禅活佛是活着的佛陀,也是所有藏族人的护主。色拉、哲蚌和甘丹寺是格鲁派的发源地,也是格鲁派最大的寺院。千佛雕像是佛教创始人的圣体,深受藏人的敬仰。
- Sera Monastery
- Ganden Gön
- Drepung Monastery
- བསོད་ནམས་དབང་ཕྱུགསྟོད་ཡུལ་ན་མེ་ཏོག་རྒྱ་མེན་ཞིག།
- ཆག་མ་བཞག་ཡུལ་ལ་མི་ཡོང་གི།
- ཆག་བཞག་ན་རྒྱལ་བ་པཎ་ཆེན་རེད།།
- ལག་ཁ་བཏགས་ཟུངས་དང་མཇལ་གི་འགྲོ།།
- བར་རྐེད་ན་མེ་ཏོག་སེར་ཆེན་ཞིག།
- ཆག་མ་བཞག་ཡུལ་ལ་མི་ཡོང་གི།
- ཆག་བཞག་ན་སེ་འབྲས་དགེ་གསུམ་རེད།།
- ལག་ཁ་བཏགས་ཟུངས་དང་མཇལ་གི་འགྲོ།།
- སྨད་མས་ན་མེ་ཏོག་སྟོང་ལྡན་ཞིག།
- ཆག་མ་བཞག་ཡུལ་ལ་མི་ཡོང་གི།།
- ཆག་བཞག་ན་སང་རྒྱས་སྟོང་སྐུ་རེད།།
- ལག་ཁ་བཏགས་ཟུངས་དང་མཇལ་གི་འགྲོ།།