Video Overview
Dorji Bidha from Bongo Gewog (county) in Chukha district, sings an old Zhungdra (Bhutanese classical) song called "Zhudrel Diwa Ghawchi" (An Offering as Preferable as This). The song is comprised of slow and long tunes and is always performed in a straight line with a leader in the middle. He/she is the one who will lead the dance steps and the rest of the performers will follow the lead. This particular song can be performed at the beginning of any special occasion, celebration or gathering as the song describes an auspicious offering to renowned masters. The origin and the composer of the song are unknown.
༉ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་རྡོ་རྗེ་བུ་དར་གྱིས་ གཞུང་སྒྲའི་གླུ་གཞས་ བཞུགས་གྲལ་འདི་བ་དགའཝ། །ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ མང་ཤོས་ཅིག་ མདའ་དང་ཁུ་རུ་རྩེད་འགྲན་འབད་བའི་སྐབས་ལུ་ བཀག་རི་གོ་དང་པ་ཕོག་པའི་སྐབས་ལུ་འཐེནམ་ཨིནམ་ད་ སྤྱིར་བཏང་གིས་གླུ་གཞས་འདི་ སྟེང་ཕྱོགས་དང་བར་ཕྱོགས་ དེ་ལས་འོག་ཕྱོགས་ཟེར་ ལེའུ་གསུམ་སྦེ་འཐོནམ་ཨིན་རུང་ རྡོ་རྗེ་བུ་དར་གྱིས་འཐེན་མི་འ་ནཱི་བཞུགས་གྲལ་གྱི་གླུ་གཞས་འདི་ གངས་སྟོད་དགུང་སྟོད་བསྐོར་ར་རྐྱབ་སྟེ་འཐེནམ་ཨིན་པས། ག་དེ་སྦེ་ཨིན་ས་ཅིག་རུང་ སྤྱིར་བཏང་གིས་ གླུ་གཞས་ཀྱི་ཚིག་དོན་དང་འཁྲིལ་བ་ཅིན་ མཆོདཔ་ཕུལ་བའི་ཚུལ་ཅིག་ཨིན་མས།
- Ketogkha
- ི ཞུགས་འབྲས་ལ་འདི་བ་དགའ་བོ།། དགུང་དབྱིངས་གཡས་ལུ་ཅིག་ཡོད།། དབེ་དགུང་དབྱིངས་གཡས་ལུ་ཅིག་ཡོད།། དགུང་གི་ལ་ཁྲི་གདུག་ཉི་མ།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། གང་གི་ལ་གང་སྟོད་མཐོན་པོ་ དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། གང་དང་ལ་སེང་ཆེན་དཀར་མོ།། ཞུགས་འབྲས་བཞེས་པ་ཅིག་འབྱོན།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། རྫོང་འདི་ལ་རྫོང་ཆེན་མཐོན་པོ་ དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། རྫོང་དང་ལ་དབང་ཆེན་དཔོན་པོ།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། ལགས་སོ་ལགས།