Skip to main content Skip to search
01 Sep 2018
5 min 48 sec
Video Overview
Creators: 
Sherig Dentshog

Norbu Chojay from Maenjiwong village in Serthig Gewog (county) in Samdrupjongkhar Dzongkhag (district), sings a Zhungdra song called "Tridug La". It has a very long tune with only three stanzas performed in six minutes. It's a sad song, the lyrics say that when the sun sets in the north, its rays and sparkles of light become useless. And the second stanza mentions that despite timely rainfall, the rain cannot remain in place and must flow to the valleys of India. The song speaks on the impermanence of life.

གླུ་གཞས་ ཁྲི་གདུགས་ཤར་ས་ཡོད་ཀྱང་ཟེར་མི་འདི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གསེར་ཐིག་རྒེད་འོག་ སྨན་ཇི་འུང་གཡུས་ཚན་ལས་ ནུར་བུ་ཆོས་རྒྱས་ཀྱིས་འཐེན་མི་འདི་ མདངས་རིངམོ་སྦེ་ཡོདཔ་ལས་ གཞུང་སྒྲའི་གདངས་དབྱངས་བཟུམ་སྦེ་འཐེན་ཏེ་འདུག གླུ་གཞས་ཀྱི་ཚིག་དང་འཁྲིལ་བ་ཅིན་ སྐྱོ་གླུ་ཅིག་ཨིནམ་ད་ དཔེར་ན་ ཁྲི་གདུགས་ཉི་མ་ཤར་ས་ཡོད་དེ་འབད་རུང་ གདན་ས་མེད་ཟེར་ གནས་ས་མེད་པར་ཤར་ཤར་ནུབ་ཀྱི་ཕྱོགས་སུ་འཛུལ་འགྱོ་དགོ་དོ་བཟུམ་སྦེ་ རང་གནས་ས་སྡོད་ས་མེད་པའི་གནས་སྐབས་ནང་འཐེན་ནི་གླུ་གཞས་ཅིག་ཨིན་པའི་ཁར་ རང་ཡང་འཇིག་རྟེན་འདི་ནང་ལུ་ ཨ་རྟག་ར་སྡོད་དབང་མེད་པའི་ཚེ་མི་རྟག་པའི་རང་བཞིན་ཅིག་ཨིན་པར་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • ནོར་བུ་ཆོས་རྒྱས་ Norbu Chojay
    སྭོ་ ཁྲི་གདུགས་ལ་[གྲང་ན་འོད་ཀྱང་?]གདན་ས་མེད། །ནུབ་ཕྱོགས་སྲིན་པའི་ཡུལ་འདུག་སྐྱོ་ཤུང་ཤུང། །ནུབ་ཕྱོགས་སྲིན་པའི་ཡུལ་དུ་སྐྱོ་ཤུང་ཤུང་། །
    So, the sun has a rays but it has no place to stay. It's so sad to set in the demon land of West.
  • ནོར་བུ་ཆོས་རྒྱས་ Norbu Chojay
    སྭོ་ ཆར་པ་ལ་དུས་སུ་འབབ་ན་གདན་ས་མེད། །རྒྱ་གར་ས་ཡི་གཏིང་ལུ་སྐྱོ་ཤུང་ཤུང་། །རྒྱ་གར་ས་ཡི་གཏིང་ལུ་སྐྱོ་ཤུང་ཤུང་། །
    So, it rains on time but it has no place to stay, It's so sad to dip into the land of India.
  • ནོར་བུ་ཆོས་རྒྱས་ Norbu Chojay
    སྭོ་ སྤྲང་ཅུང་ལ་ང་རང་འཁྲུངས་ས་གདན་ས་མེད། །སྤྲང་མོ་མི་ཡུལ་བསྐོར་སེ་སྐྱོ་ཤུང་ཤུང་། །སྤྲང་མོ་མི་ཡུལ་བསྐོར་སེ་སྐྱོ་ཤུང་ཤུང་།། ལགས་སོ་ལགས།། །།
    So, I have a birth place but I don't get to stay. It's so sad that a poor girl roaming in the village. ok.