Skip to main content Skip to search
25 Aug 2018
4 min 40 sec
Video Overview
Creators: 
Yeshé Wangchuk

Chonga Lham and her friends from Chungkha village of Bongo Gewog (county) in Chukha district, perform one of the old Boedra songs called "Sharcho Gunthang La" (The Eastern Gunthang Mountain). This song makes an introduction to the mountain called Gunthang which is located in eastern Bhutan. As the song describes nature and it does not have any sad lyrics, it can be performed in all kinds of occasions, celebrations and gatherings. It is most of the time performed in a circular formation with around five to twenty dancers. The origin and the composer of the song remain unknown.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྐྱུང་ཁ་གཡུས་ཚན་ནང་ལས་ བཅོ་ལྔ་ལྷམོ་དང་ཆ་རོགས་ཚུ་གིས་འབད་ ཤར་ཕྱོགས་གུང་ཐང་ལ་མོ་ཟེར་མི་གཞུང་སྒྲའི་གླུ་གཞས་འཐེན་ནི་འདུག གླུ་གཞས་འདི་གི་ཚིག་དང་འཁྲིལ་བ་ཅིན་ ཤར་ཕྱོགས་ལུ་ཡོད་པའི་ ལ་ཆེན་གུང་ཐང་ལ་གི་སྐོར་ལས་སྟོནམ་ཨིན་མས། གླུ་གཞས་འདི་རང་བཞིན་གནས་སྟངས་ཀྱི་སྐོར་ལས་ཨིནམ་ད་ གླུ་གཞས་འདི་ནང་ སྐྱོ་བའི་ཚིག་མེདཔ་ལས་ དགའ་སྟོན་དང་དུས་སྟོན་ག་ཅི་བཟུམ་ནང་ཡང་འཁྲབ་ཨིན་རུང་ གླུ་གཞས་འདི་ གཞུང་སྒྲ་གདངས་རིངམོ་སྦེ་འཐེན་དགོ་ནི་དེ་གིས་ གླུ་གཞས་ཀྱི་འགྲན་བསྡུར་ནང་ལས་ཕར་མ་གཏོགས་ ལོ་ཆོག་དང་ཚེས་བཅུ་བཏང་ས་དགའ་སྤྲོའི་ལས་རིམ་ཚུ་ནང་འབད་རུང་ གནམ་མེད་ས་མེད་ཅིག་འཐེན་སྲོལ་མེདཔ་ཨིན།

Transcript search
No results found for this search
0 of 0
 • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
  ཤར་ཕྱོགས་གུང་ཐང་ལ་མོའི་ལ་མགོ་ལས། །ལ་མོ་ལ་ངོ་མ་ཤེས་ལ་ལ་གཅིག་འདུག །ལ་གཅིག་འདུག
  In the east, there is an unknown mountain.
 • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
  ལ་མོ་ལ་ལུ་སླབ་ཚེ་འདྲེ་ལ་ལོ། །ལ་མོ་ལ་ལུ་སླབ་ཚེ་ལ་ལྷ་ལ་ལོ། །ལ་ལྷ་ལ་ལོ།
  Some say it is a mountain of spirits and deities. While some other refer to it as a mountain of gods.
 • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
  ལ་མོ་ལ་ངོ་ཁྱོད་ཀྱིས་མ་ཤེས་ན་ལ། །ལ་མོ་ང་རང་གུང་ཐང་ལ་ལ་རང་ཨིན། །ལ་རང་ཨིན།
 • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
  རྩ་བ་བྱང་རྩེ་གཞུང་ལ་ང་མི་འགྲོ། །བོད་ཀྱི་ཆོས་འཁོར་ལྷ་ས་ལ་བག་ཆགས་བཞག །བག་ཆ་བཞག། །།
  And if you are not able to recognize. I am mountain Gunthang La and I won't even pace myself to the Jang Tsey Zhung instead I will keep the impression of Bey Chhoe Khor Lha Sa.