Skip to main content Skip to search
30 Aug 2018
5 min 25 sec
Video Overview
Creators: 
Sonam Tobgye, Sangay Tshomo

ལྷུན་རྩེ་ཆ་འོག་ བྲག་སྒོང་ལས་ཕྲིན་ལས་དཔལ་སྒྲོན་གྱིས་ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མི་ ས་ལ་ཆགས་པ་དྲན་ཤོག་ལ་ཟེར་མི་ཅིག་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ནང་ ཤར་ལས་ཤར་བའི་ཁྲི་གདུགས་ཤར་བ་ཅིན་ རང་ཡང་དགའ་ནི་མས་ཟེར་དང་ ལོག་གེ་ལོག་གེ་ཟེརཝ་ད་ ཕ་ཡུལ་ཕྱོགས་ལུ་ལོག་ནི་ དེ་འབདཝ་ད་ ཕ་ཡུལ་ས་ཐག་རིངམ་ལས་ སེམས་པ་འཁྲུལཝ་མས་ཟེར་ རང་གི་ཕམ་སྤུན་ཆ་གཉེན་ཉེཝ་ཚུ་མེད་ས་ཅིག་ཁར་ རང་རྐྱངམ་ཅིག་སྦེ་སེམས་སྐྱོ་བའི་ངང་ལས་ འཐེན་འཐེནམ་གི་གླུ་གཞས་ཅིག་ཨིན་མས། དགོན་པ་བཟུམ་ཅིག་ནང་འབད་རུང་ མཚན་ལྡན་བླམ་འདི་བཞུགས་པ་ཅིན་དགའ་ནི་མས་ མ་བཞུགས་པ་ལས་བརྟེན་ཏེ་སེམས་མ་དགའ་བར་ཕ་ཡུལ་ཕྱོགས་ལུ་ལོག་འགྱོ་གེ་ཟེར་བ་ཅིན་ ཕ་ཡུལ་ས་ཐག་རིང་ནི་དེ་གིས་ སེམས་འཁྲུལ་བས་ཟེར་ སེམས་སྐྱོ་བའི་ངང་ལས་འཐེན་འཐེནམ་ཅིག་ཨིནམ་ད་ གླུ་གཞས་འདི་ཅོག་ར་འཐདཔ་ཅིག་ ལྷུན་རྩེ་བུ་དུར་ལས་ ཚེ་དབང་ལྷ་མོ་གིས་ཡང་འཐེན་ཏེ་ཡོདཔ་ད་ ཕྲིན་ལས་དཔལ་སྒྲོན་གྱིས་ བར་ན་ཁམས་ཅིག་ལས་ ལྡུམ་རའི་གསེར་ཤོག་མེ་ཏོག་ཟེར་མི་ཅིག་ཐེབས་སྦེ་འཐེན་ནི་འདུག

This is a unique bodra song, likely an advertisement as the lyrics call the listeners to buy items such as a cap, skirt, needles, etc. from an unknown place called Serthang. It claims that their quality is the best.

Transcript search
No results found for this search
0 of 0
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ས་ལ་ཆགས་པ་དྲན་ཤོག་ལ། །ཤར་ནས་ཤར་བའི་ཁྲི་གདུགས། །ཤར་ན་རང་ཡང་དགའ་སོང་ལ་ཏ་སྭོ་ཡ། །ཤར་ན་རང་ཡང་དགའ་སོང་ལ་ཏ་སྭོ་ཡ། །
  Keeps on reminding of Valley, If the sun risen from east, If it keeps on rising we will be happy.
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་། །མ་ཡུལ་སེམས་པ་འཁྲུལ་སོང་། །ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་། །མ་ཡུལ་སེམས་པ་འཁྲུལ་སོང་། །
  Thought of returning to the fatherland, Fatherland being far away motherland gets unhappy.
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ས་ལ་ཆགས་པ་དྲན་ཤོག་ལ། །ལུང་པའི་གསེར་ཤོག་མེ་ཏོག །ཤར་ན་རང་ཡང་དགའ་སོང་ལ་ཏ་སྭོ་ཡ། །ཤར་ན་རང་ཡང་སྐྱིད་སོང་ལ་ཏ་སྭོ་ཡ། །
  Keeps on reminding of Valley, The marigold flower of valley; If it keeps on blooming will be happy. If it keeps on blooming will be peaceful.
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་། །མ་ཡུལ་སེམས་པ་འཁྲུལ་སོང་། །ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་། །མ་ཡུལ་སེམས་པ་འཁྲུལ་སོང་། །
  Thought of returning to the fatherland, Fatherland being far away motherland gets unhappy
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ས་ལ་ཆགས་པ་དྲན་ཤོག་ལ། །དགོན་གྱི་མཚན་ལྡན་བླ་མ། །བཞུགས་ན་རང་ཡང་དགའ་སོང་ལ་ཏ་སྭོ་ཡ། །བཞུགས་ན་རང་ཡང་སྐྱིད་སོང་ལ་ཏ་སྭོ་ཡ། །
  Keeps on reminding of valley, The perfect teacher of hermit, If he keeps on residing will be happy, If he keeps on residing will be peaceful.
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་། །མ་ཡུལ་སེམས་པ་འཁྲུལ་སོང་། །
  Thought of returning to the fatherland, Fatherland being far away motherland gets unhappy
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ས་ལ་ཆགས་པ་དྲན་ཤོག་ལ། །རྫོང་གི་དབང་ཆེན་དཔོན་པོ། །བཞུགས་ན་རང་ཡང་དགའ་སོང་ལ་ཏ་སྭོ་ཡ། །བཞུགས་ན་རང་ཡང་སྐྱིད་སོང་ལ་ཏ་སྭོ་ཡ། །
  Reminding of the valley, The mighty king of fortress, If he keeps on residing will be happy, If he keeps on residing will be peaceful.
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་། །མ་ཡུལ་སེམས་པ་འཁྲུལ་སོང་། །
  Thought of returning to the fatherland, Fatherland being far away motherland gets unhappy.
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ས་ལ་ཆགས་པ་དྲན་ཤོག་ལ། །གཡུས་ཀྱི་ཡབ་ཡུམ་གཉིས་པོ། །བཞུགས་ན་རང་ཡང་དགའ་སོང་ལ་ཏ་སྭོ་ཡ། །བཞུགས་ན་རང་ཡང་སྐྱིད་སོང་ལ་ཏ་སྭོ་ཡ། །
  Reminding of the valley, The great parents in village; If they keeps on residing will be happy, If they keeps on residing will be peaceful.
 • འཕྲིན་ལས་དཔལ་སྒྲོན། Thinley Pelden
  ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ལོག་འགྲོ་ལོག་འགྲོ་ཟེར་ན། །ཕ་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་ཡུལ་ས་ཐག་རྒྱང་ནས་རིང་སོང་། །མ་ཡུལ་སེམས་པ་འཁྲུལ་སོང་། །ལགས་སོ།། །།
  Thought of returning to the fatherland, Fatherland being far away motherland gets unhappy