Skip to main content Skip to search
01 Sep 2018
9 min 3 sec
Video Overview
Creators: 
Penchela

Chimi Wangmo from Kuengarabten village in Trongsa district sings a song local to her village. The origin and composer are unknown. It was performed during tshechus (festivals) and annual rituals. The song is accompanied by simple dance steps.

༉  ཀྲོང་གསར་རྫོང་ཁག་བྲག་སྟེང་ལས་ འཆི་མེད་དབང་མོ་གིས་འཐེན་མི་གླུ་གཞས་འདི་ འབྲུག་རྒྱལ་ཁབ་ནང་ཡོངས་གྲགས་མ་འགྱོ་བའི་གླུ་གཞས་ཅིག་འཐེན་ཏེ་ཡོདཔ་ད་ ནམ་ལས་ག་ཟེར་མི་དེ་གིས་བརྩམས་ཅི་ག་མི་ཤེས་དོ་ཡོདཔ་ཨིན་མས། ཨིན་རུང་གླུ་གཞས་འདི་ནང་ རྒྱ་ནག་རང་བོ་རྩེ་ལྔའི་གཡུས་ཀྱི་གཞུང་ལུ་ ཟླ་བ་དང་པའི་ཚེས་པ་བཅོ་ལྔའི་ཉིནམ་ལུ་ བྲམ་ཟེ་ཡབ་ཡུམ་གཉིས་ཀྱི་སྲས་མོ་མཁའ་འགྲོ་འགྲོ་བ་བཟང་མོ་འཁྲུངས་པའི་ལོ་རྒྱུས་དང་ བསྟན་པ་སྔ་དར་དང་ཕྱི་དར་ དེ་ལས་བར་དར་གྱི་ལོ་རྒྱུས་ཚུ་ཡང་འཐོན་དོ་ཡོདཔ་མ་ཚད་ སྲས་ལྕམ་སྲིང་གཉིས་དང་ཡབ་ཡུམ་གཉིས་ཁ་འབྲལ་ཏེ་སེམས་སྐྱོ་བའི་གནས་སྟངས་ཚུ་ཡང་འཐོན་ནི་འདུག

Transcript search
No results found for this search
0 of 0
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་(ལན་)ཅིག་གསུང་(གསོན་)ལ། རྒྱ་ནག་རི་བའི་རྩེ་ནས་ཡ་ལ་གཡུས་ཀྱི་གཞུང་ལ། །ཟླ་བ་དང་པའི་ཚེས་པའི་བཅོ་ལྔ་ནང་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། རྒྱ་ནག་རི་བའི་རྩེ་ནས་ཡ་ལ་གཡུས་ཀྱི་གཞུང་ལ། །ཟླ་བ་དང་པའི་ཚེས་པའི་བཅོ་ལྔ་ནང་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །བྲམ་ཟེ་ལ་ཡབ་ཡུམ་གཉིས་ཀྱི་ཡ་ལ་སྲས་མོ་འཁྲུངས་ལ། །གཟིམ་ཅུང་སྐྱིད་པའི་སྒྲོལ་མའི་ལྷ་ཁང་ནང་ལ། །ཨེ་མོ་ཡང་ཅིག་གསུང་ལ། །གཟིམ་ཅུང་ལ་སྐྱིད་པའི་སྒྲོལ་མའི་ལྷ་ཁང་ནང་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །བུ་མོ་ལ་མཁའ་འགྲོ་འགྲོ་བ་ཡ་ལ་བཟང་མོ་ཞུ་ལ། །བསྟན་པ་སྔ་དར་བར་དར་ཕྱི་དར་གསུམ་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །སྔ་དར་དུས་སུ་རྒྱལ་པོའི་ཡ་ལ་ལྕམ་དྲལ་མཛད་ལ། །རྒྱལ་ཁྲིམས་ཆོས་ལ་བཅོས་པའི་མངའ་དབང་ཁུར་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །དུས་རུ་བར་དོ་སྔོན་གྱི་ཡ་ལ་སྨོན་ལམ་འཁྲུངས་ལ། །སྲས་ལ་ལྕམ་སྲས་གཉིས་ཀྱི་སྐུ་འཁྲུངས་མཛད་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །ཕྱི་དར་དུས་སུ་བདུད་ཀྱི་ཡ་ལ་བར་ཆད་འབྱུང་ལ། །གཡོག་མོ་ཟེ་མ་ར་མགོའི་གཡོ་རྒྱུ་ནས་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །འགྲོ་བ་བཟང་མོའི་ལུས་སེམས་ཡ་ལ་སྣ་དགུ་སྟོང་ལ། །ཧ་ཅང་བདུད་མོ་ཞེ་སྡང་མེ་ལྟར་འབར་ལ། །ཨེ་མོ་ཡང་ཅིག་གསུང་ལ། །ཧ་ཅང་བདུད་མོ་ཞེ་སྡང་མེ་ལྟར་འབར་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །སྲས་ལ་ལྕམ་སྲས་གཉིས་དང་ཡ་ལ་འབྲལ་གྱིན་འབྱུང་ལ། །མ་བུ་ཁ་འབྲལ་འབྱུང་བའི་སེམས་པ་འཁྲུལ་ལ། །ཨེ་མོ་ཡང་ཅིག་གསུང་ལ། །མ་བུ་ཁ་འབྲལ་འབྱུང་བའི་སེམས་པ་འཁྲུལ་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །བཟའ་མོ་ལས་ངན་ལུས་ནས་ཡ་ལ་་་་་་འཇམ་ལ། །ལ་མོ་གངས་དཀར་ལ་མོ་དགུང་ལས་མཐོ་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །ཐང་མེད་ཐང་ཆེན་འཛམ་གླིང་ཡ་ལ་འགྲོ་བ་ལེགས་ལ། །ཁོག་སྟོང་སྟོང་པའི་ནང་ལས་རྒྱང་ཐང་ཤར་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །ལས་ངན་ཅན་གྱི་ཕྱི་ནང་ཡ་ལ་དགའ་བ་འདུག་ལ། །སྐྱབས་གནས་བླ་མའི་ཐུགས་རྗེས་མ་ཆུང་ནས་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ཨེ་མོ་ཡང་ཅིག་གསུང་ལ། །བུ་མོ་ཆོས་མེད་བདག་ལ་ཡ་ལ་སྲོག་སྐྱབས་ཞུ་ལ། །ནུབ་ཕྱོགས་པདྨེའི་གླིང་ལ་ཕུར་ཤོག་བསམ་ལ། །ཨེ་མོ་ཡང་ཅིག་གསུང་ལ། །ནུབ་ཕྱོགས་པད་མའི་གླིང་ལ་ཕུར་ཤོག་བསམ་ལ། །ཨེ་མོ་ཡང་ཅིག་གསུང་ལ། །
  • འཆི་མེད་དབང་མོ། Cimi Wangmo
    ལགས་སོ་ བཀའ་དྲིན་ཆེ།