Skip to main content Skip to search
01 Sep 2018
4 min 42 sec
Video Overview
Creators: 
Penchela

Chimi Wangmo from Kuengarabten village in Trongsa district sings a Boedra song that was sung as well as danced to during tshechus (festivals), losar (new year) and other occasions. The lyrics talk about various clothing items like a gho, shoes, belt, knife, etc. The song's popularity is waning with the younger generation not much interested in traditional songs.

༉  ང་བཅས་རའི་རྒྱལ་ཁབ་ནང་ལུ་ དར་ཁྱབ་མ་འགྱོ་བའི་གླུ་གཞས་ གུ་རི་མི་ཡ་ཟེར་མི་འདི་ ཀུན་དགའ་རབ་བརྟན་ལས་འཆི་མེད་དབང་མོ་གིས་འཐེན་ཏེ་འདུག གླུ་གཞས་འདི་ ག་ཏེ་ལས་བྱུང་ཡི་ག་མི་ཤེས་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ གླུ་གཞས་འདི་ གཡུས་ཁ་ལུ་ཡོངས་གྲགས་སྦེ་སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ འདི་བཟུམ་གྱི་དང་ཕུ་གི་གླུ་གཞས་ཚུ་ལུ་སྤྲོ་བ་མི་བསྐྱེད་དོ་ཡོདཔ་ལས་ མར་ཉམས་འགྱོ་དོ་ཡོདཔ་མས། གླུ་གཞས་འདི་ གཡུས་ཁའི་ཚེས་བཅུ་དང་ལོ་མཆོད་ དེ་ལས་དུས་སྟོན་ཚུ་ནང་འཐེན་སྲོལ་ཡོད་མི་གླུ་གཞས་འདི་ནང་གི་བཅུད་དོན་ངོ་མ་ར་ གྱོན་ཆས་ཀྱི་སྐོར་ལས་བཤདཔ་ཨིན་མས།

Transcript search
No results found for this search
0 of 0
  • འཆི་མེད་དབང་མོ། Chimi Wangmo
    གུ་རི་མེད་ཡ་ཡ་གུ་རི་ཡ། །རྩེ་མོ་ལ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    དབུ་ཞྭ་མེད་ཡ་ཡ་དབུ་ཞྭ་ཡ། །དབུ་ཞྭ་ལ་ཚེ་རིང་དཀྱིལ་འཁོར་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    བསྐོར་ར་མེད་ཡ་ཡ་བསྐོར་ར་ཡ། །བསྐོར་ར་གཡུ་ཅུང་གྲུ་དཀར་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    གཟི་ཁྲ་མེད་ཡ་་་ཡ་གཟི་ཁྲ་ཡ། །གཟི་ཁྲ་ལ་གཡུ་དང་བྱི་རུ་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    ཀོ་ཏི་(??)མེད་ཡ་ཡ་ཀོ་ཏི་ཡ། །ཀོ་ཏི་ལ་བོ་ཀྲོ་(??)སྣེ་ལྔ་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    གའུ་ཅུང་མེད་ཡ་ཡ་གའུ་ཅུང་ཡ། །གའུ་ཅུང་ལོངས་སྐུ་བཅུ་གཉིས་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    ན་བཟའ་མེད་ཡ་ཡ་ན་བཟའ་ཡ། །ན་བཟའ་རྒྱ་ཆེན་སྣེ་ལྔ་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    སྐུ་བཅིང་མེད་ཡ་ཡ་སྐུ་བཅིང་ཡ། །སྐུ་བཅིང་རྒྱ་ནག་ལྕགས་རི་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    པང་སྟོད་མེད་ཡ་ཡ་སྤང་སྟོད་ཡ། །པང་སྟོད་རྒྱ་ཆེན་སྣེ་ལྔ་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    ཞབས་ལྷམ་མེད་ཡ་ཡ་ཞབས་ལྷམ་ཡ། །ཞབས་ལྷམ་བོ་ཀྲོ་(?)སྣེ་ལྔ་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    ཞབས་ཁྲ་མེད་ཡ་ཡ་ཞབས་ཁྲ་ཡ། །ཞབས་ཁྲ་ཕར་རི་ཚུར་རི་ཡ། །རྩེ་མོ་མེད་ཡ་རྩེ་མོ་ཡ། །རྩེ་མོ་ལ་བྱང་སྲས་ལ་རུང་སེ་རུང་།
  • འཆི་མེད་དབང་མོ། Chimi Wangmo
    ལགས་སོ་ལགས།
  • ལགས་སོ་ལགས།