Skip to main content Skip to search
01 Sep 2018
3 min 59 sec
Video Overview
Creators: 
Yeshi Wangchuk

The song called "Dzongchen Laso Tashichhodzong" (Tashichhodzong, the huge Fortress) is performed during the celebration of the Chodpa offering ritual. The song and the steps of this song are said to be learned from Karma Rinchen seven years ago to perform during the consecration of a temple. People still perform this song dance on occasions such as the Chodpa offering, as it is composed of auspicious lyrics and beautiful steps. The song actually describes the dynamic fortress of Thimphu called Tashichhodzong.  

 

རྫོང་ཆེན་ལ་སོ་བཀྲ་ཤིས་ཆོས་རྫོང་ཟེར་བའི་གླུ་གཞས་འདི་ཡང་ མཆོདཔའི་ཆོ་ག་གི་སྐབས་ལུ་འཁྲབ་ནི་འདུག གླུ་གཞས་དང་ ལེའུ་ཚུ་ཡང་ ལོ་བདུན་གི་ཧེ་མར་ ཨ་རྒས་ཀརྨ་རིན་ཆེན་ལས་ ལྷ་ཁང་གི་རབ་གནས་སྐབས་ལུ་འཁྲབ་ནིའི་དོན་ལུ་ལྷབ་སྟེ་ཡོདཔ་ཨིན་མས། ད་ལྟོའི་བར་ན་ཡང་ གླུ་གཞས་འདི་འཁྲབ་ནི་ཡོདཔ་དང་ གླུ་གཞས་ཀྱི་ཚིག་དང་ ལེའུ་ཚུ་ རྩ་ཆེ་ཏོག་ཏོ་ཡོདཔ་ལས་ རྩ་ཅན་གྱི་དུས་སྟོན་ མཆོད་པའི་ཆོ་ག་ལ་སོགས་པའི་ཚུ་ནང་ འཁྲབ་དོ་ཡོདཔ་ཨིན། གླུ་གཞས་འདི་གི་ བཀྲ་ཤིས་ཆོས་རྫོང་གིས་སྐོར་ལས་བཤད་པ་རྐྱབ་ཨིན། 

 

Transcript search
No results found for this search
0 of 0
 • བུ་ལི་གི་གཡུས་མི་ Villagers of Buli
  རྫོང་ཆེན་ལགས་སོ་བཀྲིས་ལ་ཆོས་རྗོང་། །རྫོང་ཆེན་ལགས་སོ་བཀྲིས་ལ་ཆོས་རྗོང་། །འབྲུག་གི་རྒྱལ་ས་ལ་ལྟེ་བ་ལ། །
 • བུ་ལི་གི་གཡུས་མི་ Villagers of Buli
  རང་དབང་ཐོབ་པའི་རྒྱལ་ཁབ་ལ། །བཀྲ་ལ་ཤིས་པར་ལའི་ཤོག་ཅི་ལ། །རང་དབང་ཐོབ་པའི་རྒྱལ་ཁབ་ལ། །གཡང་ལ་ཆགས་པར་ལའི་ཤོག་ཅི། །
 • བུ་ལི་གི་གཡུས་མི་ Villagers of Buli
  གཡས་སུ་ལགས་སོ་གཡས་ལ་ལ་བཞུགས་པའི། །གཡས་སུ་ལགས་སོ་གཡས་ལ་ལ་བཞུགས་པའི། །བླ་མ་བརྒྱ་ཡི་ལ་སྤྲུལ་སྐུ་ལ། །
 • བུ་ལི་གི་གཡུས་མི་ Villagers of Buli
  ཐུགས་རིག་ཞི་པའི་ངང་ནས་ལ། །ཆོས་ཀྱི་བསྟན་པ་ལའི་དར་སོང་ལ། །ཐུགས་རིག་ཞི་པའི་ངང་ནས་ལ། །ཆོས་ཀྱི་བསྟན་པ་ལའི་དར་སོང་། །ཐུགས་རིག་ཞི་པའི་ངང་ནས་ལ། །ཆོས་ཀྱི་བསྟན་པ་ལའི་དར་སོང་། །
 • བུ་ལི་གི་གཡུས་མི་ Villagers of Buli
  གཡོན་སུ་ལགས་སོ་གཡོན་ལ་ལ་བཞུགས་པའི། །གཡོན་སུ་ལགས་སོ་གཡོན་ལ་ལ་བཞུགས་པའི། །དྲག་པོའི་གཙོ་འཛིན་ལ་དཔོན་སློབ་ལ། །
 • བུ་ལི་གི་གཡུས་མི་ Villagers of Buli
  ཐུགས་རིག་ཁྲོ་བའི་ངང་ནས་ལ། །ཕྱི་ཡི་དགྲ་རྣམས་ལའི་བཀག་སོང་ལ། །ཐུགས་རིག་ཁྲོ་བའི་ངང་ནས་ལ། །ཕྱི་གི་དགྲ་རྣམས་ལའི་བཀག་སོང་། །
 • བུ་ལི་གི་གཡུས་མི་ Villagers of Buli
  སྦུག་སུ་ལགས་སོ་སྦུག་ལ་ལ་བཞུགས་པའི། །སྦུག་སུ་ལགས་སོ་སྦུག་ལ་ལ་བཞུགས་པའི། །ཆོས་སྲིད་གཉིས་ཀྱི་ལ་མངའ་བདག་ལ། །
 • བུ་ལི་གི་གཡུས་མི་ Villagers of Buli
  ཐུགས་རིག་ཞི་བའི་ངང་ནས་ལ། །མི་སེར་ཡར་རྒྱས་ལའི་གནང་ཤོག་ལ། །ཐུགས་རིག་ཞི་བའི་ངང་ནས་ལ། །མི་སེར་ཡར་རྒྱས་ལའི་གནང་ཤོག །
 • བུ་ལི་གི་གཡུས་མི་ Villagers of Buli
  ཉི་མ་ལགས་སོ་ཉི་མ་ལ་ཟླ་བ། །ཉི་མ་ལགས་སོ་ཉི་མ་ལ་ཟླ་བ། །རང་གི་གོང་མའི་ལ་བཀའ་དྲིན་ལ།
 • བུ་ལི་གི་གཡུས་མི་ Villagers of Buli
  འདི་ལས་ལྷག་པའི་མི་ལ་ལ། །སྐྱིད་པའི་ངང་ནས་ལའི་ཕྱིན་སོང་ལ། །འདི་ལས་ལྷག་པའི་མི་ལ་ལ། །སྐྱིད་པའི་ངང་ནས་ལའི་ཕྱིན་སོང་། །
 • (དཀོན་གཉེར་གྱིས་ དགའ་ཐལ་བརྡུང་བ་)
 • འ་ནི་འབད་བཏང་དགོ་་་