Video Overview
A wish fulfilling gem is surrounded by external walls, a golden table stands over the wish fulfilling gem and a vessel sits on the golden table. The vessel is filled with mandala and holy water. The song calls for prosperity to fill the space inside the walls that surround the wish fulfilling gem (which could refer to a dzong, temple, or shrine, etc.). The lyrics of the song seem to not be complete.
༉ ཆུ་ཁ་རྫོང་ཁག་ སྐྱེས་ཏོག་ཁ་ལས་རྡོ་རྗེ་བུ་དར་གྱིས་ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མི་ ཕྱི་ལས་ལྕགས་རི་སྒོར་སྒོར་ཟེར་མིན་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ནང་ ནོརབུ་དགོས་འདོད་སྤུངས་འཇོམས་འདི་ ཕྱི་ལས་ལྕགས་རིས་བསྐོར་ཏེ་ ནོརབུ་དགོས་འདོད་སྤུངས་འཇོམས་གུ་ལུ་ གསེར་གྱི་ཁྲི་སྟེགས་ཅིག་བཞག་ དེ་ལས་ཁྲི་སྟེགས་འདི་གུ་ལས་ གཡང་ཁྲོ་དཀར་ཡོལ་བཞག་ གཡང་ཁྲོ་དཀར་ཡོལ་ནང་ལུ་ བདུད་རྩི་སྨན་སྒྲུབ་བཀང་ཡོད་ ཟེར་ཨིན་མས། གླུ་གཞས་འདི་ནང་ མདོར་བསྡུ་བ་ཅིན་ ཚེ་བཀུག་གཡང་བཀུག་གི་སྐབས་ལུ་ ཚེ་ཆང་གཡང་ཆང་བཀང་མི་གི་བཤད་པ་བཟུམ་ཅིག་འདུག
- Ketogkha
- རྡོ་རྗེ་བུདྡྷ་ Dorji Bidhaཕྱི་ལས་ལྕགས་རི་སྒོར་སྒོར། །ནང་ལས་ལྕང་མ་ཅིག་བཙུགས་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །
- རྡོ་རྗེ་བུདྡྷ་ Dorji Bidhaལྕགས་རི་ལྕང་མའི་ནང་ལུ། །ཡེ་ཤེས་ནོར་བུ་ཅིག་བཞུགས་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །Inside the iron fenced mountain, there are willow trees grown. And inside it there is a jewel.
- རྡོ་རྗེ་བི་ད Dorji Bidhaཡེ་ཤེས་ནོར་བུའི་གུ་ལུ། །གསེར་གྱི་ཅོག་ཙེ་ཅིག་བཀལ་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །On top of the jewels, there is a golden table.
- རྡོ་རྗེ་བུདྡྷ་ Dorji Bidhaགསེར་གྱི་ཅོག་རྩེ་གུ་ལུ་ གཡང་ཁྲོ་དཀར་ཡོལ་ཅིག་བཀལ་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །
- རྡོ་རྗེ་བུདྡྷ་ Dorji Bidhaགཡང་ཁྲོ་དཀར་ཡོལ་ནང་ལ། །བདུད་རྩི་མནྜལ་ཅིག་ཕུལ་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །འོ་ལགས་སོ་ལགས།། །།On the golden table there is a white bowl with the sacred offerings of Mendrel.