Skip to main content Skip to search
30 Aug 2018
3 min 54 sec
Video Overview
Creators: 
Sonam Tobgye, Sangay Tshomo

Kanjur from Tsenkhar Gewog sings a Boedra song called "Bumo Buchung Nyipo". It is less commonly known in Bhutan and he does not know the history of the song. It used to be sung by older people during festivals and rituals in his village.

 

གློག་བརྙན་འདི་ནང་ ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་ལས་བཀའ་འགྱུར་གྱིས་ བོད་སྒྲའི་གླུ་གཞས་ བུ་མོ་བུ་ཆུང་གཉིས་པོ་ཟེར་མི་ཅིག་འཐེནམ་ཨིནམ་ད་ འབྲུག་རྒྱལ་ཁབ་ནང་ གླུ་གཞས་འདི་ཡོངས་གྲགས་མེདཔ་བཟུམ་ཅིག་འདུག རྩོམ་པ་པོ་ག་ཨིན་ན་མ་ཤེས་མི་གླུ་གཞས་འདི་ བོད་སྒྲའི་གྱལ་ཁར་ཚུད་དོ་བཟུམ་ཅིག་ཡོདཔ་ད་ ཁོ་གིས་ གླུ་གཞས་འདིའི་འབྱུང་ཁུངས་དང་བྱུང་རབས་ཚུ་མ་ཤེས་རུང་ གླུ་གཞས་འདི་ གཡུས་ཁའི་ཚེས་བཅུ་དང་ ལོ་མཆོད་བཏང་བའི་སྐབས་ མི་རྒས་ཤོས་ཚུ་གིས་འཐེན་དོ་ཡོདཔ་ཨིན་མས། ཨིན་རུང་ གླུ་གཞས་འདི་གི་ཚིག་ཚུ་དག་ཏོག་ཏོ་ཅིག་མེདཔས་ལས་ བཅུད་དོན་ཡང་ག་ཅི་ཨིན་ན་ཧ་མི་གོ་བས།

Transcript search
No results found for this search
0 of 0
  • བཀའན་འགྱུར། Kanjur
    སྭོ་བུ་མོ་བུ་ཆུང་གཉིས་པོ། །ནོར་བུའི་གླིང་ལ་ཁྱེར། །སོ་ཆོས་ཁང་ཁྲ་མོ་ལོ། །
    The daughter and son, Took to the continents of jewells.
  • བཀའན་འགྱུར། Kanjur
    གཡུས་ཀྱི་གཡུས་སུ་འགྲོ་སོང་། །ཆོས་ཁང་ཁྲ་མོ་ལོ། ། རྟ་ཕོ་ལ་རྟ་འདི་ཏེ་ཆེན་པའི་ལ་སོ། །ཆོས་ཁང་ཁྲ་མོ་ལོ། །
    Traveled to the villages, There was huge stallion.
  • བཀའན་འགྱུར། Kanjur
    རྟ་ཕོ་ལ་རྟ་འདི་ནང་ལ་དགའ་བའི་སོ། །རྒྱལ་བའི་རིགས་ལྔ་འདྲ་སོང་། ། རྟ་ཕོ་ལ་རྟ་འདི་ཚོགས་བྱ་འདི་ལ་སོ། །ཆོས་ཁང་ཁྲ་མོ་ལོ། །
    Happy to be on stallion; is similar to five buddhas. There summons many stallions.
  • བཀའན་འགྱུར། Kanjur
    རྟ་ཕོ་ལ་རྟ་འདི་ལེགས་དམར་དམར་སོ། །ཆོས་ཁང་ཁྲ་མོ་ལོ། །ཞབས་བྲོ་འ་ནི་འབད་བཏང་དགོ ། རྟ་ཕོ་ལ་རྟ་འདི་གེ་་་་་་་རྟ་ཕོ་ལ་རྟ་འདི་ཏུམ་པང་ལ་སོ། །ཆོས་ཁང་ཁྲ་མོ་ལོ། །
    The stallion is red and beautiful; [singer speaks in middle should sing like this] The stallion is...[speaker makes error] the stallion is steps are...
  • བཀའན་འགྱུར། Kanjur
    རྟ་ཕོ་ལ་རྟ་འདི་ནད་གཞི་འདྲ་ལ་སོ། །ཆོས་ཁང་ཁྲ་མོ་ལོ། ། རྟ་ཕོ་ལ་རྒས་པ་་་་་་རྟ་ཕོ་ལ་རྟ་འདི་རི་མུག་པོ་སོ། །ཆོས་ཁང་ཁྲ་མོ་ལོ། །
    The stallion is like diesease, The old stallion [singer makes error] the image of stallion is pretty temple.
  • བཀའན་འགྱུར། Kanjur
    རྟ་ཕོ་ལ་རྟ་འདི་སྐད་པ་ཤོག་ལ་སོ། །ཆོས་ཁང་ཁྲ་མོ་ལོ། ། རྟ་ཕོ་ལ་རྟ་འདི་གཟིམ་ཅུང་ལ་སོ། །ཆོས་ཁང་ཁྲ་མོ་ལོ། །
    Come on the back of stallion, The home of stallion is pretty temple.
  • བཀའན་འགྱུར། Kanjur
    རྟ་ཕོ་ལ་རྟ་འདི་སྒོ་བརྡུང་ལ་སོ། །ཆོས་ཁང་ཁྲ་མོ་ལོ། ། རྟ་ཕོ་ལ་རྟ་འདི་སྒ་ཞི་མོ་སོ། །ཕྱི་མོ་སྐར་མོ་ལ་སོ། །
    The door of stallion is pretty temple, The stallions saddle is like white powder.
  • བཀའན་འགྱུར། Kanjur
    མདའ་མོ་ལ་ལ་མོ་བརྒལ་སོང་ལ་སོ། །མདའ་མོ་རེ་རེ་བཟའ་སོང་། ། ལེགས་སོ། །
    The arrow had crossed ridges, Eats a arrow. Thank you.