Skip to main content Skip to search
01 Sep 2018
1 min 49 sec
Video Overview
Creators: 
Monika Subba, Kencho Wangmo

དགེ་ལེགས་ཕུག་ དཔལ་རི་ཐང་ལས་ཨིན་མི་རྩ་རྒས་འདི་ དབང་འདུས་མ་རྟ་ལོང་ཆུ་ལས་ཨིན་རུང་ ད་ལྟོ་གཞི་གསར་སྤོ་སྟེ་ དཔལ་རི་ཐང་ལུ་སྡོད་དོ་ཡོདཔ་ཨིན་མས། ཁོ་གིས་རྩང་མོ་ཅིག་འཐེན་ཏེ་ཡོདཔ་ད་ རྩང་མོ་ལུ་ཡང་ གཉེན་གླུ་དང་དགྲ་གླུ་ དེ་ལས་དགའ་གླུ་ལ་སོགས་པ་ཡོད་པའི་གྲས་ལས་ ད་ལྟོ་ཁོ་གིས་འཐེན་མི་ནང་ དགྲ་གླུ་དང་གཉེན་གླུ་སླ་བསྲེས་ཏེ་འཐེནམ་ཨིན་པས། དེ་ཡང་ ཁྱོད་ནི་རྒྱ་མཚོ་ཕར་ཁ། །ང་ནི་རྒྱ་མཚོ་ཚུར་ཁ། །ལས་དང་སྨོན་ལམ་ཡོད་ན། །རྒྱ་མཚོ་སྦུག་ལུ་འཛོམས་ཤོག །ཟེར་འཐེན་ཏེ་འདུག

Tsagay from Matalongchu in Wangdi Phodrang narrates a tsangmo (ballad with a tune). The lyrics say: "You are on one side of the ocean and I am on the other side. If we have faith then we will meet in the middle of the ocean." Tsangmo is mostly popular in the eastern part of the country, but is diminishing because very few young people are learning tsangmo.

Transcript search
No results found for this search
0 of 0
  • རྩ་རྒས་ Tsagay
    ཡ་ ང་རའི་མིང་འདི་ རྩ་རྒས་ཟེར་ཨིན། ང་ར་ དམར་ཏ་ལུང་ཅུ་ལས་ཨིན་དབང་འདུས་ལས། དབང་འདུསའི་གུ་ལས་ ཏེ་ ནཱ་རྩང་མོ་ཅིག་ བཙུགས་ནི་འབད་ཨིན།
    My name is Tsagay. I am from Matalongchu, Wangdue. It's above Wangdue. Today i am going to put some Tsangmo (local name).
  • རྩ་རྒས་ Tsagay
    ཕ་རི་སྤང་གི་ལ་སྦུག་ལུ།
    In the middle ground of the opposite forest.
  • རྩ་རྒས་ Tsagay
    ཤ་ཅིག་ཉོ་དགོ་ལ་བསམ་པ།
    Went there to buy some meat.
  • རྩ་རྒས་ Tsagay
    ཤ་ལ་ཚི་ལུ་མེད་པ།
    The meat there was not fleshy.
  • རྩ་རྒས་ Tsagay
    གོང་ལ་ལ་ལྷམ་པ་མཐོ་སོང་ལོ།
    But the price was very high.
  • རྩ་རྒས་ Tsagay
    ཁྱོད་ནི་རྒྱ་མཚོ་ལ་ཕར་ཁར།
    You are on the other side of the ocean.
  • རྩ་རྒས་ Tsagay
    ང་ནི་རྒྱ་མཚོ་ལ་ཚུར་ཁར།
    I am on the other side.
  • རྩ་རྒས་ Tsagay
    ལས་དང་སྨོན་ལམ་ཡོད་ན་རྒྱ་མཚོ་ལ་སྦུག་ལ་འཛོམས་ཤོག
    If we have faith we will meet in the middle of the ocean.
  • རྩ་རྒས་
    འ་ནེམ་ཅིག་ཨིན་ལགས།
  • རྩ་རྒས་
    ཕ་རི་སྤང་གི་ལ་སྦུག་ལུ། གུར་གཅིག་སྤུབ་དགོ་ལ་མནོ་བ།
  • རྩ་རྒས་
    གུར་ཤིང་གདང་མ་ལྡིང་ཅུང། སྤུབ་སྤུབ་རང་འདྲཝ་རང་མིན་འདུག་ལོ།(??)