Skip to main content Skip to search
05 Jan 2016
3 min 31 sec
Video Overview
Creators: 
Tibetan & Himalayan Library

This is a video of Namkha from Gagya Village in Chentsa singing a song called "The Snow Lion Atop Mount Kailash." This song is part of a collection of folk songs from the Rebgong cultural area.

གླུ་འདིའི་ནང་དོན་གཙོ་བོ་ནི་གངས་ཀྱི་སེང་གེ་དང་ནགས་ཀྱི་རྒྱ་སྟག་གཉིས་མཆོང་ལམ་གཅིག་ཡིན་པ་དེ་དགྲ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟེན་འབྲེལ་ཡིན་པ་དང་། དགུང་གི་འབྲུག་ཆུང་དང་ཁྱུང་ཆེན་གཉིས་འཕུར་ལམ་གཅིག་ཡིན་པ་འདི་དབྱར་ཆར་ཆུ་འཛོམས་པའི་རྟེན་འབྲེལ་ཡིན་པ་བརྗོད་ཡོད།

འདི་ནི་རོང་འབྲོག་མང་ཚོགས་རྣམས་ཀྱིས་དབྱར་དུས་སུ་ཆར་ཆུ་འཛོམས་པར་བསྟོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ཡེ་་་ཨ་ལུང་ལ་མོ་་་ཡང་ལེན་དགོ ཡེ་གླུ་བ་ཡང་གིས་ལེན། །
  • གངས་ཏེ་སེ་སྒང་གི་སེང་གེ་དང་། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
  • ནགས་ཙན་དན་ཁུག་གི་རྒྱ་སྟག་གཉིས། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
  • འདི་གཉིས་ཀྱི་མཆོང་ལམ་གཅིག་ནོ་འདི། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
  • དགྲ་ཟིལ་གྱིས་གནོན་པའི་རྟེན་འབྲེལ་རེད། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
  • དགུང་ཨ་སྔོན་དཀྱིལ་གྱི་འབྲུག་ཆུང་དང་། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
  • སྟོད་བར་སྣང་ཁམས་ཀྱི་ཁྱུང་ཆེན་གཉིས། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
  • འདི་གཉིས་ཀྱི་འཕུར་ལམ་གཅིག་ནོ་འདི། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
  • དབྱར་ཆར་ཆུ་འཛོམས་པའི་རྟེན་འབྲེལ་རེད། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽